ཡོ་རོབ་གྲོས་ཚོགས་ཀྱིས་དབྱིན་ཡུལ་ལ་Brexit ལས་གཞི་ལག་བསྟར་གནང་བར་ཟླ་བ་དྲུག་རིང་གི་དུས་འགྱངས་གནང་བ།

༄།ཡོ་རོབ་གྲོས་ཚོགས་ཀྱིས་དབྱིན་ཡུལ་ལ་Brexit ལས་གཞི་ལག་བསྟར་གནང་བར་ཟླ་བ་དྲུག་རིང་གི་དུས་འགྱངས་གནང་འདུག་དེ་སྔོན་རེས་གཟའ་མིག་མར་ཉིན་དབྱིན་ཡུལ་སྲིད་བློན་ཐེ་རི་སཱ་མེཧ་དང་ཇར་མ་ནི་ཡི་སྲིད་འཛིན་ཨན་ཇེ་ལཱ་མར་ཀལ་རྣམ་གཉིས་ཀྱིས་དབྱིན་ཡུལ་ཡོ་རོབ་གྲོས་ཚོགས་ལས་ཕྱིར་འདོན་གྱི་གྲོས་གཞི་ཕྱིར་བཤོལ་གྱི་གནད་དོན་ཐད་ཐུག་འཕྲད་གླེང་མོལ་གནང་ཡོད་འདུག་ལྕམ་མེཧ་མཆོག་དེ་རིང་ཕྱི་དྲོ་པེ་རིས་གྲོང་སྡེར་ཕཱ་རན་སིའི་སྲིད་འཛིན་ཨེ་མེ་ནོལ་མེཀ་རོན་མཆོག་ལ་དབྱིན་ཡུལ་ཡོ་རོབ་གྲོས་ཚོགས་ལས་ཕྱོར་འདོན་གྱི་ལས་གཞི་Brexit ཟླ་བ་བདུན་པའི་ཚེས་༣༠བར་བསྐྱར་དུ་དུས་འགྱངས་གནང་བའི་རེ་སྐུལ་ལ་རྒྱན་རྟེན་ཐོབ་པར་འབོད་སྐུལ་ཐུག་འཕྲད་ལས་འཆར་འགོད་ཡོད་འདུག་ཡོ་རོབ་གྲོས་ཚོགས་ཀྱི་འགོ་ཁྲིད་རྣམས་སང་ཉིན་བོ་རོ་སིལ་དུ་ལྕམ་མེཧ་ཡི་Brexit ལས་གཞི་ཡི་དུས་ཡུན་མཐའ་མ་ཟླ་བ་བཞི་པའི་ཚེས་༡༢ནས་དུས་འགྱངས་གནང་བའི་རེ་སྐུལ་ལ་གྲོས་གླེང་གནང་ཕྱིར་ལྷན་འཛོམའ་གནང་རྒྱུ་ཡིན་འདུག་གོ།