རྒྱ་གར་གྱི་ཨའི་པི་ཨེལ་དབྱུག་རྩེད་འགྲན་བསྡུར་དུ་མུམ་བེ་རུ་ཁག་གིས་པན་ཇབ་རུ་ཁག་ལ་ཝི་ཀེཊ་༣ཡིས་ཕམ་ཉེས་གཏོང་བ།

༄།ཁས་ས་ཕྱི་དྲོ་མུམ་བེ་ཡི་ཝཀ་ཀཱ་རེ་རྩེད་ཁང་དུ་རྒྱ་གར་གྱི་ཨའི་པི་ཨེལ་དབྱུག་རྩེད་འགྲན་བསྡུར་དུ་མུམ་བེ་རུ་ཁག་གིས་པན་ཇབ་རུ་ཁག་ལ་ཝི་ཀེཊ་༣ཡིས་ཕམ་ཉེས་གཏོང་ཡོད་འདུག  དེའང་པན་ཇབ་དབྱུག་རྩེད་རུ་ཁག་གིས་བཟོས་པའི་ཁྱོན་རན་༡༩༨ དེ་མུམ་བེ་རུ་ཁག་གི་རུ་དཔོན་ཀེ་རེན་པོ་ལཌ་ཡི་བོལ་༣༡ ནང་རན་༨༣ རྐྱེན་པས་རྩེད་འགྲན་ལེགས་པར་ཐོབ་བོ།