རྒྱ་གར་གྱིས་བལ་ཡུལ་དུ་སྐྱེ་སྲིང་སྨན་ཁང་གསར་འཛུགས་བཞེངས་གནངབ།

༄།རྒྱ་གར་གྱིས་བལ་ཡུལ་དུ་ཉལ་ས་༢༥ཅན་གྱི་སྐྱེ་སྲིང་སྨན་ཁང་གསར་འཛུགས་བཞེངས་གནང་འདུག་སྐྱེ་སྲིང་སྨན་ཁང་དེ་རྒྱ་གར་གཞུང་གིས་འཕེལ་རྒྱས་ཆུང་ངུས་ལས་འཆར་འོག་གསར་བཟོ་གནང་འདུག་ ཉེ་ཆར་བལ་ཡུལ་གྱི་བྷ་རཱ་དང་པར་སཱ་རྫོང་གཉིས་སུཆར་རླུང་དྲག་པོ་རྒྱག་རྐྱེན་གྱིས་མི་༢༧ཤི་བ་དང་གཞན་མི་༦༠༠ལྷག་ལ་རྨས་སྐྱོན་བྱུང་ཡོད་འདུག་རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་གི་གསར་འགོད་པས་ཤེས་རྟོག་བྱུང་བར་བལ་ཡུལ་གྱི་སྲིད་བློན་ཀེ་པི་ཨོ་ལི་མཆོག་གནོད་སྐྱོན་བྱུང་བའི་ས་ཕྱོགས་སུ་ཉེན་སྐྱོབ་དང་ངལ་སེལ་ལས་འགུལ་དང་ས་གནས་མི་ཡི་གནས་སྟངས་ཉམས་ཞིབ་གནང་བར་ཕེབས་རྒྱུ་ཡིན་འདཡག་ཆར་རླུང་དྲག་པོས་གསོད་པའི་ཁྱོན་མི་༢༧ནང་མི་གཉིས་རྒྱ་གར་བ་ཡིན་པ་རྒྱ་གར་གྱི་བལ་ཡུལ་སྐུ་ཚབ་དོཇ་གཅོད་ཀྱིས་འགྲེལ་བརྗོད་གནང་སྟེ་འབྲེལ་ཡོད་ནང་མི་དང་འབྲེལ་ལམ་བྱེད་བཞིན་ཡོད་འདུག་གོ།