སྲིད་བློན་མོདི་མཆོག་གིས་བི་ཇེ་པི་ཆབ་སྲིད་ཚོགས་པས་ཡར་རྒྱས་དང་དེང་དུས་ཀྱི་ཨར་ལས་འཛུགས་བསྐྲུན་ཁག་གི་ཐོག་དོ་སྣང་བྱེད་ཡོད་སྐོར་གསུངས་བ།

སྲིད་བློན་ནཱརེནཌྲཱ་མོདི་མཆོག་གིས་བི་ཇེ་པི་ཆབ་སྲིད་ཚོགས་པས་ཡར་རྒྱས་དང་དེང་དུས་ཀྱི་ཨར་ལས་འཛུགས་བསྐྲུན་ཁག་གི་ཐོག་དོ་སྣང་བྱེད་ཡོད་སྐོར་གསུངས་གནང་ཡོད་པ་རེེད་འདུག།

དེའང་དེ་སྔོན་སྲིད་བློན་ན་རེན་དར་མོ་དྷི་མཆོག་གིས་རེས་གཟའ་ཉི་མའི་ཉིན་གྷོ་རཁ་པུར་གྲོང་ཁྱེར་དུ་སྲིད་བློན་གྱི་མཚན་ཐོག་ཞིང་པར་ཕན་སྒྲུབ་བ་ལས་འགུལ་མཚན་རྟགས་PM-KISAN དབུ་འཛུགས་གནང་ཡོད་འདུག་ དབུས་གཞུང་གིས་ཞིང་པར་ཕན་སྒྲུབ་ལས་འགུལ་དེ་བརྒྱུད་ཁེ་ཕན་བྱ་ཡུལ་ཞིང་པ་ཁག་གི་དངུལ་ཁང་རྩིས་ཁྲར་ཐད་ཀར་དངུལ་སྤྲོད་རིན་འབབ་དད་པོ་ཧིན་སྒོར་ཉིས་སྟོང་རེ་བླུགས་རྒྱུ་ཡིན་འདུག་

སྲིད་བློན་མོ་དྷི་མཆོག་གིས་ཞིང་པ་རྣམས་ལ་སྲིད་བློན་མཚན་ཐོག་ཞིང་པར་ཕན་སྒྲུབ་ལས་འགུལ་ལ་འཚམས་འདྲི་ཞུས་འདུག་ ཁོ་བོས་ཞིང་པའི་ནང་མི་རྣམས་ལ་དཀར་ཆུ་བཟོ་ཁང་དང་ཉ་འཛིན་གསོ་ཁང་ལ་འཇུག་མཁན་རྣམས་ཞིང་པའི་བུན་གསབ་ལག་འཁྱེར་ལ་འཛུལ་ཞུགས་ཐུབ་པར་དགའ་བསུ་ཞུས་འདུག།