ཇཱམུ་ཀཱཤྨིར་མངའ་སྡེའི་ནང་གི་ཤོཔེན་ས་ཁུལ་དུ་འཐབ་རྒོལ་གྱི་ནང་དུ་འཇིག་སྐུལ་པ་གཉིས་གསོད་པ།

ཁས་ས་རེས་གཟའ་སྤེན་པའི་སྔ་དྲོར་ཇཱམུ་ཀཱཤྨིར་མངའ་སྡེའི་ནང་གི་ཤོཔེན་ས་ཁུལ་གྱི་གཱཧཱནྜ་ས་གནས་སུ་འཐབ་རྒོལ་གྱི་ནང་དུ་འཇིག་སྐུལ་པ་གཉིས་གསོད་ཡོད་པ་རེད་འདུག།

དེའང་སྲུང་སྐྱོབ་གནས་ཚུལ་ལྟར་ན་འཇིག་སྐུལ་པ་འཐབ་རྒོལ་གྱི་ལས་གཞི་ནང་དུ་འཇིག་སྐུལ་པ་༢ གསོད་ཡོད་པ་རེད་འདུག།   ད་དུང་འཐབ་རྒོལ་དེ་ནས་གོ་མཚོན་ཡང་འཛིན་བཟུང་བྱེད་ཐུབ་ཡོད་འདུག།