ཁེ་ན་ཌའི་གྲོས་ཚོགས་ནང་༸གོང་ས་མཆོག་གི་སྐུའི་འཕྲོད་བཞེས་སྐོར་གླེང་སློང་གནང་བ།

ཁེ་ན་ཌའི་གྲོས་ཚོགས་འཐུས་མི་བུ་འཁྲིད་ལ་དཀར་པོ་ཆེ་ལགས་ཀྱིས་རྒྱལ་ཡོངས་གྲོས་ཚོགས་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཕྲོད་བཞེས་སྐོར་གླེང་སློང་གནང་ཡོད་འདུག

དེ་ཡང་ཁོང་གི་སྤྱི་ཚོགས་དྲ་ལམ་ངོ་དེབ་བརྒྱུད་བརྙན་པར་ཞིག་འགྲེམས་སྤེལ་གནང་བའི་ནང་ང་ཚོས་གནས་ཚུལ་ཤེས་རྟོག་བྱུང་བར་ལྟར་ན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་ཕྲན་བུའི་བདེ་མིན་གྱིས་སྨན་ཁང་ནང་བཞུགས་དགོས་བྱུང་འདུགཁོང་གི་སྐུའི་བླ་སྨན་པས་༧གོང་ས་མཆོག་སྐུ་བྲང་ལ་གཉན་ཁ་ལྟ་བུ་ཡིན་ལུགས་གསུངས་འདུག་ཀྱང་ད་ཆ་ཁོང་དགུང་ན་མཐོ་པོ་ཡིན་སྟབས་ང་ཚོ་ཚང་མར་བློ་ཕམ་ཆེན་པོ་བྱུང་ལ་འདི་ག་ཁེ་ན་ཌའི་ཀྲོ་རོན་ཀྲོའི་བོད་མི་ཚོས་གང་མགྱོགས་དྭགས་བསྐྱེད་ཡོང་བའི་སྨོན་ལམ་ཞབས་རིོམ་གསོག་སྒྲུབ་ཞུས་ཡོད་རེད།ཡང་གཏམ་བཟང་ཞིག་ལ་དེ་རིང་སྔ་ཐོག་༧གོང་ས་མཆོག་གང་འཚམས་དྭངས་སྐྱེད་བྱུང་ཏེ་སང་ཉིན་སྨན་ཁང་ནས་ཕེབས་ཐོན་གནང་རྒྱུ་ཡིན་པ་གོ་ཐོས་བྱུང་ཞེས་གསུངས་འདུགཡང་ཁོང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་ཚོའི་ཆོས་ཕྱོགས་ཀྱི་དབུ་འཁྲིད་ཙམ་མ་ཡིན་པར་རྒྱལ་སྤྱིའི་ཁྱོན་ཡོངས་ལ་སྐུ་ཚེ་ཧྲིལ་པོ་ད་བར་སྐུ་ངལ་འཛེམས་མེད་ཀྱི་འཚེ་མེད་ཞི་བ་དང་།བྱམས་བརྩེ།ཚན་རིག་པ་ཚོ་དང་བགྲོ་གླེང་གི་ལམ་ནས་བཟང་སྤྱོད་གཏོང་ཐབས་ཀྱི་ལས་གཞི་།མི་མཐུན་པའི་རིགས་གྲོས་མོལ་གྱི་ལམ་ནས་སེལ་དགོས་པའི་སྐུལ་མ་གནང་མཁན་གྱི་སྐྱེས་བུ་དམ་པ་ཚང་མས་གུས་བཀུར་ཞུ་ཡུལ་ཞིག་རེད།ད་རེས་ང་ཚོ་ཁེ་ན་ཌ་མི་མང་ཚང་མའི་ཚབ་ཞུས་ཏེ་༧གོང་ས་མཆོག་སྐུ་ཁམས་གང་མགྱོགས་དྭངས་སྐྱེད་ཡོང་བ་དང་སྐུའི་འཕྲོད་བཞེས་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་ཡི་ཡིན་ཞེས་གསུངས་ཡོད་པར་།གྲོས་ཚོགས་འཐུས་མི་རྣམས་ནས་ཀྱང་མོས་མཐུན་གྱི་རྣམ་པ་བསྟེན་འདུགབྱང་ཨ་རིའི་ནང་བོད་རིགས་གྲོས་ཚོགས་ཀྱི་འཐུས་མི་ཐོག་མ་གནང་མཁན་བོད་པའི་བུད་མེད་བུ་འཁྲིད་ལ་དཀར་པོ་ཆེ་མཆོག་གིས་གཟའ་ཕུར་བུའི་ཉིན་ཁེ་ན་ཌའི་གྲོས་ཚོགས་ནང་ཚོགས་གཙོར་བཀའ་འཁྲོལ་དང་འབྲེལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཕྲོད་བཞེས་སྐོར་སྙན་སེང་ཞུས་པ་དང་ཆབས་ཅིག་མ་འོངས་པར་༧གོང་ས་མཆོག་སླར་ཡང་ཁེ་ན་ཌའི་ནང་༧ཞབས་སོར་འཁོད་ཐུབ་པའི་རེ་བ་ཞུ་ཡི་ཡོད་ཅེས་ཀྱང་གསུངས་ཡོད་པ་རེད།།