པ་ཀིས་ཐན་གྱིས་མཐུན་འབྲེལ་གྱི་བརྡ་སྟོན་ཐོག་རྒྱ་གར་གྱི་ཉ་པ་གཞན༡༠༠གློད་གྲོལ་གཏོང་བ།

༄།པ་ཀིས་ཐན་གྱིས་མཐུན་འབྲེལ་གྱི་བརྡ་སྟོན་ཐོག་རྒྱ་གར་གྱི་ཉ་པ་གཞན༡༠༠གློད་གྲོལ་གཏོང་འདུག་པ་ཀིས་ཐན་གྱི་རྒྱ་གར་གྱི་ཉ་པ་༣༦༠འཛིན་བཟུང་ཡོད་པ་རྣམས་རིམ་པ་བཞི་བརྒྱུད་གྲོད་གྲོལ་གཏོང་བའི་ཁས་ལེན་བལྟར་རེས་གཟའ་སྤེན་པའི་ཉིན་རིམ་པ་གཉིས་པའི་བརྒྱུད་ཉ་པ་༡༠༠གླེད་གྲོལ་གཏོང་འདུག་རིམ་པ་དང་པོའི་བརྒྱུད་རྒྱ་གར་གྱི་ཉ་པ་༡༠༠ཟླ་བ་སྔོན་མའི་ཚེས་༧ཉིན་གློད་གྲོལ་གཏོང་ཡོད་པ་ཀིས་ཐན་གྱི་ཀ་རཱ་ཅི་བཙོན་ཁང་ནས་གློད་གྲོལ་གཏོང་བའི་རྒྱ་གར་གྱི་ཉ་པ་༡༠༠རྣམས་ཝ་གྷ་ས་མཚམས་སུ་རྒྱ་གར་གྱི་གཞུང་འབྲེལ་ལས་བྱེད་ལ་རྩིས་ཕུད་གནང་འདུག་གོ།