བི་ཇེ་པི་ཆབ་སྲིད་ཚོགས་པས་༢༠༡༩ གྲོས་ཚོགས་འོག་མའི་འཔས་བསྡུར་འོས་མི་གསར་པ་༦ གསལ་བསྒྲགས་གནང་བ།

ཁས་ས་རེས་གཟའ་ཉི་མར་བི་ཇེ་པི་ཆབ་སྲིད་ཚོགས་པས་༢༠༡༩ གྲོས་ཚོགས་འོག་མའི་འཔས་བསྡུར་འོས་མི་གསར་པ་༦ གསལ་བསྒྲགས་གནང་ཡོད་པ་རེད་འདུག།

དེའང་དེ་སྔོན་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོབསྡུ་ཀྱི་ཚེས་གྲངས་ཇེ་ཉེར་སོང་བཞིན་སྲིད་དོན་ཚོགས་པ་ཁག་གིས་རང་རེའི་འོས་མི་སྒྲིལ་བསྒྲགས་དང་མང་ཚོགས་ཁུག་ཐབས་ཀྱི་ལས་གཞི་ཇེ་ཆེར་སོང་བཞིན་ཡོད་འདུག་ དེའང་རེས་གཟའ་མིག་མར་ཉིན་དབུས་གྲོས་ཚོགས་འོག་མའི་རྒྱལ་ཡོངས་འོས་བསྡུ་ཐེངས་གཉིས་པའི་མིང་འཛུགས་འོས་མི་རྣམས་ཞིབ་བརྟག་གནང་ཏོད་འདུག་ ཉིན་གཅིག་གོང་རྒྱལ་ཡོངས་འོས་བསྡུའི་རིམ་པ་གཉིས་པའི་འོས་མིར་མིང་འཛུགས་བྱེད་རྒྱུའི་ཟླ་ཚེད་བཅད་མཚམས་ཡིན་འདུག་  འོས་བསྡུ་རིམ་པ་གཉིས་པ་ཟླ་རྗེས་མའི་ཚེས་༡༨ རུ་མངའ་སྡེདང་རང་དབང་མངའ་ཁོངས་ཁག་༡༣ གི་འོས་འདེམས་ས་ཁུལ་༩༧རུ་འོས་བསྡུ་གནང་རྒྱུ་ཡིན་འདུག།