འབྲུག་ཡུལ་གཞུང་གིས་གྲོས་ཚོགས་གོང་མར་BBIN initiative བྷང་ལ་དེཤ་འབྲུག་ཡུལ་རྒྱ་གར་དང་བལ་ཡུལ་གསུམ་དུ་འབྲེལ་མཐུད་མེ་འཁོར་ལྕགས་ལམ་དང་སྣུམ་འཁོར་འགྲོ་ལམ་བཟོ་བའི་ལགཞི་གཏན་འབེབ་ཆོག་མཆན་གྱི་ཁྲིམས་འཆར་གཏོང་བ།

༄།འབྲུག་ཡུལ་གཞུང་གིས་གྲོས་ཚོགས་གོང་མར་BBIN initiative བྷང་ལ་དེཤ་འབྲུག་ཡུལ་རྒྱ་གར་དང་བལ་ཡུལ་གསུམ་དུ་འབྲེལ་མཐུད་མེ་འཁོར་ལྕགས་ལམ་དང་སྣུམ་འཁོར་འགྲོ་ལམ་བཟོ་བའི་ལགཞི་གཏན་འབེབ་ཆོག་མཆན་གྱི་ཁྲིམས་འཆར་གཏོང་འདུག་འབྲུག་ཡུག་གི་སྲིད་བློན་བློ་གྲོས་ཚེ་རིང་མཆོག་གི་བྷང་ལ་དེཤ་གཞུང་འབྲེལ་གཟིགས་སྐོར་སྐབས་གསར་འགོད་གླེང་མོལ་སྐབས་འབྲུག་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་མཆོག་གིས་BBIN ལས་གཞི་ནི་བྷང་ལ་དེཤ་འབྲུག་ཡུལ་རྒྱ་གར་དང་བལ་ཡུལབཞིར་མེ་འཁོར་ལྕགས་ལམ་དང་སྣུམ་འཁོར་འགྲོ་ལམ་བརྒྱུད་འབྲེལ་མཐུད་བཟོས་པར་ལས་གཞི་གལ་ཆེ་ཞིག་ཡིན་པས་གྲོས་ཚོགས་གོང་མ་ནས་ཆོག་མཆན་གང་མགྱོགས་ཐོབ་པའི་རེ་འདུན་ཡོད་པ་གསར་འགོད་གསལ་བསྒྲགས་གནང་འདུག་གོ།