རྒྱལ་ཡོངས་ནག་ཉེས་ཉམས་ཞིབ་ཚོགས་པས་NIA ཡིས་སྤྱི་ལོ་༢༠༡༧ལོའི་ལིཐ་པོ་རཱ་འཇིག་སྐུལ་དྲག་སྤྱོད་ཁ་མཆུ་ཡི་ནག་ཉེས་འཛུགས་ཡུལ་ལྔ་པ་འཛིན་བཟུང་བྱས་པ།

༄།རྒྱལ་ཡོངས་ནག་ཉེས་ཉམས་ཞིབ་ཚོགས་པས་NIA ཡིས་སྤྱི་ལོ་༢༠༡༧ལོའི་ལིཐ་པོ་རཱ་འཇིག་སྐུལ་དྲག་སྤྱོད་ཁ་མཆུ་ཡི་ནག་ཉེས་འཛུགས་ཡུལ་ལྔ་པ་འཛིན་བཟུང་བྱས་ཡོད་འདུག་སྔར་ཇ་མུ་ཀཤ་མིར་གྱི་ལྷོ་ཤོ་པེན་རྫོང་དུ་རྒྱལ་སྲུང་དམག་མི་དད་འཇིག་སྐུལ་དྲག་སྤྱོད་པ་བར་གདོང་ཐུག་རྒོལ་འཛིངས་ཀྱིས་དྲག་སྤྱོད་པ་གཉིས་གསོད་འདུག་

དེའང་རེས་གཟའ་པ་སངས་ཉིན་ཇ་མུ་ཀཤ་མིར་གཞུང་གིས་མངའ་སྡེ་སྤྱི་ཁྱབ་ཀྱི་གཞུང་གི་འགན་འཛིན་ལེན་ནས་ཁ་བྲལ་རིང་ལུགས་པའིའགོ་ཁྲིད་༢༢གབོས་པའི་འོས་མཚམས་མེད་པའི་མི་༩༡༩ཡིས་ཉེན་སྲུང་དམག་མི་ཕྱིར་བསྡུ་བྱས་ཡོད་པ་ནང་སྲིད་ལྷན་ཁང་གིས་གསལ་བསྒྲགས་གནང་འདུག་དེ་སྔོན་རེས་གཟའ་མིག་མར་ཉིན་ས་མཚམས་ཉེན་སྲུང་དམག་དཔུང་གི་སྤྱི་ཁྱབ་འགོ་འཛིན་རཇ་ནི་ཀནཏ་མིཤ་རཱ་མཆོག་གིས་གྱི་ཀིས་ཐན་གྱི་དཀའ་རྙོག་ཅི་འདྲ་ཞིག་བཟོས་ཡང་ཡ་ལན་སྟངས་འཛིན་བྱེད་པར་གྲ་སྒྲིག་ཡིན་བཅས་བརྗོད་འདུག་གོ།