སོ་མ་ལི་ཡའི་རྒྱལ་ནང་དུ་ཁ་ཆེའི་མངའ་སྡེ་འཇིག་སྐུལ་པའི་སྡེའི་མཐོ་ཤོས་གཉིས་པ་གནམ་དམག་འཐབ་རྒོལ་གྱིས་གསོད་པ།

སོ་མ་ལི་ཡའི་རྒྱལ་ནང་དུ་ཁ་ཆེའི་མངའ་སྡེ་འཇིག་སྐུལ་པའི་སྡེའི་མཐོ་ཤོས་གཉིས་པ་གནམ་དམག་འཐབ་རྒོལ་གྱིས་གསོད་ཡོད་པ་རེད་འདུག།

དེའང་དེ་སྔོན་སོ་མ་ལི་ཡའི་རྒྱལ་ས་མོ་ག་ཌི་ཤུ་ལ་གཞུང་གི་ཁང་བཟང་ལ་ཨལ་ས་ས་ཧབ་འཇིག་སྐུལ་པས་འཐབ་རྒོལ་གྱིས་ཉུང་མཐར་མི་༡༡ དང་དེའི་ནང་སྐུ་ཚབ་བློན་ཆེན་མཆོག་ཀྱང་གསོད་ཡོད་པ་རེད་འདུག།   དེའང་གྲོས་ཚོགས་འཐུས་མི་ཨིལ་ཡ་སི་ཨ་ལི་ཧ་སན་མཆོག་གིས་སྐུ་ཚབ་བློན་ཆེན་འདས་གྲོངས་སུ་སོང་བ་ནི་ས་ཀར་ཨི་བ་ར་ཧིམ་ཨབ་ཌ་ལ་ཡིན་པའི་སྐོར་གསུངས་འདུག།

དེའང་འཐབ་རྒོལ་དེ་ནི་སོ་མ་ལི་ཡའི་གླ་ལས་དང་ངལ་རྩོལ་ལས་དོན་གྱི་བློན་ཆེན་ལྷན་ཁང་ལ་འབོམ་གཉིས་འབར་གས་བྱེད་ཡོད་པ་དང་དེའི་རྗེས་འཇིག་སྐུལ་པས་འཐབ་རྒོལ་བྱེད་ཡོད་པ་རེད་འདུག།   དེའང་འཐབ་རྒོལ་དེ་ནིཉེན་རྟོགས་པས་མེ་མདའ་རྒྱག་མཁན་༤ གསོད་པའི་རྗེས་སུ་མཚམས་འཇོག་བྱེད་ཐུབ་ཡོད་པ་རེད་འདུག།