མཚོ་དམག་འགོ་འཁྲིད་ཨེ་ཌི་མི་རལ་སུནིལ་ལཱནབཱ་མཆོག་ཐེ་ལེན་ཌི་རྒྱལ་ཁབ་ལ་ཉིན་གསུམ་གྱི་རིང་དེ་རིང་ནས་ཕྱོགས་གཉིས་ཐུན་མོང་གི་འཚམས་གཟིགས་སུ་ཕེབས་པ།

མཚོ་དམག་འགོ་འཁྲིད་ཨེ་ཌི་མི་རལ་སུནིལ་ལཱནབཱ་མཆོག་ཐེ་ལེན་ཌི་རྒྱལ་ཁབ་ལ་ཉིན་གསུམ་གྱི་རིང་དེ་རིང་ནས་ཕྱོགས་གཉིས་ཐུན་མོང་གི་འཚམས་གཟིགས་སུ་ཕེབས་ཡོད་པ་རེད་འདུག།

དེའང་དེ་སྔོན་རྒྱ་གར་གྱི་མཚོ་དམག་འགོ་དཔོན་ཨཌ་མི་རལ་སུ་ནིལ་ལན་བཱམཆོག་རུས་ལ་གཞུང་འབྲེལ་མཛདའཕྲིན་དུ་ཕེབས་རྒྱུ་ཡིན་འདུག་ ཐུག་འཕྲད་ལས་འཆར་དེ་ཡི་དགོས་དམིགའ་ནི་རྒྱལ་ཁབ་གཉིས་བར་རྒྱལ་སྲུང་འབྲེལ་ལམ་གོང་འཕེལ་དང་ཉེན་སྲུང་མཉམ་ལས་ཀྱི་ངོས་གཞན་གསར་དུ་རྟོགས་ཐབས་བྱེད་རྒྱུ་ཡིན་འདུག་ སྔ་འགྱུར་རྙིང་མའི་དབུ་འཛིན་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་གློ་བུར་བལ་ཡུལ་གྱི་གནས་མཆོག་ཡང་ལེ་ཤོད་ནས་དགོངས་པ་རྫོགས་ཡོད་པ་དང་། དེ་ནི་སྤྱི་ཟླ་༡༡་པའི་ཚེས་༡༩་ཉིན་གྱི་ཞོགས་པར་ཞབས་ཏོག་པ་བླ་མ་གོང་འཕེལ་དང་མཉམ་དུ་རིན་པོ་ཆེའི་ཐུགས་དགོངས་བཞིན་རྐང་ལམ་བརྒྱུད་ཞབས་ཐང་ལ་ཕེབས་སྐབས་སུ། གློ་བུར་དུ་ལམ་འཕྲང་མི་བདེ་སར་ཕེབས་པའི་ཕེབས་ལམ་ནས་ཞབས་སྣེ་འདྲེད་པའི་རྐྱེན་བྱས་ཏེ་གློ་བུར་སྐུ་གཤེགས་པ་འཁོད་འདུག།