རྒྱ་ནག་གཞུང་ཚབ་པ་མཆོག་གིས་རྒྱ་གར་དང་ལྷན་དུ་རྒྱ་ནག་ལ་ཚོང་འབྲེལ་ཆ་སྙོམ་བྱུང་བའི་རེ་མོལ་གནང་བ།

ཀོལ་ཀ་ཏ་ལ་ཡོད་པའི་རྒྱ་ནག་གཞུང་ཚབ་པ་ཛ་ལི་ཡུ་མཆོག་གིས་རྒྱ་གར་དང་ལྷན་དུ་རྒྱ་ནག་ལ་ཚོང་འབྲེལ་ཆ་སྙོམ་བྱུང་བའི་རེ་མོལ་གནང་ཡོད་པ་རེད་འདུག།

དེའང་དེ་སྔོན་འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་རྒྱལ་ཁབ་ཨ་རི་དང་རྒྱ་ནག་གཉིས་བར་གྱི་ཚོང་དམག་གྲོས་འཆམ་བྱུང་བའི་པེ་ཅིང་གྲོས་མོལ་ལེགས་མཐུན་ངང་རེས་གཟའ་ལྷག་པའི་ཉིན་མཇུག་སྒྲིལ་བྱུང་འདུག་ ཨ་རི་ཡི་གཞུང་འབྲེལ་མི་སྣས་པེ་ཅིང་ལྷན་ཚོགས་དེ་ཨ་རི་ལ་ཕན་ནུས་ལྡན་པ་ཡིན་བཅས་འགྲེལ་བརྗོད་གནང་འདུག་

དེ་ཡང་རེས་གཟའ་ཟླ་བའི་ཉིན་འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་རྒྱལ་ཁབ་ཨ་རི་དང་རྒྱ་ནག་གཉིས་བར་འགྲོ་བཞིན་པའི་ཚོང་དམག་སེལ་སླད་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་གདོང་ཐུག་གྲོས་མོལ་ཚུགས་འདུག་ ཨ་རི་སྲིད་འཛིན་མཆོག་གིས་མི་བརྒྱ་ཕྲག་དང་སྟོང་ཕྲག་མང་པོ་ཁྲིམས་འགལ་ཐོག་ཨ་རིར་གཞིས་འདེགས་ཀྱིས་ཨ་རི་ཡི་དཔལ་འབྱོར་སྟོང་སྐམ་འཇུག་མཁན་རྣམས་འགོག་བྱེད་ཀྱི་ར་སྐོར་ལྟ་བུ་ཞིག་དགོས་ངེས་ཡིན་པ་བརྗོད་འདུག་ དེ་ཡང་སྲིད་འཛིན་ཏ་རམ་མཆོག་གིས་ཨ་རི་མེཀ་སི་ཀོ་ས་མཚམས་སུ་རྩིག་པ་རྒྱག་པར་གྲོས་ཚོགས་ནས་མ་དངུལ་ཨ་རི་གྲོ་ལར་ཐེར་འབུམ༥.༦ རེ་སྐུལ་ཞུ་བཞིན་པའི་དེ་དག་གྲེ་མེ་ཀེ་རཏ་ཡིས་འགོག་རྒོལ་བྱེད་བཞིན་ཡོད་འདུག་ འགྱངས་རྩམ་དེ་ཡིས་ཨ་རི་གཞུང་ཆ་ཙམ་གྱི་སྒོ་རྒྱག་ལམ་མཚམས་འཇོག་འགོ་ཚུགས་ནས་གཟའ་འཁོར་གསུམ་པར་སླེབས་ཡོད་དོ།