དེ་རིང་ཕྱི་དྲོ་བར་རྒྱལ་ཡོངས་འོས་བསྡུ་ཡི་རིམ་པ་ལྔ་པའི་འོས་མིར་མིང་འཛུགས་བྱེད་པའི་དུས་ཡུན་མཐའ་མ།

༄།དེ་རིང་ཕྱི་དྲོ་བར་རྒྱལ་ཡོངས་འོས་བསྡུ་རིམ་པ་ལྔ་པའི་་འོས་མིར་མིང་འཛུགས་བྱེད་པའི་དུས་ཡུན་མཐའ་མ་ཡིན་འདུག་ཟླ་རྗེས་མའི་ཚེས་༡༡རུ་མངའ་སྡེ་༢༠ལྷག་དང་རང་དབང་མངའ་ཁོངས་ཁག་གི་འོས་འདེམས་ས་ཁུལ་༩༡རུ་འོས་བསྡུ་གནང་རྒྱུ་ཡིན་འདུག་

གོང་གི་ཟླ་ཚེས་དེར་ཨན་རྡ་རཱ་པར་དེཤ་ཡི་གྲོས་ཚོགས་འོག་མའི་ཞབ་གཏེགས་༢༥དང་ཏེ་ལན་གྷ་ན་ཡི་༡༧ཨུ་ཏར་པར་དེཤ་ཡི་༨མ་ཧཱ་རཤ་ཊ་ཏ་ཡི་༧ཨུ་ཏཱ་ར་ཁཌ་དང་ཨ་སམ་གཉིས་སུ་༧རེ་དང་བྷི་ཧར་དང་ཨོ་གྲི་སར་གཉིས་སུ་༤རེ་དང་ཇ་མུ་ཀཤ་མིརཨ་རུ་ནཱ་ཅལ་པར་དེཤ་མེ་གྷ་ལ་ཡཱ་དང་མེ་གྷ་ལ་ཡ་དང་ཝེསཊ་བེན་གྷལ་བཅས་སུ་༢རེ་དང་ཅ་ཏིས་གྷར་མ་ནི་པུར་མི་ཛོ་རཱམ་ནཱ་གྷ་ལེཌ་ཏི་རི་པུ་ར་སི་ཀིམ་ཨན་རྡ་མཱན་དང་ནི་ཀོབར་མཚོ་གླིང་དང་ལཀ་ཤ་རྡིཔ་བཅས་སུ་གཅིག་རེ་ཆེད་འོས་འཕེན་གནང་རྒྱུ་ཡིན་འདུག་གོ།