པོར་ཊུ་གི་སི་རྒྱལ་ནང་གི་རྒྱལ་ས་མ་ཌེ་རི་ལ་ཡུལ་སྐོར་སྤྲོ་འཆམ་པའི་སྤྱི་སྤྱོད་རླངས་འཁོར་བརྡབ་ལྷུང་བྱུང་བའི་མི་༢༨ འདས་གྲོངས་སུ་སོང་བ།

པོར་ཊུ་གི་སི་རྒྱལ་ནང་གི་རྒྱལ་ས་མ་ཌེ་རི་ལ་ཡུལ་སྐོར་སྤྲོ་འཆམ་པའི་སྤྱི་སྤྱོད་རླངས་འཁོར་བརྡབ་ལྷུང་བྱུང་བའི་མི་༢༨ འདས་གྲོངས་སུ་སོང་ཡོད་པ་རེད་འདུག།   དེའང་ཁས་ས་རྐྱེན་ཉེན་བྱུང་བའི་ནང་དུ་ཇར་མ་ནི་མི་སེར་ཡང་འདས་གྲོངས་སུ་སོང་བའི་སྐོར་ས་གནས་གཞུང་འབྲེལ་ལས་བྱེད་ཁག་གིས་གསུངས་འདུག།

དེའང་ལི་སི་བོན་རྒྱལ་སར་ཡོད་པའི་ཇར་མེ་ནིའི་གཞུང་ཚབ་པས་དེ་ལྟར་ཁས་ལེན་གནང་ཡོད་ཀྱང་འདས་གྲོངས་སུ་སོང་བའི་གྲངས་ཚད་གསལ་ཁ་གནང་མེད་པ་རེད་འདུག།