མ་དངུལ་མེད་པའི་ཇེཊ་མཁའ་བསྐྱོད་འགྲུལ་ལམ་ཚོགས་པས་མཁའ་བསྐྱོད་ཞབས་ཞུ་ཆ་ཚང་འཕྲལ་སེལ་གནས་དབྱུང་གཏོང་བ།

༄།མ་དངུལ་མེད་པའི་ཇེཊ་མཁའ་བསྐྱོད་འགྲུལ་ལམ་ཚོགས་པས་དེ་རིང་ནས་མཁའ་བསྐྱོད་ཞབས་ཞུ་ཆ་ཚང་འཕྲལ་སེལ་གནས་དབྱུང་གཏོང་འདུག་ཇེཊ་མཁས་བསྐྱོད་ཚོགས་པས་གཏམ་བཤད་དུ་དངུལ་གཡོར་མཁན་དང་དངུལ་འབྱུང་ཁུངས་གང་ནས་ཡང་ཛ་དྲག་གི་དངུལ་མ་ཐོབ་སྟབས་མཁའ་བསྐྱོད་ཆེད་སྣུམ་དང་དགོས་ངེས་ཞབས་ཞུ་ཁག་ལ་རིན་སྤྲོད་མ་ཐུབ་པའི་རྐྱེན་གྱིས་མཁའ་བསྐྱོད་ཆ་ཚང་མཚམས་འཇོག་གནང་རྒྱུ་ཡིན་བཅས་འགྲེལ་བརྗོད་གནང་འདུག་ཇེཊ་ཚོགས་པས་DGCA དང་དམག་དོན་མེད་པའི་མཁའ་བསྐྱོད་དང་དངུལ་རྩིས་ལྷན་ཁང་དང་གཞན་འབྲེལ་ཡོད་གཞུང་འབྲེལ་ཚོགས་ཁག་ལ་ཇེཊ་ཚོགས་པའི་བྱ་གཞག་ཐོག་བརྡ་ལན་སྤྲོད་ཡོད་བཅས་བརྗོད་དོ།