རྒྱ་གར་དང་པ་ཀིས་ཐན་གཉིད་ཀྱིས་ཀ་ཏར་པུར་སྐམ་རྒྱུད་སྲང་ལམ་དང་འབྲེལ་གོ་བསྡུར་གནང་སླད་ལྷན་ཚོགས་ཚུགས་པ།

༄།རྒྱ་གར་དང་པ་ཀིས་ཐན་གཉིད་ཀྱིས་པན་ཇབ་ཀྱི་གུར་དྷས་པུར་རྫོང་གི་དྷེ་རཱ་ན་ནཀ་ལྷ་ཁང་ནས་པ་ཀིས་ཐན་གྱི་ན་རོ་ཝལ་གྱི་གུ་རུདྷ་ཝ་རཱ་པུར་ས་ཧིབ་བར་གྱི་ཀ་ཏར་པུར་སྐམ་རྒྱུད་སྲང་ལམ་གྱི་གྲོས་བསྡུར་མྱུར་དུ་མཇུག་སྒྲིལ་དང་འབྲེལ་གོ་བསྡུར་གནང་སླད་ལྷན་ཚོགས་ཚུགས་ཡོད་འདུག་སྔར་རྒྱ་གར་གྱི་ཀ་ཏར་པུར་སྐམ་རྒྱུད་སྲང་ལམ་སེམས་ཚབ་གནད་དོན་ཐོག་པ་ཀིས་ཐན་གྱིང་གང་ཡང་བྱེད་མེད་པའི་སྐྱོན་འཛུགས་བྱས་ཡོད་འདུག་གོ།