སྲིད་བློན་མོདི་མཆོག་དེ་རིང་མངའ་སྡེ་༣ ལ་མང་ཚོགས་སུ་བཀའ་སྩལ་གནང་རྒྱུ་ཡིན་པ་དང་རཱཧུལ་གཱནྡི་མཆོག་གིས་དེ་རིང་མངའ་སྡེ་གཉིས་སུ་གསུང་བཤད་གནང་རྒྱུ་ཡིན་པ།

བི་ཇེ་པི་ཆབ་སྲིད་ཚོགས་པའི་འགོ་འཁྲིད་དང་སྲིད་བློན་ནཱརེནཌྲཱ་མོདི་མཆོག་དེ་རིང་མངའ་སྡེ་༣ ལ་མང་ཚོགས་སུ་བཀའ་སྩལ་གནང་རྒྱུ་ཡིན་པ་དང་ཀོང་རེ་སི་ཆབ་སྲིད་ཚོགས་པའི་དབུ་འཁྲིད་རཱཧུལ་གཱནྡི་མཆོག་གིས་དེ་རིང་མངའ་སྡེ་གཉིས་སུ་གསུང་བཤད་གནང་རྒྱུ་ཡིན་པ་རེད་འདུག།

དེའང་དེ་སྔོན་ཀོང་རེ་སིའི་ཚོགས་གཙོ་རཱཧུལ་གཱནྡི་མཆོག་གིས་ཆབ་སྲིད་ཚོགས་པས་ཨུཏྟར་པྲཱཌེཤ་མངའ་སྡེའི་ནང་དུ་འོས་བསྡུའི་ནང་དུ་ནུས་པ་ཆེན་པོའི་ཐོག་འགྲན་བསྡུར་གནང་རྒྱུ་ཡིན་སྐོར་གསུངས་གནང་ཡོད་པ་རེད་འདུག།   དེའང་ཁོང་གིས་ཁས་ས་ཡུ་ནེ་ཋེ་ཌི་ཨེ་མི་རི་ཊི་སིའི་རྒྱལ་ས་ཌུ་བེ་ནང་དུ་ཆབ་སྲིད་ཚོགས་པ་སཱམཱཇཝཱདི་ཆབ་སྲིད་ཚོགས་པ་དང་བཱཧུཇན་སཱམཱཇཝཱདི་ཆབ་སྲིད་ཚོགས་པས་༢༠༡༩ ལོའི་གྲོས་ཚོགས་འོག་མའི་འོས་བསྡུའི་ནང་དུ་ཀོང་རེ་སིའི་མཉམ་བཞུགས་མེད་པའི་ཐོག་ཕྱོགས་སྒྲིལ་གསལ་བསྒྲགས་བྱེད་ཡོད་པའི་རྗེས་སུ་གསུངས་གནང་འདུག།