རྒྱ་གར་གྱི་ཨའི་པི་ཨེལ་དབྱུག་རྩེད་འགྲན་བསྡུར་དུ་མུམ་བེ་རུ་ཁག་གིས་ལྡི་ལི་རུ་ཁག་ལ་རན་༤༠ཡིས་ཕམ་ཉེས་གཏོང་བ།

༄།ཁས་ས་ཕྱི་དྲོ་མོ་ཧོ་ལི་གྲོང་ཁྱེར་དུ་ཨའི་ཨེས་བྷིན་དྷ་ར་རྩེད་ཁང་དུ་རྒྱ་གར་གྱི་ཨའི་པི་ཨེལ་དབྱུག་རྩེད་འགྲན་བསྡུར་དུ་མུམ་བེ་རུ་ཁག་གིས་ལྡི་ལི་རུ་ཁག་ལ་རན་༤༠ཡིས་ཕམ་ཉེས་གཏོང་ཡོད་འདུག  དེའང་མུམ་བེ་དབྱུག་རྩེད་རུ་ཁག་གིས་བཟོས་པའི་ཁྱོན་རན་༡༦༩ ཡི་ཡ་ལན་དུ་ལྡི་ལི་རུ་ཁག་གིས་རན་༡༢༨ ལས་བཟོས་ཐུབ་མེད་དོ།