བཱགཾལཱཌེཤ་མངའ་སྡེའི་ནང་དུ་ས་གནས་གཞུང་འབྲེལ་འོས་བསྡུ་ཆ་ཚང་འོག་ཤོག་འཕྲུལ་ཆས་བརྒྱུད་བེད་སྤྱོད་བྱ་རྒྱུའི་གསལ་བསྒྲགས་གནང་བ།

བཱགཾལཱཌེཤ་མངའ་སྡེའི་ནང་དུ་ས་གནས་གཞུང་འབྲེལ་འོས་བསྡུ་ཆ་ཚང་འོག་ཤོག་འཕྲུལ་ཆས་བརྒྱུད་བེད་སྤྱོད་བྱ་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད་འདུག།

དེའང་དེ་སྔོན་སྐུ་ཞབས་མོམེན་མཆོག་གིས་བཅར་འདྲི་ཐོག་སྲིད་བློན་ཤེག་ཧཱསིནཱ་མཆོག་གིས་ཁོང་ལ་ཁྱིམ་མཚེས་རྒྱལ་ཁབ་དང་ལྷན་དུ་དམ་ཚིགས་བརྟན་པོའི་གཞི་རྟེན་ཐོག་མཉམ་སྦྲེལ་ཤུགས་ཆེ་རུ་གཏོང་དགོས་པ་དང་ཕྱི་སྲིད་ལྷན་ཁང་བརྒྱུད་བློན་ཆེན་ལྷན་ཁང་གཞན་གྱི་ཆེད་དུ་རྒྱལ་ནང་དུ་ཕྱི་རྒྱལ་གྱི་དངུལ་མ་འཛུགས་ཡོང་རྒྱུའི་ཐབས་ཤེས་བྱེད་དགོས་འི་ལམ་སྟོན་གནང་བའི་སྐོར་གསུངས་འདུག།
དཔལ་འབྱོར་བའི་ཤེས་ཡོན་ཅན་གྱི་སྐུ་ཞབས་མོམེན་མཆོག་གིས་ལོ་རྒྱུས་ཀྱི་ནང་དུ་རྒྱ་གར་དང་ལྷན་དུ་བཱགཾལཱཌེཤ་རྒྱལ་ཁབ་ཀྱི་འབྲེལ་བ་ད་ལྟའི་ནང་བཞིན་ལེགས་པོ་བྱུང་མེད་པ་དང་ཁོང་གིས་འབྲེལ་བ་དེ་མུ་མཐུད་དེ་གནས་པ་མ་ཟད་དེ་ད་དུང་ལེགས་སུ་གཏོང་རྒྱུ་ཡིན་སྐོར་གསུངས་འདུག།
དེ་སྔོན་ལོའི་ནང་དུ་རྒྱ་གར་ལྷན་དུ་བཱགཾལཱཌེཤ་ཀྱི་འབྲེལ་བ་གང་ལེགས་སུ་འགྲོ་ཡོད་པ་དང་རྒྱལ་ཁབ་གཉིས་ཀའི་དབར་གལ་གནད་མི་སྣའི་འཚམས་གཟིགས་ཀྱང་མང་དུ་འགྲོ་ཡོད་པ་རེད་འདུག།