འོས་བསྡུ་ལས་རིམ་ལྷག་མའི་ཆེད་དུ་འོས་བསྡུའི་ལས་གཞི་ཤུགས་ཆེ་རུ་གཏོང་བ།

འོས་བསྡུ་ལས་རིམ་ལྷག་མའི་ཆེད་དུ་འོས་བསྡུའི་ལས་གཞི་ཤུགས་ཆེ་རུ་གཏོང་ཡོད་པ་རེད་འདུག།
དེའང་དེ་སྔོན་ཚེས༢༣ཉིན་གྱི་རྒྱལ་ཡོངས་འོ་བསྡུ་རིམ་པ་གསུམ་པའི་ཆེད་སྲིད་དོན་ཚོགས་པ་ཁག་གིས་མི་མང་སྡེབ་འཛོམས་ཀྱི་གཏམ་བཤད་ཀྱི་དུས་ཡུན་མཇུག་སྒྲིལ་མཚམས་འཇོག་ཆགས་ཡོད་འདུག་ སང་ཉིན་མངའ་སྡེ་༡༢ དང་ེང་དབང་ས་ཁུལ་༢ ཡི་གྲོས་ཚོགས་འོག་མིའི་ཞབས་སྟེགས་༡༡༥ ཆེད་འོས་འཕེན་འགྲན་བསྡུར་གནང་རྒྱུ་ཡིན་འདུག་
གོང་གི་ཟླ་ཚེས་དེར་ཏཱ་མུལ་ན་གྲུ་ཡི་ཞབ་གཏེགས་༣༩དང་མ་ཧཱ་རཤ་ཊ་རཱར་༡༠ ཨུ་ཏར་པར་དེཤ་རུ་༨ ཨ་སཱམ་བྷི་ཧར་དང་ཨོ་གྲི་ས་བཅས་ནས་ལྔ་རེ་དང་ཆ་ཏིས་གྷར་དང་ཝེས་ཊ་བྷེན་གྷལ་ནས་གསུམ་རེ་དང་ཇ་མུ་ཀཤ་མིར་གྱི་༢ དང་མཱ་ནི་པུཏ་ ཏི་རི་པུ་རཱ་དང་པོན་གྲི་ཅཱ་རི་བཅས་ནས་དབུས་གྲོས་ཚོགས་འོག་མའི་ཞབས་སྟེགས་གཅིག་རེ་ཆེད་འོས་འཕེན་གནང་རྒྱུ་ཡིན་འདུག་གོ།