རུས་ཀྱི་སྲིད་བློན་གྱིས་ཡུཀ་རེན་གྱི་གཞུང་འཛིན་འགོ་ཁྲིད་གསར་པ་འོས་འདེམས་བྱུང་བར་ངཔས་གཉིས་བར་གཞུང་འབྲེལ་འབྲེལ་ལམ་ཡར་རྒྱས་གཏོང་བའི་གོ་སྐབས་ངོས་འཛིན་གནང་བ།

༄།རེས་གཟའ་ཟླ་བའི་ཉིན་རུས་ཀྱི་སྲིད་བློན་གྲི་མི་ཏི་རི་མེཌ་ཝེ་ཌེཝ་གྱིས་ཡུཀ་རེན་གྱི་སྲིད་འཛིན་གསར་དུ་འོས་འདེམས་བྱུང་བའི་སྐུ་ཞབས་ཝོ་ལོ་དྷུ་མིར་ཛེ་ལེནྶ་ཀི་ལྷན་དུ་རྒྱལ་ཁབ་གཉིས་བར་གཞུང་འབྲེལ་འབྲེལ་ལམ་ཡར་རྒྱས་གཏོང་བའི་གོ་སྐབས་ཡོད་པ་བརྗོད་འདུག་དེའང་ཁས་ས་ཡུལ་རེན་རྒྱལ་ཡོངས་འོས་བསྡུར་བཞད་གད་སློང་མཁན་དང་སྲིད་དོན་གསར་འབྱོར་པ་ཛེ་ལེནྶ་ཀི་སྲིད་འཛིན་གི་འོས་བསྡུ་འོས་གྲངས་བརྒྱ་ཆ་ཆེན་པོས་ཐོབ་འདུག་ཕྱིར་ཐོན་འོས་ཤོག་གྲངས་བཤེར་གྱིས་ཁོ་བོསའོས་གྲགས་བརྒྱ་ཆ་༧༣དང་སྔས་བཅོལ་བ་པེ་ཀྲོརོ་པོ་རོ་ཤེན་ཀོར་འོས་གྲངས་བརྒྱ་ཆ་༢༥ཐོབ་པ་སྟོན་གྱིས་ཡོད་འདུག་ད་ལྟའི་ཡུཀ་རེན་དབུས་འཔས་བསྡུ་ལྷན་ཁང་གིས་འོས་གྲངས་གྲངས་ཀ་རྒྱག་མེད་ཀྱང་གཟའ་འཁོར་གསུམ་སྔོན་གྱུ་འོས་བསྡུ་རིམ་པ་དང་པོའི་ཕྱིར་ཐོན་འོས་ཤོག་གྲངས་བཤེར་དང་གཞུང་འབྲེལ་གྲུབ་འབྲས་གཉིས་དུས་མཉམ་བྱུང་ཡོད་འདུག་དཉའང་ཛེ་ལེན་ཀི་མཆོག་གིས་དེ་སྔོན་སྲིད་དོན་པའི་བྱེད་སྒོ་ནི་སྔར་གཟུགས་མཐོང་རླུང་འཕྲིན་དུ་སྲིད་འཛིན་གྱི་འཁྲབ་སྟོན་ལས་མེད་དོ།