ཤྲིལངྐར་སྲིད་དོན་དམ་བསྒྲགས་ལག་བསྟར་གནང་བ;བར་གས་དྲག་སྤྱོད་དུ་རྒྱ་གར་བ་བརྒྱད་གསོད་པ།

༄།ཁས་ས་ཕྱི་དྲོ་ཤྲིངལངྐ་གཞུང་གིས་ཉིན་ཤས་སྔིན་བྱུང་བའི་གསོལ་མགྲོན་ཁང་དང་ཡི་ཤུའི་ལྷ་ཁང་དུ་བར་གས་དྲག་སྤྱོད་རྐྱེན་པའི་སྲིད་དོན་དམ་བསྒྲགས་ལག་བསྟར་གནང་འདུག་རྒྱལ་སྲུང་ལྷན་ཚོགས་ཀྱིས་ཚོགས་འདུས་སྐབས་མང་ཚོགས་ཀྱི་སྲཡང་སྐྱོབ་གཙོར་དམིགས་སྟེ་སྲིད་དོན་དམ་བསྒྲགས་ཐག་གཅོད་ལག་བསྟར་གནང་འདུག་དེ་བཞིན་ལྷན་ཚོགས་ཀྱིས་དེ་རིང་རྒྱལ་ཡོངས་མྱ་ངན་ཉིན་མོ་ཡི་གུང་གསེང་གསལ་བསྒྲགས་གནང་འདུག་དེའང་ཤྲིལངྐའི་རྒྱལ་ས་ཀོ་ལོམ་བོའི་སྐར་མ་ལྔ་ཅན་གྱི་གསོལ་མགྲོན་ཁང་གསུམ་དང་ཡི་ཤུའི་ལྷ་ཁང་གསུམ་དུ་བར་གས་དྲག་སྤྱོད་ཀྱིས་མི་༢༠༧གསོད་པ་དང་གཞན་མི་ཉུང་ཐར་༤༥༠ལྷག་རྨས་སྐྱོན་བཟོས་འདུག་འཛམ་གླིང་ཡོངས་ཀྱིས་ཤྲིལངྐེ་བར་གས་དྲག་སྤྱོད་བསྟར་རིམ་ཁ་ཤས་ལ་ཉེས་འཛུགས་གནང་འདུག་ཨ་རི་སྲིད་འཛིན་གྲོ་ནལ་ཊ་རམ་པས་བར་གས་དྲག་སྤྱོང་དེ་བཟོད་དཀའ་བའི་འཇིག་སྐུལ་དྲག་སྤྱོད་པའི་བྱ་གཞག་ཏུ་ངོས་འཛིན་གནང་སྟེ་ཤྲིལདྐར་རྒྱབ་རྟེན་གནང་བ་བརྗོད་འདུག་གོ།