སཽ་དི་ཨ་རེ་བི་ཡའི་རྒྱལ་ནང་དུ་འཇིག་ལྐུལ་འཐབ་བྱུས་ཀྱི་ཐོག་དོག་ཅན་མི་སྣ་༡༣ ལ འཛིན་བཟུངས་བྱེད་པ།

སཽ་དི་ཨ་རེ་བི་ཡའི་རྒྱལ་ནང་དུ་འཇིག་ལྐུལ་འཐབ་བྱུས་ཀྱི་ཐོག་དོག་ཅན་མི་སྣ་༡༣ ལ འཛིན་བཟུངས་བྱེད་ཡོད་པ་རེད་འདུག།
དེའང་དེ་སྔོན་རེས་གཟའ་ཉི་མའི་ཉིན་འཇིག་སྐུལ་དྲག་སྤྱོད་ཚོགས་པས་ཛུལ་ཕི་མངའ་སྡེ་ཡི་གཞུང་འབྲེལ་གསང་བ་ལས་ཁུངས་ཞིག་ཏུ་རྒོལ་འཛིངས་དྲག་སྤྱོད་དམིགས་ཡུལ་ཟིན་པ་དམག་དཔུང་གིས་ལེགས་པར་འགོག་ཐུབ་པ་བྱུང་བ་རྒྱལ་སྲུང་དཔོན་རིགས་ཀྱིས་འགྲེལ་བརྗོད་གནང་འདུག་སའུ་དྷི་ཨ་རེ་བྷི་ཡའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པས་འཇིག་སྐུལ་དྲག་སྤྱོད་ཚོགས་པས་བཙན་རྒོལ་གྱི་འབད་རྒོལ་ལེགས་པར་འགོག་ཐུབ་པ་བྱུང་ཡོད་པ་གཏམ་བཤད་གནང་འདུག་ས་གནས་དམག་དཔུང་གིས་བཙན་རྒོལ་ཐནས་ཤེས་འགོག་སྟེ་འཇིག་སྐུལ་དྲག་སྤྱོད་པ་བཞི་ཆ་ཚང་གསོད་ཐུབ་པ་བྱུང་བ་ནན་བརྗོད་གནང་འདུག་ཉན་སྲུང་དམཧ་དཔུང་རྣམས་ལ་རྨས་སྐྱོན་ཆུང་ངོ་བྱུང་ཡོད་འདུག་ད་ལྟའི་ཆར་དྲག་སྤྱོད་པ་རྣམས་ཀྱི་ངོ་བོ་རྟག་ཞིབ་གནང་བཞིན་ཡོད་དོ།