རྒྱ་གར་གྱི་ཨའི་པི་ཨེལ་དབྱུག་རྩེད་འགྲན་བསྡུར་དུ་ཅི་ནའི་རུ་ཁག་གིས་ཧའི་དྷ་ར་བྷཏ་རུཁག་ལ་ཝི་ཀེཊ་༦ཡིས་ཕམ་ཉེས་གཏོང་བ།

༄།ཁས་ས་ཕྱི་དྲོ་ཅི་ནའི་གྲོང་ཁྱེར་དུ་ཨའི་ཨེས་བྷིན་དྷ་ར་རྩེད་ཁང་དུ་རྒྱ་གར་གྱི་ཨའི་པི་ཨེལ་དབྱུག་རྩེད་འགྲན་བསྡུར་དུ་ཅི་ནའི་རུ་ཁག་གིས་ཧའི་དྷ་ར་བྷཏ་རུ་ཁག་ལ་ཝི་ཀེཊ་༦ཡིས་ཕམ་ཉེས་གཏོང་ཡོད་འདུག  དེའང་ཧའི་དྷ་ར་བྷཏ་དབྱུག་རྩེད་རུ་ཁག་གིས་བཟོས་པའི་ཁྱོན་རན་༡༧༦ དེ་ཅི་ནའི་རུ་ཁག་གིས་བོལ་གཅིག་ལུས་པའི་ཐོག་ལེགས་པར་བཟོས་སོ།