ཨའི་བྷི་ཨེས་ཨེ་རྒྱལ་ཚོགས་གཞོན་གཞོག་ཆགས་པ།

རྒྱ་གར་ཀེ་རེ་ལཱ་མངའ་སྡེ་ཡི་ཀོ་ཅི་གྲོང་ཁྱེེར་དུ་རྒྱ་གར་དང།བྷར་ཛིལ།ལྷོ་ཨཕ་རི་ཀ་གསུམ་གྱི་ཨའི་བྷི་ཨེས་ཨེ་རྒྱལ་ཚོགས་ཀྱི་སྐུ་ཚབ་ལྷན་ཚོགས་ཀྱི་ཚིགས་འདུ་ཚུགས་ཡོད་འདུག་ད་ལན་གྱི་ཨའི་བྷི་ཨེས་ཨེ་རྒྱལ་ཚོགས་ཀྱི་སྐུ་ཚབ་ལྷན་ཚོགས་ཀྱི་ཚིགས་འདུས་འདི་ནི་དེ་སྔོན་ཕྱི་ལོ་༢༠༡༨ཟླ་བ་བཅུ་པའི་སྐབས་ཀྱི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུ་ཆེན་མོའི་ཟུར་དུ་ངོས་གསུམ་ལྡན་གྱི་ཨའི་བྷི་ཨེས་ཨེ་བློན་ཆེན་ལྷན་ཚོགས་ཀྱི་ཚོགས་འདུས་ཐེངས་དགུ་པའི་མཇུཡ་སྐྱོང་ལྷན་ཚོགས་ཡིན་འདུག།ཨའི་བྷི་ཨེས་ཨེ་ནི་གླིང་ཕྲན་མི་འདྲ་གསུམ་ནས་འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་ཆེ་བ་དང་དཔལ་འབྱོར་ཆེ་ཤོས་ཀྱི་རྒྱལ་ཁབ་གསུམ་རྒྱ་གར་དང།བྷར་ཛིལ།ལྷོ་ཨཕ་རི་ཀ་བཅས་མཉམ་གཤིབས་བྱེད་པའི་དམིགས་བསལ་གྱི་འདུན་ས་ཞིག་ཡིན་འདུག།རྒྱལ་ཁབ་འདི་རྣམས་ལདཀའ་ངལ་འདྲ་མཉམ་ཕྲད་བཞིན་ཡོད་འདུག།

རྒྱལ་ཁབ་དེ་ཚོ་ཡར་རྒྱས་འགྲོ་བཞིན་པ་དང།དུ་མ་འདོད་པའི་རིང་ལུགས་ཅན།རིག་གཞུང་དང་མི་རིགས་བྱེ་བྲག་པ་དང་སྐད་རིགས་དང་ཆོས་ལུགས་སྣ་མང་ལྡན་པའི་རྒྱལ་ཁབ་ཡིན་འདུག་སྔར་ལོ་༢༠༠༣ཟླ་བ་དྲུག་པར་བྷར་ཛིལ་དུ་ཕྱི་སྲིད་བློན་ཆེན་ལྷན་ཚོགས་ཀྱི་ཚོགས་འདུས་སྐབས་གསར་འཛུགས་བྱུང་བའི་ཨའི་བྷི་ཨེས་ཨེ་ལྷན་ཚོགས་ལོ་སྔོན་མ་ལོ་འཁོར་དུས་དྲན་ཐེངས་༡༥སྲུང་བརྩིས་ཞུས་ཡོད། 

ཨའི་བྷི་ཨེས་ཨེ་ནི་ཡོངས་སྒྲིལ་གྱི་རྒྱུན་འཛིན་ཐུབ་པའི་ཡ་རྒྱས་སྒྲུབ་པ་དད་རང་རྒྱལ་གྱི་མི་མང་དང་སྤྱིར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བདེ་དོན་སྒྲུབ་པར་དམིགས་པའི་འཛམ་གླིང་ལྷོ་ངོས་ཀྱི་བློ་འདོད་འདྲ་མཚུངས་ཅན་གྱི་རྒྱལ་ཁབ་ཁག་མཉམ་འདུ་ཡི་ཚོགས་པ་ཞིག་ཡིན།ཨིའ་བྷི་ཨེས་ཨེ་མཉམ་ལས་སུ་ཐུན་མོང་གི་དོན་གཉེར་ཅན་གྱི་རྒྱལ་སྤྱིའི་གནད་དོན་ཐོག་དབུས་གཞུང་ཕན་ཚུན་ཐད་ཀར་གྲོས་གླེང་དང་འབྲེལ་འཐུད་དང་རྒྱལ་ཁབ་གསུམ་ལ་ཕན་ནུས་ལྡན་པའི་དོན་དངོས་པའི་ལས་འཆར་ཁག་ལ་ཁ་ཕྱོགས་གསུམ་ལྡན་གྱི་མཉམ་རུབ་མཉམ་ལས་དང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དུ་ཨའི་བྷི་ཨེས་ཨེ་མ་དངུལ་བརྒྱུད་ཡར་རྒྱས་ཀྱ྄ི་ལས་འཆར་འཁུར་སྟེ་རོགས་སྐྱོར་བྱེད་རྒྱུ་ཡིན་འདུག། 

ད་ལྟ་བར་ཨའི་བྷི་ཨེས་ཨེ་ཡི་འགོ་ཁྲིད་འདུན་ས་ལྷན་ཚོགས་ཚུགས་ཡོད་ཨའི་བྷི་ཨེས་ཨེ་ལྷན་ཚོགས་ཐེངས་ལྔ་པཱརི་ཊོ་རི་ཡཱར་ཕྱི་ལོ་༢༠༡༡ལོའི་ཟླ་བ་བཅུ་པའི་ནང་ཚུགས་ཡོད་འདུག་ ཨའི་བྷི་ཨེས་ཨེ་ལྷན་ཚོགས་དྲུག་པ་རྒྱལ་ཚོགས་གསུམ་གྱི་འགོ་ཁྲིད་གསུམ་ལ་སྤྱི་མོས་ཟླ་ཚེས་མེད་པའི་རྐྱེན་གྱིས་དུས་འགྱངས་ཕྱིན་ཡོད་རྒྱལ་ཁབ་གསུམ་གྱིས་ཚོགས་ཆེན་དྲུག་པ་ཚོགསརྒྱུ་གལ་འགྱངས་ཤིན་ཏུ་ཆེ་བ་ཡིན་པའི་ཤེས་སྟེདབུ་ཁྲིད་རྣམས་ཀྱིས་རྒྱལ་ཚོགས་གསུམ་སུ་རང་རེའི་རྒྱལ་ཡོངས་འོས་བསྡུ་སྒྲུབ་རྗེས་འཚོག་རྒྱུ་ཡིན་པ་མུ་མཐུད་གནང་འདུག། 

སྤྱི་ལོ་༢༠༠༤ལོར་ཐག་གཅོད་འགོ་འཛུགས་བྱུང་བའི་ཨའི་བྷི་ཨེས་ཨེ་རྒྱལ་ཚོགས་ཀྱི་ལས་འཆར་གཙོ་ཆེ་ཤཔས་གཅིག་ནི་དབུལ་འཕོང་དང་བཀྲེས་སྐོམ་ཚབས་ཆུང་དུ་གཏོང་རྒྱུ་ཡིན་འདུག།ལས་འཆར་དམིགས་བསལ་དེ་བརྒྱུད་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དུ་འཕེལ་རྒྱས་ཀྱི་ལས་གཞི་སྤེལ་བཞིན་ཡོད་འདུག་ད་བར་ཨའི་བྷི་ཨེས་ཨེ་རྒྱལ་ཚོགས་ཀྱིས་ཡར་རྒྱས་འགྲོ་བཞིན་པའི་ཟླ་རོགས་རྒྱལ་ཁབ་ཁག་༢༠རུ་འཐུང་ཆུ་གཙང་བཟོ།ཞིང་ལས་དང་སྒོ་ཕྱུགས།ཉི་འོད་ནུས་འཐེན།གད་སྙིགས་བཀོད་བྱུས་དང་སྟངས་འཛིན།འཕྲོད་བསྟེན་ལ་སོགས་པའི་ལས་གཞི་བརྒྱུད་རྒྱུན་འཛིན་ཐུབ་པའི་འཕེལ་རྒྱས་དམུགས་ཡུལ་སྒྲུབ་པར་འབད་བཞིན་ཡོད་འདུག་གོ།

མ་ཟིན།ཨ་ཤོཁ་ས་ཇཱན་ཧར།རྒྱ་གར་གྱི་སྐུ་ཚ་དོན་གཅོད་ཟུར་པ་དང།རྒྱལ་སྤྱིའི་ཉམས་ཞིབ་བལྟི་གནས་ཁང་གི་སྲིད་འཛིན།