ཨ་རི་དང་ཨི་རཱན་བར་གྱི་རྩོད་རྙོག་ཇེ་ཆེར་སོང་བཞིན་པ།

ཨི་རཱན་གྱི་སྲིད་འཛིན་གྱི་སྲིད་འཛིན་ཧཱ་སན་རུ་ཧཱ་ནི་མཆོག་གིས་ཟུང་སྦྲེལ་ཁྱབ་ཆེན་གྱི་བྱེད་སྒོ་ལས་འཆར་འོག་ཨི་རཱན་གྱི་ཁས་ལེན་བྱེད་སྒོ་ཇེ་ཉུང་དུ་གཏོང་རྒྱུ་ཡིན་ཞེས་གསལ་བསྒྲགས་གནང་འདུག་ གསལ་བསྒྲགས་དེ་ནི་སྐུ་ཞབས་གྲོ་ནལ་ཊ་རམ་ཨ་རིའི་སྲིད་འཛིན་དུ་འོས་འདེམས་བྱུང་རྗེས་ཉེ་ཆར་ཨ་རཱན་རྡུལ་ཕྲན་མཚོན་ཆའི་གྲོས་མཐུན་ལས་ཕྱིར་འཐེན་གནང་ནས་འཛམ་གླིང་དབུས་ཤར་ངོས་སུ་ཨ་རི་དམག་དཔུང་བཀོད་སྒྲིག་བྱས་པའི་ཡ་ལན་ཡིན་འདུག། 

ཨི་རཱན་གྱི་ཇེ་སི་པི་ཨོ་གྲོས་མཐུན་ལས་ཕྱིར་བསྡུ་བྱས་ནས་བཟུང་ཨ་རི་ཡིས་ཨི་རཱན་གྱི་ཁ་གཏདདུ་དེ་ལྟ་བུའི་ཐག་གཅོད་བྱེད་ལས་གབང་ནས་ཨ་རི་དང་ཨི་རཱན་གཉིས་བར་གྱི་རྩོད་རྙོག་ཇེ་ཆེར་གཏོང་ཡོད་འདུག། ཨ་རིའི་སྲིད་འཛིན་གྲོ་ནལ་ཊ་རམ་པ་མཆོག་གིས་ཨི་རཱན་སྲིད་བྱུས་གསར་པའི་་འོག་སྔར་ཇེ་སི་པི་ཨཔ་ཨེ་གྲོས་མཐུན་མུ་མཐུད་ལག་བསྟར་བྱུང་ནས་ཨི་རཱན་དུ་སྲིད་དོན་བཀའ་བཅད་ཕྱིར་འཐེན་བྱས་པ་རྣམས་བསྐྱར་དུ་ལག་བསྟར་གནང་བ་ལྟ་བུ་འགྲིག་འཇགས་ཀྱི་བསམ་བློ་གང་ཡང་མེད་པའི་བྱ་གཞག་ལ་འཇུག་ཡོད་འདུག། དེ་རྗེས་ཨི་རཱན་གྱི་གསར་བརྗེ་ཉེན་སྲུང་དམག་སྡེའམ་ཨའི་ཨར་ཇི་སི་ཡོངས་ལ་འཇིག་སྐུལ་དྲག་སྤྱོད་ཚོགས་པར་ཐོ་འགོད་གསལ་བསྒྲགས་གནང་འདུག་ ཨ་རི་ཡི་ལོ་རྒྱུས་ནང་ཕྱི་རྒྱལ་ཁབ་ཞིག་གི་གཤོག་པ་ཆ་ཚང་ཞིག་འཇིག་སྐུལ་དྲག་སྤྱོད་དུ་ངོས་འཛིན་བྱས་པ་དང་པོ་ཡིན། ད་དུང་ཟླ་བ་སྔོན་མ་ཨ་རི་ཡིས་རྒྱ་གར་དང། རྒྱ་ནག། ལྷོ་ཀོ་རི་ཡ་བཅས་ལ་ཨི་རཱན་ནས་སྣུམ་ནང་འདྲེན་གྱི་དངུལ་ཆག་ཡང་གཏོང་པར་ཁས་མི་ལེན་སྟེ་སྲིད་འཛིན་གོང་མ་བྷེ་རེཀ་ཨོ་བྷ་མཱ་སྐབས་ནས་འགྲོ་བཞིན་པའི་བཀའ་ཁྱབ་བསྒྱུར་བ་གཏོང་ཡོད་འདུག། དེ་ལྟ་བུའི་བྱ་གཞག་གིས་ཨ་རི་དང་ཨི་རཱན་གཉིས་བར་གྱི་རྩོད་རྙོག་ཇེ་ཆེར་གཏོང་ཡོད་པ་མ་ཟད་ཨ་རི་ཡི་གསང་བ་ལས་ཁུངས་ཀྱིས་ཤེས་རྟོག་བྱུང་བར་ཨི་རཱན་གྱི་འཛམ་ཙླིང་ཤར་དབུས་ངོས་ཀྱི་ཨ་རི་ཡིཁེ་ཕན་ལ་འཐབ་རྒོལ་བྱེད་པར་བྱུས་གཏིང་བཞིན་ཡོད་འདུག། འཆར་གཞི་དེ་ནི་ཨ་རི་ཡི་དམག་དོན་གྲུ་ཨེབ་རཱ་ཧམ་ལིན་ཀེན་འཛམ་གླིང་དབུས་ཤར་ངོས་སུ་གཏོང་བ་ལྟ་བུ་ཡིད་བརྟན་བྱ་རུང་བའི་བྱ་གཞག་ཏུ་ངོས་འཛིན་གྱི་ཡ་ལན་ཡིན། 

དེ་བཞིན་ཨ་རི་ཡི་བྱ་སྤྱོད་ཀྱི་ཡ་ལན་དུ་ཨི་རཱན་གྱི་ཆེས་མཐོའི་རྒྱལ་སྲུང་ལྷན་ཚོགས་ཀྱི་ཚོགས་འདུས་འཚོགས་སྟེ་ཇེ་སི་པི་ཨོ་ཨེ་གྲོས་མཐུན་གྱི་རང་རེའི་ཁེ་ལན་བྱེད་སྒོ་ཉུང་དུ་གཏོང་རྒྱུའི་ཐག་གཅོད་གནང་འདུག། ཨི་རཱན་གྱི་སྲིད་འཛིན་ཧཱ་སན་རུ་ཧ་ནི་མཆོག་གིས་སྣེ་ཁྲིད་པའི་ཨི་རཱན་རྒྱལ་སྲུང་ལྷན་ཚོགས་ཀྱིས་ཐག་གཅོད་དེ་ནི་ཇེ་སི་པི་ཨོ་ཨེ་གྲོས་མཐུན་ལས་ཕྱིར་འཐེན་མིན་ཞིང་ད་ལྟའི་གནས་སྱགས་ལ་བསྟུན་སྟེ་གནས་སྐབས་རིང་གི་འཆར་སྒྲིག་ཡིན་བཅས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགྲེལ་བརྗོད་གནང་འདུག། 

ཐག་གཅོད་དེ་ཡི་འོག་ཡུ་རེ་ནི་ཡམ་ཕྱུག་སྒྱུར་གཏོང་རྒྱུ་ཡིན་ཞིང་ཐག་གཅོད་བྱ་སྤྱོད་དེ་ཡི་བཅད་མཚམས་ནི་ཉིན་༦༠ རིང་ཡིན། ཨི་རཱན་རྡུལ་ཕྲན་མཚོན་ཆའི་གྲོས་མཐུན་གྱི་ཤོག་ཁ་གཞན་ཡོ་རོབ་གྲོས་ཚོགས་ལ་སོགས་པས་གྲོས་མཐུན་སྐྱོབས་པར་འབད་ཀྱང་གྲུབ་འབྲས་ལྡན་པ་བྱུང་མེད། གལ་ཏེ་ད་ལྟའི་རྩོད་རྙོག་གི་གནས་སྟངས་མུ་མཐུད་གནས་པ་ན་ཨ་རི་ཡིས་ཨི་རཱན་གྱི་རྡུལ་ཕྲན་མཚོན་ཚའི་གནད་དོན་དེ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་དུ་གླེང་གློང་གནང་ཡང་བྱ་སྤྱོད་དེ་རྩོད་རྙོག་ཉན་ཚབས་ཇེ་ཆེར་གཏོང་རྒྱུ་ཡིན་འདུག། དེར་བརྟེན་ཡོ་རོབ་གྲིས་ཚོགས་ལ་སོགས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་གཉིས་བར་གྱི་རྩོད་རྙོག་དེ་ཞི་བ་གྲོས་མོལ་གྱི་ལམ་ནས་སེལ་ཐབས་སུ་འབད་སྟེ་མཛའ་སེམས་ཅན་གྱི་ལམ་རག་པར་འབད་དགོས་གོ།

མ་ཟིན།ཌོཀ་ཊར་ཨ་སིཕ་སུ་ཇཱ།ཨི་རཱན་གྱི་དམག་དོན་ལས་གཞིའི་ཉམས་ཞིབ་པ།