རྒྱ་གར་གྱིས་ཏུར་ཀི་ལྷན་དུ་འབྲེལ་ལམ་བྱེད་སྒོ་ཏིང་ཟབ་དུ་གཏོང་བ།

རྒྱ་གར་དང་ཏུར་ཀི་གཉིས་ཀྱིས་ཆེས་མཐོའི་གཞུང་འབྲེལ་མི་སྣའི་ལྷན་ཚོགས་ཚོགས་འདུས་ཐེངས་གཉིས་ཚུགས་སྟེ་ངོས་གཉིས་བར་གྱི་སྔར་ཡོད་གཞུང་འབྲེལ་འབྲེལ་ལམ་གཏིང་ཟབ་དུ་གཏོང་ཡོད་འདུག།ཏུར་ཀི་ཡིས་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱལ་ཁབ་པ་ཀིས་ཐན་དང་ཡར་ཐོན་བཞིན་པའི་མཐུན་ཕྱོགས་རྒྱལ་ཁབ་རྒྱ་གར་ལྷན་དུ་གོང་འཕེལ་གཏོང་བར་འབད་བཞིན་ཡོད།ཏུར་ཀི་ཡིས་རང་རེའི་རྒྱལ་ཁབ་ཀྱི་སྲིད་འཛིན་སློབ་སྟོན་པ་ཌོཀ་ཊར་ཨིབ་རཱ་ཧམ་ཀ་ལིམ་མཆོག་རྒྱ་གར་ལ་གཞུང་འབྲེལ་མཛད་འཆར་དུ་གཏོང་སྟེ་འཇིག་སྐུལ་དྲག་སྤྱོད་ཁ་གཏདགཅོག་ཐབས་དང་རྨང་གཅོས་རིང་ལུགས་བྲལ་ཐབས་སུ་མཉམ་ལས་ལ་སོགས་པའི་གནད་དོནཐད་གྲོས་མོལ་གནང་བ་དང།རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་གོང་འཕེལ་གཏོང་བའི་ཐབས་ལམ་གོ་བསྡུར་གནང་འདུག་རྒྱ་གར་དུ་ས་མཚམས་ཕ་རོལ་ནས་འཇིག་སྐུལ་དྲག་སྤྱོད་ཀྱི་སྡིགས་ར་སེལ་བར་ཏུར་ཀི་ཡི་རོགས་སྐྱོར་དོན་དུ་གཉེར་བཞིན་ཡོད།སྐུ་ཞབས་ཨིབ་རཱ་ཧམ་ཀ་ལིན་དང་རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་ཨ་ཇིཡ་ཌོ་ཡལ་རྣམ་གཉིས་ཀྱི་གྲོས་མཐུན་སྐབས་ཉེ་ཆར་ཤྲིལངྐར་བྱུང་བའི་འཇིག་སྐུལ་དྲག་སྤྱོད་ཀྱི་གནད་དོན་ཡང་གོ་བསྡུར་གནང་ཡོད། 

ངོས་གཉིས་ཀྱིས་ལྷོ་ཨེ་ཤི་ཡ་དང་ནུབ་ཨེ་ཤི་ཡར་གཉིས་དང་འབྲེལ་བའི་རྒྱལ་སྤྱི་དང་མངའ་ཁུལ་གྱི་གནད་དོན་ཐོག་བསམ་ཚུལ་བརྗེ་ལན་གནང་འདུག་ཁ་ཕྱོགས་གཉིས་ཀས་འཇིག་སྐུལ་དྲག་སྤྱོད་ཀྱི་གཟུགས་དབྱིབས་དང་རྣམ་སྤྲུལ་ཆ་ཚང་རྩ་མེད་གཏོང་བ་དང་འཇིག་སྐུལ་དྲག་སྤྱོད་པར་སྦྱིན་བདག་རོགས་སྐྱོར་བྱེད་མཁན་ཚང་མར་ཁྲིམས་ཐོག་ཉེས་ཆད་གཏོང་བར་རྒྱལ་ཁབ་ཚང་མས་མཉམ་རུབ་གནང་དགོས་གལ་ཆེན་པོ་ཡིན་པ་མུ་མཐུད་གནང་འདུག། ད་ལྟ་བར་ཨའི་བྷི་ཨེས་ཨེ་ཡི་འགོ་ཁྲིད་འདུན་ས་ལྷན་ཚོགས་ཚུགས་ཡོད་ཨའི་བྷི་ཨེས་ཨེ་ལྷན་ཚོགས་ཐེངས་ལྔ་པཱརི་ཊོ་རི་ཡཱར་ཕྱི་ལོ་༢༠༡༡ལོའི་ཟླ་བ་བཅུ་པའི་ནང་ཚུགས་ཡོད་འདུག་ 

ཨའི་བྷི་ཨེས་ཨེ་ལྷན་ཚོགས་དྲུག་པ་རྒྱལ་ཚོགས་གསུམ་གྱི་འགོ་ཁྲིད་གསུམ་ལ་སྤྱི་མོས་ཟླ་ཚེས་མེད་པའི་རྐྱེན་གྱིས་དུས་འགྱངས་ཕྱིན་ཡོད་རྒྱལ་ཁབ་གསུམ་གྱིས་ཚོགས་ཆེན་དྲུག་པ་ཚོགསརྒྱུ་གལ་འགྱངས་ཤིན་ཏུ་ཆེ་བ་ཡིན་པའི་ཤེས་སྟེདབུ་ཁྲིད་རྣམས་ཀྱིས་རྒྱལ་ཚོགས་གསུམ་སུ་རང་རེའི་རྒྱལ་ཡོངས་འོས་བསྡུ་སྒྲུབ་རྗེས་འཚོག་རྒྱུ་ཡིན་པ་མུ་མཐུད་གནང་འདུག། 

སྤྱི་ལོ་༢༠༠༤ལོར་ཐག་གཅོད་འགོ་འཛུགས་བྱུང་བའི་ཨའི་བྷི་ཨེས་ཨེ་རྒྱལ་ཚོགས་ཀྱི་ལས་འཆར་གཙོ་ཆེ་ཤཔས་གཅིག་ནི་དབུལ་འཕོང་དང་བཀྲེས་སྐོམ་ཚབས་ཆུང་དུ་གཏོང་རྒྱུ་ཡིན་འདུག།ལས་འཆར་དམིགས་བསལ་དེ་བརྒྱུད་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དུ་འཕེལ་རྒྱས་ཀྱི་ལས་གཞི་སྤེལ་བཞིན་ཡོད་འདུག་ད་བར་ཨའི་བྷི་ཨེས་ཨེ་རྒྱལ་ཚོགས་ཀྱིས་ཡར་རྒྱས་འགྲོ་བཞིན་པའི་ཟླ་རོགས་རྒྱལ་ཁབ་ཁག་༢༠རུ་འཐུང་ཆུ་གཙང་བཟོ།ཞིང་ལས་དང་སྒོ་ཕྱུགས།ཉི་འོད་ནུས་འཐེན།གད་སྙིགས་བཀོད་བྱུས་དང་སྟངས་འཛིན།འཕྲོད་བསྟེན་ལ་སོགས་པའི་ལས་གཞི་བརྒྱུད་རྒྱུན་འཛིན་ཐུབ་པའི་འཕེལ་རྒྱས་དམུགས་ཡུལ་སྒྲུབ་པར་འབད་བཞིན་ཡོད་འདུག་གོ།

མ་ཟིན།དྷི་པན་ཇན་རོཧི་ཅ་ཏུར་ཝེ་དྷི།གཞུང་འབྲེལ་གྲོས་མོལ་གྱི་གསར་འགོད་པ།