15.05.2019

རྒྱ་གར་གྱི་གསར་འགོད་ཚགས་ཤོག་ཁག་གིས་ཡོངས་འགྱུར་གྱི་གཞུང་གིས་རྒྱ་གར་གྱི་ཞིང་ལས་སེཀ་ཊར་ལ་དམིགས་བསལ་གྱི་དོ་སྣང་ཆེ་རུ་གཏོང་བེ་འབོད་འདུག།ཚགས་ཤོག་ཁག་གིས་ལྷོ་ཨཕ་རི་ཀའི་གཞུང་འཛིན་ཆབ་སྲིད་ཚོགས་པར་ལྐོག་བཟས་ཀྱི་ནག་ཉེས་སྐྱོན་འཛུགས་ཐོག་མང་ཚོགས་རྒྱབ་སྐྱོར་ཇེ་ཉུང་དུ་སོང་བཞིན་པ་གོ་བསྡུར་གནང་འདུག།ཨ་རི་དང་རྒྱ་ནག་གཉིས་བར་གྱི་ཚོང་དམག་ཤེད་ཤུགས་ཆེ་རུ་འགྲོ་ཉེན་ཡོད་པས་ཕྱོགས་གཉིས་ཀའི་གྲོས་འགྲིག་པས་རྒྱལ་སྤྱིའི་དཔལ་འབྱོར་གྱི་བདེ་དོན་ལ་དམིགས་སྟེ་ཐབས་ལམ་འཚོལ་དགོས་པ་བཀོད་འདུག།རྒྱ་གར་གྱི་ཚགས་ཤོག་ཧིན་རྡུས་ཏན་ཊཱཨིམ་ཡིགསར་འགོད་གླེང་བརྗོད་གྲོང་གསེབ་ཀྱི་དཔལ་འབྱོར་འགྱུར་བ་གཏོང་བ་ནང་ཉེ་ཆར་ཐོན་པའི་དབུས་གཞུང་གི་ཐོ་གཞུང་སྙན་ཐོར་གྲོང་གསེབ་ཀྱི་ཉིན་གླ་ཇེ་ཉུང་དུ་འགྲོ་བཞིན་པ་ནི་སེམས་ཚབ་ཀྱི་གནས་སྟངས་ཞིག་ཡིན་ཐོ་གཞུང་ནང་བཀོད་པ་བཞིན་ཕྱི་ལོ་༢༠༡༨༡༩ཡི་ཟླ་བ་ཁ་ཤས་རིང་མར་ཆག་སོང་ཡོད་ཉམ་འགུད་ཀྱི་གནས་སྟངས་དེ་སོ་ནམ་ཞིང་ལས་ཀྱི་དཀའརྙོག་གིས་ཇེ་ཆེར་སྤེལ་བཞིན་ཡོད་ད་ལྟ་བར་ཞིང་ལས་དང་འབྲེལ་བའི་དཀའ་རྙོག་རྣམས་རྒྱལ་ཡོངས་སུ་ཞིང་པ་རྣམས་ལ་ཞིང་ལས་དངུལ་བུན་བློས་བཏང་ངམ་གཞུང་གིས་ལོ་ཏོག་གཙོ་ཁག་མཁོ་སྒྲུབ་གོང་ཚད་ཇེ་ཆེར་གཏོང་ཡང་དགོང་ངེས་ཀྱི་དཀའ་རྙོག་སེལ་ཐུབ་པ་བྟིང་མེད།སྔོན་དཔག་ལས་དབྱར་ཁའི་ཆར་དུས་ཉུང་བ་(གང་གི་ལུས་ལྷག་པར་སྐམ་པོ་བཞག་པ་)བྱུང་བ་དང།ཨེལ་ནི་ནོ་རྐྱེན་ངན་གྱིས་ད་ལོ་ཆར་དུས་ཁྱད་པར་བཟོས་པའི་ཉེན་ཚབ་ཀྱིས་ཞིང་པའི་ལོ་ཏོག་ལ་ཉེན་ཁ་ཇེ་ཆར་གཏོང་གི་ཡོད།ཆུ་བདེ་སྤྱོད་མང་ཉུང་ལ་བསྟུན་ནས་ལོ་ཏོག་འདེབས་འཛུགས་བྱེ་དགོས། གསར་དུ་འོས་འདམེས་བྱུང་བའི་གཞུང་གིས་ཞིང་ལས་ཀྱི་དཔལའབྱོར་གོང་འཕེལ་དང། རང་ངོས་ནས་རྒྱུན་འཛིན་ཐུབ་པ་བཟོས་པར་ཚོང་ལས་ཀྱི་རིགས་རྒྱུད་ལ་དོ་སྣང་བྱེད་དགོས། 

དེ་བཞིན་ཨ་རི་ཡི་བྱ་སྤྱོད་ཀྱི་ཡ་ལན་དུ་ཨི་རཱན་གྱི་ཆེས་མཐོའི་རྒྱལ་སྲུང་ལྷན་ཚོགས་ཀྱི་ཚོགས་འདུས་འཚོགས་སྟེ་ཇེ་སི་པི་ཨོ་ཨེ་གྲོས་མཐུན་གྱི་རང་རེའི་ཁེ་ལན་བྱེད་སྒོ་ཉུང་དུ་གཏོང་རྒྱུའི་ཐག་གཅོད་གནང་འདུག། ཨི་རཱན་གྱི་སྲིད་འཛིན་ཧཱ་སན་རུ་ཧ་ནི་མཆོག་གིས་སྣེ་ཁྲིད་པའི་ཨི་རཱན་རྒྱལ་སྲུང་ལྷན་ཚོགས་ཀྱིས་ཐག་གཅོད་དེ་ནི་ཇེ་སི་པི་ཨོ་ཨེ་གྲོས་མཐུན་ལས་ཕྱིར་འཐེན་མིན་ཞིང་ད་ལྟའི་གནས་སྱགས་ལ་བསྟུན་སྟེ་གནས་སྐབས་རིང་གི་འཆར་སྒྲིག་ཡིན་བཅས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགྲེལ་བརྗོད་གནང་འདུག། 

ཐག་གཅོད་དེ་ཡི་འོག་ཡུ་རེ་ནི་ཡམ་ཕྱུག་སྒྱུར་གཏོང་རྒྱུ་ཡིན་ཞིང་ཐག་གཅོད་བྱ་སྤྱོད་དེ་ཡི་བཅད་མཚམས་ནི་ཉིན་༦༠ རིང་ཡིན། ཨི་རཱན་རྡུལ་ཕྲན་མཚོན་ཆའི་གྲོས་མཐུན་གྱི་ཤོག་ཁ་གཞན་ཡོ་རོབ་གྲོས་ཚོགས་ལ་སོགས་པས་གྲོས་མཐུན་སྐྱོབས་པར་འབད་ཀྱང་གྲུབ་འབྲས་ལྡན་པ་བྱུང་མེད། གལ་ཏེ་ད་ལྟའི་རྩོད་རྙོག་གི་གནས་སྟངས་མུ་མཐུད་གནས་པ་ན་ཨ་རི་ཡིས་ཨི་རཱན་གྱི་རྡུལ་ཕྲན་མཚོན་ཚའི་གནད་དོན་དེ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་དུ་གླེང་གློང་གནང་ཡང་བྱ་སྤྱོད་དེ་རྩོད་རྙོག་ཉན་ཚབས་ཇེ་ཆེར་གཏོང་རྒྱུ་ཡིན་འདུག། དེར་བརྟེན་ཡོ་རོབ་གྲིས་ཚོགས་ལ་སོགས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་གཉིས་བར་གྱི་རྩོད་རྙོག་དེ་ཞི་བ་གྲོས་མོལ་གྱི་ལམ་ནས་སེལ་ཐབས་སུ་འབད་སྟེ་མཛའ་སེམས་ཅན་གྱི་ལམ་རག་པར་འབད་དགོས་གོ།

 མ་ཟིན། པ་ཌམ་སིང། རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་གི་གསར་འགྱུར་ཉམས་ཞིབ་པ།