རྒྱ་གར་གསར་འགོད་ཚགས་ཤོག་ཁག་གི་གནས་ཚུལ་ཞིབས་འཇུག།

རྒྱ་གར་གྱི་གསར་འགོད་ཚགས་ཤོག་ཁག་གིས་རྒྱ་གར་དང་ཨི་རན་གཉིས་ཀྱི་རྡོ་སྣུམ་ཚོང་འབྲེལ་ཐོག་འགྲེལབརྗོད་གནང་འདུག།གནད་དོན་དེ་ཐོག་གནད་འགག་ཆེ་བའི་ཐག་གཅོད་གསལ་བསྒྲགས་ཅི་འདྲ་ཞིག་ཡིན་རུང་གཞུང་རྗེས་མས་ལག་བསྟར་གནང་བ་བརྗོད་འདུག།ཉིན་རེའི་ཚགས་ཤོག་ཁག་གིས་འཛམ་གླིང་ཚོང་འབྲེལ་ཚོགས་པའི་བློན་ཆེན་ལྷན་ཚོགས་ཀྱི་ཚོགས་འདུར་རྒྱ་གར་གྱི་ལང་ཕྱོགས་ལ་བསྟོད་འདུག།རྒྱ་གར་གྱི་ཚགས་ཤོག་ཁག་གིས་ཨོས་ཀྲེ་ལི་ཡ་རྒྱལ་ནང་དཀའ་རྙོག་མང་པོས་མནར་རྗེས་ཨོས་ཀྲེ་ལི་ཡའི་གཞུང་ལ་གལ་ཆེའི་འོས་བསྡུ་ཕྲད་བཞིན་ཡོད།རྒྱ་གར་གྱི་ཚགས་ཤོག་པའི་ནེར་གྱི་རྩོམ་སྒྲིག་གླེང་བརྗོད་སྣུམ་འདྲེད་ཉོར་ཤོར་བའི་ནང་ཨི་རན་གྱི་ཕྱི་སྲིད་བློན་ཆེན་མོ་ཧོ་མདྷ་ཇཱ་ཝེད་ཛ་རིཕ་མཆོག་གིས་ཨ་རིའི་སྲིད་དོན་བཀའ་བཅད་ལ་མ་ལྟོས་པར་རྒྱ་གར་གྱི་ཨི་རན་ནས་སྣུམ་ཉོ་ཚོང་གི་གནད་དོན་ཐོག་དབུ་མའི་ལམ་ཞིག་འཚོལ་སྒྲུབ་བྱེད་ཀྱང་ལམ་དེ་ཁེས་ལེན་མཇུག་པའི་གནས་སྟངས་རྒྱ་གར་ལ་མེད།དེ་ལྟར་ཡང་ཕྱི་སྲིད་བློན་ཆེན་གྱིས་འགྲོ་བཞིན་པའི་རྒྱལ་ཡོངས་འོས་བསྡུར་རྐྱེན་པའི་གནད་དོན་དེ་ཐོག་གཞུང་གསར་པའི་ཐག་གཅོད་གནང་བ་བརྗོད་དེ་དུས་ཚོད་ཉོ་ཐུབ་པ་བྱུང་ཡང་དོན་དངོས་སུ་སྣུམ་གྱི་གཉན་འཕྲང་སླེབས་ལ་ཉེ་བ་ཡོད། 

ཨ་རི་སྲིད་འཛིན་ཌོ་ནལ་ཊ་རམ་པའི་འཛིན་སྐྱོང་གིས་ཐག་གཅོད་འོག་ཨི་རན་གྱི་ལྷན་དུ་ཚོང་འབྲེལ་བྱེད་མཁན་རྒྱལ་ཁབ་ལ་དངུལ་ཆག་ཡང་མཚམས་འཇོག་གི་ཐག་གཅོད་ཀྱི་ཁ་གཏད་ད་དུང་ཡང་རྒྱ་གར་གྱི་སྲིད་བྱུས་གང་ཡང་ལག་བསྟར་གཏན་འཁེལ་བྱུང་མེད།རྒྱ་གར་གྱིས་ཨི་རན་ལས་རྡོ་སྣུམ་ཉོ་ཚོང་ཇེ་ཉུང་དུ་གཏོང་ཡང་ད་དུང་རྒྱ་གར་གྱི་ཁྱོན་རྡོ་སྣུམ་ཉེར་སྤྱོད་ལས་བརྒྱ་ཆ་གསུམ་ཆ་བཞི་ཨི་རན་ལས་ཉོ་ཡི་ཡོད།རྒྱ་གར་ནི་རྒྱ་ནག་རྗེས་ཨི་རན་ལས་དྭངངས་སྙིག་མ་དབྱེ་བའི་རྡོ་སྣུམ་ཉོ་མཁན་ཆེ་ཤོས་གཉིས་པ་ཡིན་དེར་བརྟེན་སྐུ་ཞབས་ཛ་རིཕ་མཆོག་གིས་རྒྱ་གར་ཨི་རན་གྱི་དམག་དོན་མཛའ་ཕྱོགས་ཀྱི་རྒྱལ་ཁབ་གལ་ཆེ་ཞིག་ཡིན་པ་ནན་བརྗོད་བྱེད་དེ་རྒྱ་གར་གྱི་མུ་མཐུད་ཨི་རན་ནས་རྡི་སྣུམ་ཉོ་ཚོང་བྱེད་པའི་རེ་བ་བྱེད་བཞིན་ཡོད།

ཧིན་རྡུ་ཚགས་ཤོག་གི་རྩོམ་སྒྲིག་པའི་གླེང་བརྗོད་སྲ་བརྟེན་འདོད་པར་ཨོས་ཀྲེ་ལི་ཡའི་སྲིད་བློན་སོ་ཀོཊ་མོ་རི་སན་མཆོག་གིས་ཡོངས་འགྱུར་གྱི་ཕྱི་ཟླ་ལྔ་པའི་ཚེས་༡༨རྒྱལ་ཡོངས་འོས་བསྡུ་སྔོན་སྲིད་དོན་རྒྱལ་ཁ་ཐོབ་བཟིན་སྲིད་པ་བརྗོད་འདུག།སྔར་གཞུང་འཛིན་ལི་བྷི་རམ་སྲིད་དོན་ཚོགས་པར་ནང་རོལ་དུ་གྱེན་ལངས་རྗེས་ཟླ་བ་བརྒྱད་པའི་ནང་སྲིད་བློན་གྱི་འགན་འཁུར་བཞེས་རྗེས་སྤྱོ་ཚོགས་སྔ་སྲོལ་ལ་དགའ་ཞན་ཅན་གྱི་སྲིད་དོན་པས་དུས་ཡུན་ཆ་ཚང་མཇུག་སྐྱེལ་ཐུབ་པ་མི་ཉུང་ཤས་ཀྱིས་རེ་བ་བྱས་ཡོད།འདས་པའི་ལོ་ཤས་ནང་་ཨོས་ཀྲེ་ལི་ཡར་གཞུང་འཛིན་འགོ་ཁྲིད་མང་པོ་མགོ་རྟིང་སློག་པའི་གནས་སྟངས་མང་པོ་ཆགས་ཡོད།ཡོངའ་འགྱུར་གྱི་རྒྱལ་ཡོངས་འོས་བསྡུ་ཡིས་སྲིད་དོན་སྲ་བརྟན་བཟོས་པའི་ངེས་གཏན་མེད།སྐུ་ཞབས་མོ་རི་སེན་མཆོག་གིས་སྣེ་ཁྲིད་པའི་ལོ་བྷི་རེལ་སྲིད་དོན་ཚོགས་པ་ནི་ཕྱཔགས་ལྷུང་མེད་པ་དང་རྙིང་ཞན་ཅན་གཉིས་སུ་འགས་ཡོད།འགས་ཆག་དེ་དག་སྔར་སྐུ་ཞབས་མེལ་ཀོམ་ཊན་བུལ་སྲིད་བློན་གྱི་འགན་འཁུརལས་འབུད་སྐབས་དངོས་གསལ་བྱུང་བ་མ་ཟད་ད་དུང་ཡང་གྲོས་ཆོད་གཡོལ་བཞིན་ཡོད།འཛམ་གླིང་གི་མི་གནས་གླིང་ཕྲན་སྐམ་ཤོས་སུ་གློ་ལའི་སྤྱོ་དྲོད་འཕར་པའི་ཤུགས་རྐྱེན་གདོང་ལེན་མྱང་བཞིན་ཡོད། 

མ་ཟིན།པ་ཌམ་སིང།རྒྱ་གར་རྒྱལ་ཡོངས་རླུང་འཕྲུན་ཁང་གི་གསར་འགྱུར་ཉམས་ཞིབ་པ།