རྒྱ་གར་གྲོས་ཚོགས་འོག་མའི་རྒྱལ་ཡོངས་འོས་བསྡུ་ཐེངས་༡༧པ་མཇུག་སྡུད་པ།

རྒྱ་གར་གྲོས་ཚོགས་འོག་མའི་རྒྱལ་ཡོངས་འོས་བསྡུའི་རིམ་པ་བདུན་པའ་མང་ཚོགས་ཀྱིས་འོས་བསྡུའི་ལས་རིམ་དུ་མཉམ་ཞུགས་ཤུགས་ཆེན་པོའི་ཐོག་མཇུག་སྒྲིལ་བྱུང་འདུག།སྤྱིར་ད་ལོའི་གྲོས་ཚོགས་འོག་མའི་རྒྱལ་ཡོངས་འོསབསྡུར་དེབ་སྐྱེལ་འོས་འཕེན་མི་གྲངས་ས་ཡ་༩༠༠ལས་འོས་འཕེན་མི་གྲངས་བརྒྱ་ཆ་༦༦ཐམ་པ་བྱུང་ཡོད་འདུག།རྒྱ་གར་གྱིས་བསྐྱར་དུ་རང་རེའི་རྩ་ཁྲིམས་ཀྱི་ནུས་ཤུགས་ལྡན་པའི་འཕྲུག་ཉམས་ཅན་དང།མཉམ་སྤྱོད་མང་གཙོའི་ལམ་ལུགས་འགྲེམས་བསྟོན་གནང་ཡོད།

འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཀྱིས་འོས་འཕེན་མིས་རྒྱལ་སྤྲོས་ཆེ་བའི་མཉམ་ཞུགས་གནང་སྟེ་རྒྱ་གར་འོས་བསྡུ་ལྷན་ཁང་གིས་མི་སེར་བགྲེས་པ་དང།དབང་པོ་སྐྱོན་ཅན་རྣམས་ལ་ཤུགས་དྲག་ཅན་གྱི་གོ་སྒྲིག་བྱས་ཡོད།མད་ཡཱ་པར་དེཤ་མངའ་སྡེའི་ཨིན་རྡོར་གྲོང་སྡེ་ནས་ཡིན་པའི་ཕི་ཊི་གསུམ་ཅན་གྱི་ཝི་ནི་ཏ་ཇེན་གྱིས་རང་རེའི་འོས་འཕེན་གྱི་ཐོབ་ཐང་སྤྱོད་དེ་སྣག་ཐིག་ཅན་གྱི་མཛུབ་མོ་སྤོབས་པའི་ངང་བསྟན་འདུག།བྷུ་ཧར་མངའ་སྡེའི་པཊ་ན་གྲོང་སྡེར་ཕྱོགས་གཅིག་སྦྲེལ་གྱི་མཚེ་ཕྲུག་སྲིང་མི་གཉིས་ཀྱིས་མི་དོ་དག་སོ་སོ་གཉིའི་ཐོག་འོས་མི་འཕེན་འདུག།རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུས་ཕྱི་རྒྱལ་དུ་བརྟན་གཞི་རྒྱ་གར་བ་གྲངས་ཤུགས་ཆེན་པོ་འོས་འཕེན་ཁོ་ནའི་རྐྱེན་པའི་ཕྱིར་སློག་ཡོངས་བས་འོས་བསྡུས་སེམས་སྐུལ་མཚོན་ཐུབ།རྒྱལ་ཡོངས་འོས་བསྡུས་དོན་དམ་མང་ཚོགས་ལ་སེམས་སྐུལ་གཏོང་བ་དེ་ཉིན་རེ་གླ་ཕོག་གི་ལས་མི་རྣམས་ཀྱང་རང་རེའི་ལས་ཀ་ལས་དགོངས་པ་བླངས་སྟེ་འོས་འཕེན་པར་སོང་བ་དངོས་འབྲེལ་ཡོན།འོས་འཕེན་མི་གྲགས་ཤུགས་ཆེབ་སླེབས་པ་ནི་དོན་དམ་གྱིས་འོས་འཕེན་མང་ཚོགས་ལ་ཞེན་སྐུལ་བསྡུ་རུབ་བྱས་པ་དང།གོ་རྟོགས་སྤེལ་བའི་ནུས་པ་ཡིན།ད་ལོའི་འོས་བསྡུར་འོས་འཕེན་མི་སྣ་གསར་པ་ས་ཡ་༨༥དེབ་སྐྱེལ་བྱུང་བ་ནི་རྒྱ་གར་འོས་བསྡུ་ལྷན་ཁང་གི་དང་ཞེན་སྒྲ་གྲིག་ལེགས་པར་གནང་བ་མཚོན་གྱི་ཡོད། 

རེས་གཟའ་ཉི་མའི་ཉིན་དབུས་གྲོས་ཚོགས་འོག་མའི་ཞབས་སྟེགས་༥༩ཆེད་མངའ་སྡེ་བརྒྱད་དུ་འོས་བསྡུ་ལས་རིམ་འཚུག་ཡོད།ཁྱོན་གྲོས་ཚོགས་འོག་མའི་ཞབས་སྟེགས་༥༤༢ཆེད་འཔས་བསྡུ་ཀས་རིམས་འཚུགས་ཡོད།འོས་བསྡུ་ལྷན་ཁང་གིས་ཏ་མིལ་ནཱ་གྲུ་མངའ་སྡེའི་ཝེ་ལོ་རི་འོས་འདེམས་ས་ཁུལ་དུ་དངུལ་གྱི་ནུས་པ་བདེ་སྤྱོད་བྱེད་དེ་འོས་འཕེན་བྱེད་སྒོ་ལ་ཤུགས་རྐྱེན་བཟོས་པ་ཤེས་རྟོག་གིས་འོས་འཕེན་ལས་རིམས་མེད་པ་བཟོས་ཡོད།རྒྱ་གར་གྱི་སྲིད་འཛིན་མཆོག་གིས་དབྱིན་རྒྱ་འདྲེས་པའི་མི་གཉིས་གྲོས་ཚོགས་འོག་མར་ཐད་བཀོད་གནང་སྟེ་ཁྱོན་གྲོས་ཚོགས་འོག་མའི་ཚོགས་མི་༥༤༥ཡོད།

ད་ལན་གྱི་རྒྱལ་ཡོངས་འོས་བསྡུར་བར་ངལ་དུ་གནས་པའི་སྲིད་བློན་མོ་དྷི་གཙོས་པའི་ཁྱོན་འོས་མི་༩༡༨ཡོད།འོས་འཕེན་རིམ་པ་མཐའ་མར་འོས་འཕེན་མི་སྣ་ས་ཡ་༡༠འོས་འཕེན་ནུས་པ་ཡུན་པས་འོས་འཕེན་བརྒྱ་ཆ་ཁྱོན་༦༤བྱུང་ཡོད་འདུག། 

འདི་ཟླའི་ཚེས་༢༣ཉིན་འོས་རྣམས་འཔས་བསྡུའི་སྤྱིལ་བུའི་ཤོག་བུ་ཡི་བདེན་པ་ཁུང་སྐྱེལ་གྱི་རྗེས་འོས་གྲངས་ཀ་རྒྱག་འགོ་ཚུགས་རྒྱུ་ཡིན།ད་ལོ་༢༠༡༩ལོའི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུས་རྒྱ་གར་དུ་དྲང་བདེན་གྱི་སྒོ་མས་ནུས་ཚད་ངོ་མ་འོས་སྒམ་བརྒྱུད་ཡིན་པ་ནན་བརྗོད་གནང་ངོ། 

མ་ཟིན།མ་ནིཤ་ཨ་ནཌ།རྒྱ་གར་གསར་པ་ཚགས་ཤོག་གི་གསར་འགྱུར་རྒྱུན་ལས་པ་རྒན་པ།