25.08.2019

ངའི་བརྩེ་བའི་མི་སེར་རྣམ་པར་བཀྲིས་བདེ་ལེགས་ཞུ། དེང་སང་ཕྱོགས་གཅིག་ལ་རྒྱལ་ནང་དུ་ང་ཚོས་ཆར་པའི་གསོལ་སྟོན་ལ་རོལ་བཞིན་ཡོད་པ་དང་། ཕྱོགས་གཞན་ཞིག་ལ་རྒྱལ་ཁབ་ཀྱི་མཐའ་ཁུག་སོགས་ཆ་ཚང་ལ་དུས་སྟོན་གྱི་མཛད་སྒོར་རོལ་བཞིན་པ་འདི་མེར་མེའི་དུས་སྟོན་ (Diwali) བར་ལ་རྒྱུན་འཁྱོང་ཡོང་རྒྱུ་ཡིན་པ་དང་། ང་ཚོས་མེས་པོ་དམ་པོ་ཚོ་ལོ་རེའི་དུས་སྟོན་དང་། དཔལ་འབྱོར་བྱ་ཞག སྤྱི་ཚོགས་དང་འཚོ་བའི་བྱ་ཞག་ཁག་ཆ་ཚང་ང་ཚོའི་སྤྱི་ཚོགས་ནང་དུ་ནག་ལྷོང་མེད་པ་བཟོ་རྒྱུར་བཟཔ་བཀོད་བཟང་པོ་གནང་ཡོད་པ་དང་། འདས་པའི་ཉིན་ཤས་ནང་དུ་དུས་སྟོན་ཁག་འགའ་ཤས་ལ་སྲུང་རྩི་ཞུས་ཟིན་པ་དང་། ཁ་ས་ཉིན་མོ་ལྷ་ཆེན་ཀྲི་ཤི་ཎ་འཁྲུངས་པའི་དུས་ཆེན་ (Krishna Janma Mahotsav) ཞེས་པ་འདི་རྒྱལ་ནང་དུ་སྲུང་རྩི་ཞུས་ཡོད་པ་དང་། ལྷ་ཆེན་མཆོག་གི་ཐུན་མོང་མ་ཡིན་པའི་མིའི་ཁྱད་ཆོས་འདི་ལོ་ངོ་སྟོང་ཕྲག་གི་རྗེས་སུའང་ནུས་ཤུགས་གསར་པ་དང་། སྐུལ་སློང་གསར་པའི་ཐོག་ནས་ད་དུང་ཡང་སྲུང་རྩི་ཞུས་ནས། ད་ཆ་དཀའ་ངལ་རྣམས་སེལ་ཐབས་ཀྱི་སེམས་འགུལ་ཐེབས་ཐུབ་པ་ཡོང་གི་ཡོད་པ་རེད། ད་ལྟའི་དཀའ་ངལ་ཁག་ཆ་ཚང་ནང་ལ་ཚང་མས་ཤྲི་ཀྲི་ཤི་ཎ་མཆོག་གི་མི་ཚེའི་རྒྱུད་ལམ་ནས་ཐབས་ལམ་འཚོལ་ཐུབ་པ་ཡོང་གི་ཡོད་པ་དང་ཁོང་ལ་སྟོབས་ཤུགས་དང་ནུས་པ་ཧ་ཅང་གི་ཆེན་པོ་ལྡན་ཡོད་ནའང་ཁོང་གིས་སྐབས་རེ་ RAAS ཞེས་པའི་བྱེད་སྒོར་རོལ་ནས་བཞུགས་པའམ་ཡང་ན་བ་ཕྱུགས་ཀྱི་ཁྲོད་དུ་བཞུགས་པ། དེ་མིན་རྩེད་མོ་སོགས་ལ་རོལ་ནས་དུས་རྟག་ཏུ་གླིང་བུ་བཏགས་ནས་ཅི་གར་རོལ་བ་སོགས་ཀྱི་འཇོན་ཐང་དང་ནུས་པ་ཧ་ཅང་གི་ཆེན་པོ་ལྡན་ཡོད་ནའང་། དུས་རྟག་ཏུ་སྤྱི་ཚོགས་དང་མི་མང་གི་ནུས་སྟོབས་འཕེལ་རྒྱུར་འབད་བརྩོན་གནང་མཁན་གྱི་མི་མང་སྲུང་སྐྱོབ་བྱེད་མཁན་ཞིག་ཡིན་པ་དང་། གྲོགས་པོའི་བར་ལ་བརྩེ་དུང་གང་འདྲ་ཞིག་དགོས་ཀྱི་ཡོད་དམ་ཞེས་འདྲི་བྱས་ཚེ། Sudama དང་ལྷན་དུ་བྱུང་བའི་གནད་དོན་འདི་སུ་ཞིག་གིས་ཀྱང་བརྗེད་ཐབས་མེད་པ་ཞིག་ཡིན་པ་དང་། དམག་སའི་ནང་དུ་ཁོང་གི་ནུས་སྟོབས་ཆེན་པོ་ཡོད་པར་མ་ལྟོས་པར་ཤིང་རྟ་འཁོར་ལོའི་ཁ་ལོ་པའམ། ཡང་ན་ས་སྦམ་བཏེགས་པའམ། ཤིང་ལོ་གྲུག་པ་སོགས་ཀྱི་ལས་འཁུར་བཞེད་པ་འདིས་ཁོང་གིས་འགན་འཁུར་བཞེས་པའི་བྱ་ཞག་རྣམས་ལ་གསར་གཏོད་ཀྱི་ཚོར་སྣང་ཞིག་ཡོང་བཞིན་པར་རྟེན། དེ་རིང་ངས་ཁྱེད་རྣམས་དང་ལྷན་དུ་གཏམ་བཤད་བྱེད་བཞིན་པའི་སྐབས་འདིར་མོ་ཧན་གཉིས་ཀྱི་བར་ལ་བཀའ་མོལ་ཞུ་འདོད་བྱུང་བའི་ནང་ལ་མོ་ཧན་གཅིག་ལ་ལག་ཏུ་སུ་དར་ཤན་ཙཀྲ་བརྣམས་པ་དང་། མོ་ཧན་གཞན་པ་དེས་ཙཀྲ་བརྣམས་ཡོད་པ་དེ་གཉིས་ནང་ནས་སུ་དར་ཤན་ཙཀྲ་བརྣམས་པའི་མོ་ཧན་དེས་ཡ་མུ་ན་གཙང་ཆུའི་ཆུ་འགྲམ་ལ་བཞུགས་ནས་གྷུ་ཇ་རཏ་ཡི་རྒྱ་མཚོའི་འགྲམ་དུ་ཕྱིན་ནས་ཌ་ཝ་རི་ཀ་གྲོང་འཁྱེར་དུ་བཞུགས་ཡོད་པ་དང་། ཡང་མོ་ཧན་གཞན་དེ་བཞིན་རྒྱ་མཚོའི་འགྲམ་དུ་འཁྲུངས་ཡོད་པ་དེ་ཡ་མུ་ན་ཆུ་འགྲམ་དུ་ཕེབས་ནས་ཐ་མ་དྷི་ལིར་སྐུ་འདས་ཡོད་པ་དང་། སུ་དར་ཤན་ཙཀྲ་བཞེས་པའི་མོ་ཧན་གིས་ལོ་ངོ་སྟོང་ཕྲག་ལྔ་ནས་ཁོང་གི་ཤེས་རབ་བློ་གྲོས་དང་། འོས་འགན་ནུས་པ། རྒྱལ་སྤྱིའི་མཐོང་སྣང་ཆ་ཚང་། དམག་འཐབ་དང་། རྩོད་རྙོག་མ་ཡོང་བར་བེད་སྤྱད་ནས་འབད་བརྩོན་གནང་ཡོད་པ་དང་། འཁོར་ལོ་འཛིན་པའི་མོ་ཧན་གཞན་པ་འདིས་ཀྱང་རང་དབང་དང་མིའི་ཆེ་མཐོང་། མིའི་ཀུན་སྤྱོད་ཀྱི་གཞི་རྩ་སྲ་བརྟན་དུ་གཏོང་རྒྱུ་སོགས་པ་འབད་བརྩོན་གནང་སྟེ། རང་བཙན་འཐབ་རྩོད་ལ་བརྡ་མཚོན་བཏང་ཡོད་པ་འདིས་རྒྱལ་སྤྱིའི་ནང་དུ་ཚོར་སྣང་ཆེན་པོ་བཟོས་ཡོད་པ་ད་དུང་ཡང་ལྷག་ནས་བསྡད་ཡོད་པ་དང་། གཞན་ཕན་གྱི་ཞབས་ཞུ་དང་། ཤེས་ཡོན། མི་ཚེའི་དཀའ་སྡུག་ཁྲོད་ནས་མདུན་བསྐྱོད་བྱ་རྒྱུ་སོགས་གལ་འགངས་ཁག་ཆ་ཚང་ང་ཚོ་ལྷ་ཆེན་ཀྲི་ཤི་ཎ་མཆོག་གི་མེ་ཚེའི་མཛད་འཕྲིན་ལས་ཤེས་རྟོགས་ཐུབ་པ་ཞིག་ཡིན་པར་རྟེན་ནས་ཤྲི་ཀྲི་ཤི་ཎ་མཆོག་ལ་ང་ཚོས་ཇ་གྷཏ་གུ་རུ་ཞེས་རྒྱལ་སྤྱིའི་སློབ་དཔོན་ལ་ངོས་འཛིན་ཞུ་བཞིན་ཡོད་པ་རེད། དེ་རིང་ང་ཚོ་རྒྱ་གར་ཙམ་མ་ཡིན་པར་རྒྱལ་སྤྱི་ཆ་ཚང་བའི་ནང་དུ་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་སྐུའི་འཁྲུངས་སྐར་ཐེངས་ ༡༥༠ དུས་སྟོན་སྲུང་རྩིི་ཞུ་རྒྱུའི་གྲ་སྒྲིག་ལ་འབད་བརྩོན་ཞུ་བཞིན་ཡོད་པ་དང་། སྤྱི་ལོ་ ༡༩༦༩ ཟླ་ ༡༠ ཚེས་ ༢ ཉིན་ལ་དེང་དུས་ཀིརྟི་མན་དྷིར་ཞེས་པའི་པོར་བྷན་དར་མཚོ་འགྲམ་གྱི་ཁང་ཆུང་ཞིག་ཧི་ནང་དུ་མི་ཞིག་མ་ཡིན་པར་དུས་རབས་གསར་པ་ཞིག་འཁྲུངས་ཡོད་པ་འདིས་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་གསར་པ་ཞིག་གཏོད་ཡོད་པ་འདིའི་ནང་ལ་མཛད་རྗེས་ཧ་ཅང་གི་ཆེན་པོ་བཞག་ཡོད་པ་དང་། བདག་ཉིད་ཆེན་པོ་གྷན་དྷི་མཆོག་གིས་ཆ་ཤས་གཙོ་བོ་དེ་བཞིན་ཞབས་ཞུ་དང་། དེའི་འོས་འགན་དེ་ཆགས་ཡོད་པ་དང་། མེས་པོ་མཆོག་གི་མི་ཚེའི་རྒྱུད་ལམ་ནང་དུ་ཁོང་གིས་མི་རིགས་དབྱེ་འབྱེད་ཀྱི་དཀའ་ངལ་འཕྲད་བཞིན་པའི་ལྷོ་ཨ་ཕི་རི་ཀའི་མི་མང་ལ་ཞབས་ཞུ་གནང་ཡོད་པ་དེ་སྐབས་དེ་དུས་མཛད་རྗེས་ཆུང་ཆུང་ཞིག་ནམ་ཡང་ཆགས་མེད་པ་དང་། ཁོང་གིས་ཅམ་པ་རན་གྱི་ཞིང་པ་དང་། གླ་ཕོགས་ཉུང་བའི་གཏེར་བཏོན་ལས་མི་དང་། མི་སེར་སྐྱོ་བོ་དང་ལྟོགས་པ་སོགས་ལ་ཞབས་ཞུ་བསྒྲུབ་རྒྱུ་འདི་དག་ཁོང་གི་མི་ཚེའི་འོས་འགན་གཙོ་བོ་ཞིག་ལ་དང་ལེན་གནང་ནས་ཁོང་གི་མི་ཚེའི་ནང་དུ་ཞབས་ཞུ་བསྒྲུབས་ནས་དཔེ་མཚོན་ཁྱད་དུ་འཕགས་པ་སྟོན་ཡོད་པ་དང་། ཁོང་གིས་ཞབས་ཞུའི་སྙིང་སྟོབས་ཙམ་མ་ཡིན་པར་ནང་ཁུལ་གྱི་སྤྲོ་སེམས་ལ་གལ་ཆེར་ངོས་འཛིན་གནང་ཡོད་པ་དང་། སེ་ཝ་པར་མོ་དར་ན་ཞེས་དགའ་སྤྲོའི་ངང་ནས་ཞབས་ཞུ་བསྒྲུབ་པ་དང་སྭན་ཏཧ་སུ་ཁ་ཡ་ཞེས་སེམས་གཏིང་ནས་སྤྲོ་སེམས་ཀྱིས་ཞབས་ཞུ་བསྒྲུབ་པ་སོགས་ང་ཚོས་མེས་པོ་དམ་པའི་མི་ཚེ་ལས་ཤེས་རྟོགས་ཡོང་རྒྱུ་རེད། མེས་པོ་དམ་པ་བདག་ཉིས་ཆེན་ཨ་པོ་གྷན་དྷི་མཆོག་འགྲོ་བ་མིའི་ཆེ་མཐོང་དང་། གཟི་བརྗིད་གཅེས་འཛིན་བྱ་རྒྱུར་རྒྱ་གར་གྱི་མི་རིགས་ཙམ་མ་ཡིན་པར་རྒྱལ་སྤྱིའི་འབོད་སྒྲ་ཞིག་ཆགས་ཡོད་པ་དང་། བདག་ཉིད་ཆེན་པོ་གྷན་དྷི་མཆོག་ལ་ཨ་ཕི་རི་ཀའི་ཕི་ནིག་སི་འམ་ཊོལ་སི་ཊོའི་ཞིང་ཁ་དང་། ཡང་ན་ས་བྷ་མ་ཏི་ཨཤ་རམ་འམ་ཝར་དྷ་སོགས་མི་སྒེར་པ་དང་སྤྱི་ཚོགས། འགྲོ་བ་མི་དང་། མིའི་འཇིག་རྟེན་བཅས་ཆ་ཚང་གཙོ་གནད་ཀྱི་གནད་དོན་ཞིག་ཆགས་ཡོད་པ་དང་ཁོང་གིས་ཁོང་རང་ཉིད་ཀྱི་བྱ་ཐབས་རྒྱུད་ནས་སྤྱི་ཚོགས་འཕོ་འགྱུར་གཏང་རྒྱུར་དོ་འཁུར་ཆེ་བཞེད་གནང་ཡོད་པ་དང་། ང་ལའང་བཀུར་འོས་མེས་པ་དམ་པ་དང་འབྲེལ་བ་ཡོད་པའི་གལ་ཆེའི་ས་གནས་ཁག་ལ་གནས་མཇལ་དང་། རྗེས་དྲན་ཞུ་རྒྱུའི་སྐལ་བ་བཟང་པོ་ཐོབ་བྱུང་བ་དང་། ངའི་ངོས་ནས་བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་གཅིག་སྒྲིལ་གྱི་སྙིང་སྟོབས་བརྒྱུད་ནས་ཞབས་ཞུ་དང་ལེན་གནང་རྒྱུར་འབད་བརྩོན་གནང་བར་ངོས་འཛིན་ཞུ་གི་ཡོད་པ་དང་། སྤྱི་ཚོགས་ཞབས་ཞུ་དང་། སྤྱི་ཚོགས་འཕོ་འགྱུར་དེ་དག་ང་ཚོའི་མི་ཚེའི་ནང་གི་བཟང་སྤྱོད་ཅིག་ཆགས་ཡོད་པ་འདིས་མེས་པོ་དམ་པ་མཆོག་ལ་རྗེས་དྲན་གྱི་ཆེ་བསྟོད་ཞུ་རྒྱུའི་ཀར་ཡན་ཇ་ལི་ཞེས་པའི་ཞབས་ཞུ་བསྒྲུབ་རྒྱུའི་མཛད་མཟང་འདི་ཆགས་ཡོད་རེད། གོ་སྐབས་འདི་ལྟ་བུ་ཡང་སེ་བྱུང་བཞིན་པར་ང་ཚོས་མཉེས་རེས་བྱེད་བཞིན་པ་དང་། བདག་ཉིད་ཆེན་པོ་གྷན་དི་མཆོག་གི་ལོ་ངོ་ ༡༥༠ དུས་སྟོན་འདི་ཡང་སྣང་མེད་དུ་འཇམ་བྱེད་ཞིག་རེད་ཅེས་དྭོགས་འདྲི་བྱས་ན། ངའི་མི་མང་ཚོར་དེ་མི་འགྲིག་པ་ཞིག་ཡིན་པ་དང་ང་ཚོས་རང་ངོ་ལ་བརྟག་ཞིབ་དང་། གྲོས་མོལ་བྱེད་ནས་སྤྱི་ཚོགས་འདྲ་མིན་དང་། ལོ་ན་འདྲ་མིན། གྲོང་གསེབ་དང་གྲོང་འཁྱེར་སོགས་ཀྱི་མི་རྣམས་མཉམ་རུབ་ཀྱི་ཐོག་ནས་གྲོས་མོལ་ཟུང་སྦྲེལ་བྱེད་དེ་རང་སོ་སོར་མི་སྒེར་ཞིག་གི་ངོ་བོར་ངའི་ངོས་ནས་ལེགས་སྐྱེས་གང་འདྲ་ཕུལ་ཐུབ་མིན་གྱི་དྲྭོགས་འདྲི་བྱེད་དགོས་པ་དང་། བདག་ཉིད་ཆེན་པོ་གྷན་དྷི་མཆོག་ལོ་ངོ་ ༡༥༠ དུས་སྟོན་འདིར་མཉམ་རུབ་ཀྱི་ཚོར་སྣང་དང་། ཞབས་ཞུའི་སྙིང་སྟོབས་ལྡན་པ་ཡོང་ཐབས་བྱེད་དགོས་པ་དང་། ང་ཚོས་ཚང་མ་དང་ལྷན་དུ་ཟུང་སྦྲེལ་གྱི་མཉམ་ལས་བྱ་ཞག་ནང་བཞུགས་ནས་དཔེར་ན་རྐང་རྩེད་སྤོ་ལོའི་རུ་ཁག་གི་རྩེད་འགྲན་གྱི་ཁུར་རྗེས་སུ་རུ་ཁག་ཆ་ཚང་གིས་བདག་ཉིད་ཆེན་པོ་གྷན་དྷི་ཞབས་ཞུ་བསྒྲུབ་པའི་ལས་བཟང་གཅིག་བསྒྲུབ་ཐུབ་པ་བྱ་རྒྱུ་དང་། དེ་མིན་དུས་རྒྱུན་གྱི་བུད་མེད་སྐྱིད་སྡུག་གི་ལས་གཞི་ཁག་ཕུད་པའི་རྗེས་སུ་བུད་མེད་ཆ་ཚང་གི་ཞབས་ཞུའི་ལས་སྣེ་སྟེ་དཔེར་ན་དཔེ་དེབ་བསྡུ་རུབ་ཀྱིས་མི་སེར་སྐྱེ་བོར་སྦྱིན་གཏོང་བྱས་ནས་ཤེས་ཡོན་འཕེལ་རྒྱས་གཏོང་ཐབས་སོགས་ཞབས་ཞུ་བསྒྲུབ་ཐུབ་པར་རྟེན་ངའི་ངོས་ནས་རྒྱ་གར་གྱི་མི་སེར་ཀ་རོར་ ༡༣༠ ཚང་མར་བསམ་ཚུལ་འདྲ་མིན་ཀ་རོར་ ༡༣༠ བྱུང་སྲིད་པ་འདིས་ལས་གཞི་འདྲ་མིན་ཀ་རོར་ ༡༣༠ བྱུང་སྲིད་པར་རྟེན་ཁྱེད་ཀྱི་བསམ་བློའི་ནང་དུ་གནད་དོན་གང་འདྲ་ཞིག་འཁོར་སྲིད་པ་ཞིག་ཡིན་ནའང་གནད་དོན་དེ་ནས་དྲང་བདེན་གྱི་སྨོན་འདུན་བཟང་པོ་དང་། ཀུན་སློང་བཟང་པོ་རྒྱུད་ནས་ཞབས་ཞུ་བསྒྲུབ་སྟེ་ནང་ཁུལ་གྱི་སྤྲོ་སེམས་ལ་རོལ་ཐུབ་པ་བྱེད་དགོས་ཀྱི་རེད། ངའི་མི་མང་ཚོ་ཟླ་ཤས་སྔོན་ལ་རང་ཉིད་དྷན་དྷི་ས་གནས་སུ་སླེབས་ཡོད་པ་དང་། རང་བཙན་རྩོད་ལེན་གྱི་རྒྱུད་རིམ་ནང་དུ་དྷན་དྷི་ས་གནས་སུ་ཚ་ཡི་དྲང་བདེན་རྩོད་ལེན་གྱི་འབད་བརྩོན་འདི་བཞིན་ལོ་རྒྱུས་ནང་དུ་གལ་ཆེ་ཞིག་ཆགས་ཡོད་པ་དང་། ས་ཁུལ་འདིར་ངས་འཕྲོད་བསྟེན་ཁང་ཞིག་དབུ་འབྱེད་བྱས་ཡོད་པ་དང་། ངས་མི་མང་ཚོར་ངེས་པར་དུ་བདག་ཉིད་ཆེན་པོ་གྷན་དྷི་མཆོག་དང་འབྲེལ་བ་ཡོད་པའི་ཉུང་མཐར་ས་གནས་གཅིག་ལ་གནས་གཟིགས་ཡོང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན་པ་དང་། ཁྱེད་རྣམ་པས་ས་ཁུལ་དེ་དག་ལ་གཟིགས་སྐོར་ཕེབས་པའི་རྗེས་སུ་ངེས་པར་དུ་བརྙན་པར་རྣམས་སྤྱི་ཚོགས་དྲྭ་བའི་ནང་བཀོད་ནས་མི་གཞན་ལ་རྒྱུད་སྐུལ་གཏོང་ཐབས་བྱེད་དགོས་པ་རེད། ཉེ་བའི་ཉིན་ཤས་ནང་དུ་ལས་གཞི་ཁག་འདྲ་མིན་དང་། འཕྲོད་བསྟེན། འགྲན་བསྡུར་སོགས་འདྲ་མིན་གོ་སྒྲིག་ཞུས་ཡོད་པ་དང་། དེ་དང་འབྲེལ་བའི་སྒོ་ནས་གནད་དོན་གལ་ཆེ་ཞིག་ཞུ་འདོད་བྱུང་བའི་ནང་ལ་རྒྱལ་སྤྱིའི་ནང་དུ་སྙན་གྲགས་ཆེ་བའི་རི་མོའི་འགྲེམས་སྟོན་ཝེ་ནའི་སི་བྷེ་ན་ལེ་ཞེས་པ་ཞིག་ཡོད་པ་འདིར་རྒྱལ་སྤྱིའི་མི་མང་འདུ་འཛོམས་བྱུང་བཞིན་ཡོད་པ་དང་། ད་ལྟའི་སྐབས་སུ་རྒྱ་གར་གྱི་རི་མོའི་སྡེ་ཚན་ནང་དུ་བདག་ཉིད་ཆེན་པོ་གྷན་དྷི་དང་འབྲེལ་བ་ཡོད་པའི་རི་མོའི་འགྲེམས་སྟོན་ཞིག་གི་ནང་དུ་ཧ་རི་པུ་ཏྲ་རི་མོའི་འགྲེམས་སྟོན་དམིགས་བསལ་ཅན་ཞིག་ཡོད་པ་དང་། ཚང་མའི་རྗེས་དྲན་ནང་དུ་དེ་སྔོན་ཧ་རི་པུ་ཏྲ་ཀོང་རེ་སི་ལྷན་ཚོགས་གྷུ་ཇ་རཏ་རུ་བསྐོང་ཚོགས་གནང་སྐབས་སུ་བཤ་ཅནྡྲ་བྷོ་སི་མཆོག་ཚོགས་གཙོར་འདེམས་བསྐོ་བྱུང་བ་ལོ་རྒྱུས་སུ་འཁོད་ཡོད་པ་དང་། རི་མོ་དེ་ཚོ་རྒྱབ་ལྗོངས་སུ་འདས་པའི་ལོ་རྒྱུས་ཁྱད་ཆོས་ཅན་ལྡན་ཡོད་པའི་ནང་ལ་སྤྱི་ལོ་ ༡༩༣༧ ནས་ ༣༨ ལོར་ཧ་རི་པུ་ར་ལྷན་ཚོགས་ཀྱི་གོང་དུ་མེས་པོ་དམ་པ་གྷན་དྷི་མཆོག་གིས་སྐབས་དེ་དུས་ཀྱི་ཤན་ཏི་ནི་ཀེ་ཏན་སློབ་གྲྭའི་སློབ་སྤྱི་ཀེ་ལ་བ་ཝན་ནནྡ་ལལ་བྷོ་སི་གདན་ཞུས་གནང་ནས་རི་མོའི་རྒྱུད་རིམ་ནང་རྒྱ་གར་གྱི་མི་སེར་གྱི་མི་ཚེའི་གནས་སྟངས་མཚོན་ཐུབ་པ་བྱས་ནས་རི་མོ་དེ་དག་ལྷན་ཚོགས་ཀྱི་སྐབས་སུ་འགྲེམས་སྟོབ་བྱེད་འཆར་ཡོད་པའི་ཐུགས་རེ་གནང་ཡོད་པ་ལྟར། ད་ཆ་ནནྡ་ལལ་བྷོ་སི་མཆོག་གི་རི་མོ་དེ་དག་རྒྱ་གར་གྱི་རྩ་ཁྲིམས་ཆེན་མོའི་མཛེས་རྒྱལ་དུ་བཀོད་ནས་རྩ་ཁྲིམས་ཆེན་མོར་དམིགས་བསལ་གྱི་ཁྱད་ཆོས་གསར་པ་ཞིག་གཏེར་ཐུབ་པ་བྱུང་ཡོད་པ་དང་། སྐུ་ཞབས་ནནྡ་ལལ་བྷོ་སི་ཡི་འབད་བརྩོན་དང་གུས་རྩི་དེ་དག་ད་ཆ་རྩ་ཁྲིམས་ཆེན་མོ་དང་གཅིག་མཚུངས་འགྱུར་མེད་རྟག་བརྟན་ཞིག་ལ་གྱུར་ཡོད་པ་དང་། སྐུ་ཞབས་ནནྡ་ལལ་བྷོ་སི་མཆོག་གི་གྲོང་གསེབ་མི་ཚེའི་རྒྱུད་རིམ་གྱི་རི་མོ་དེ་བཞིན་ཝེ་ནེ་སི་ནང་དུ་གྲོས་མོལ་གཙོ་བོ་བྱ་ཡུལ་ཞིག་ཆགས་ཡོད་པ་རེད། བདག་ཉིད་ཆེན་པོ་གྷན་དྷིིའི་འཁྲུངས་སྐར་དུས་སྟོན་ ༡༥༠ བསྐྱར་དུ་འཚམས་འདྲི་ཞུ་ནས། ངས་རྒྱ་གར་གྱི་མི་སེར་ཚོ་རྒྱལ་ཁབ་ཀྱི་ཆེད་དུ་ལས་གཞི་གང་འདྲ་ཞིག་ཀྱང་བསྒྲུབ་ཐུབ་རྒྱུའི་ཆོད་སེམས་ཞག་རྒྱུར་རེ་བ་བྱེད་བཞིན་དུ་ཡོད་པ་འདི་མེས་པ་དམ་པ་བྷ་བྷུ་མཆོག་ལ་དངོས་བདེན་གྱི་རྗེས་དྲན་ཞུ་རྒྱུའི་ཀར་ཡན་ཇ་ལི་ཞེས་པའི་ཞབས་ཞུའི་བཟང་སྤྱོད་བསྒྲུབ་རྒྱུ་འདི་ཆགས་ཡོད་པ་རེད། འདས་པའི་ལོ་ཤས་ནང་དུ་ང་ཚོས་རྒྱལ་ནང་དུ་སྭཆ་ཏ་ཧི་སེ་ཝ་གཙང་སྦྲ་འདི་བཞིན་ཞབས་ཞུ་ཞེས་པའི་ལས་འགུལ་སྤེལ་བཞིན་ཡོད་པ་དང་། འདི་ལོའི་ཟླ་ ༩ ཚེས་ ༡༡ ནས་བཟུང་ལས་འགུལ་འདི་བསྐྱར་དུ་སྤེལ་འགོ་ཚུགས་རྒྱུ་ཡིན་པ་དང་དུས་ཡུན་འདིའི་སྐབས་སུ་ང་ཚོ་ཚང་མས་རང་ཁྱིམ་ནས་ཕྱིར་ཐོབ་ནས་སྡོད་ཁང་དང་། ཁྱིམ་མཚེས་ཀྱི་སྲང་ལམ། ལམ་གཞུང་དང་། ཡུར་བུ། སློབ་གྲྭ་སོགས་མི་མང་ས་ཁུལ་ཁག་ལ་གཞི་རྒྱ་ཆེ་བའི་གཙང་སྦྲ་བྱེད་ནས་མེད་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དྷིར་བཟང་སྤྱོད་ཀྱི་ལེགས་སྐྱེས་འབུལ་རྒྱུ་དང་། སྤྱི་ཟླ་ ༨ ཚེས་ ༡༥ ཉིན་མཁར་རྗེས་དམར་པོའི་ཡང་སྟེང་ནས་འབོད་སྐུལ་ཞུས་པ་གཞིར་བཟུང་། རྒྱ་གར་གྱི་མི་སེར་ཀ་རོར་ ༡༢༥ དགའ་ཚོར་ཆེན་པོ་དང་ནུས་ཤུགས་ལྡན་པའི་ངང་ནས་གཙང་སྦྲ་འཕྲོད་བསྟེན་གྱི་ལས་འགུལ་སྤེལ་རྒྱུའི་འབོད་སྐུལ་ཞུས་ཡོད་པ་ལྟར། ད་ཆ་ང་ཚོས་ཙོག་གཅིན་གུ་ཡངས་སུ་བཏང་བཞིན་པ་ལས་རང་དབང་ཐོབ་པའི་རྗེས་སུ་ད་ཆ་འགྱིག་ཤོག་ཐད་ལ་གཙོ་བོར་དོ་འཁུར་བྱེད་ནས་རྫས་སྤྱོད་གཅིག་ལས་མེད་པའི་འགྱིག་ཤོག་བཀག་སྡོམ་བྱ་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན་པ་དང་ཚོང་གཉེར་བ་ཚོ་རང་སོ་སོའི་ཚོང་ཁང་སོགས་ལ་རྫས་སྤྱོད་པ་ཚོས་རང་སོ་སོའི་སྟོད་ཁུག་བསྣམས་ནས་ཕེབས་དགོས་པའི་སྦྱར་ཡིག་བཀྲམས་ནས་འགྱིག་ཤོག་བེད་སྤྱོད་བཀག་བསྡོམ་བྱེད་པ་འདི་ཁོར་ཡུག་སྲུང་སྐྱོབ་དང་ཁེ་ཕན་སྲུང་སྐྱོབ་ལའང་ཕན་ཐོགས་ཡོང་རྒྱུ་ཡིན་པ་དང་། འདི་ལོའི་སྤྱི་ཟླ་ ༡༠ ཚེས་ ༢ ཉིན་ལ་མེས་པོོ་མཆོག་གི་འཁྲུངས་སྐར་དུས་ཆེན་ ༡༥༠་སྲུང་རྩི་ཞུ་བའི་སྐབས་སུ་ང་ཚོས་བཙོག་གཅིན་གུ་ཡངས་བཏང་རྒྱུ་མེད་པའི་རྒྱལ་ཁབ་གཅིག་མ་ཡིན་པར། འགྱིག་ཤོག་ལོངས་སུ་སྤྱོད་རྒྱུ་བཀག་སྡོམ་གྱི་གསར་བརྗེ་ཞིག་འགོ་འཛུགས་ཞུ་རྒྱུ་ཡིན་པ་དང་། ངས་རྒྱལ་ནང་གི་སྤྱི་ཚོགས་འདྲ་མིན་དང་། གྲོང་གསེབ། གྲོང་འཁྱེར་སོགས་ཀྱི་མི་མང་རྣམས་ལ་ལག་གཉིས་ཐལ་མོ་སྦྱར་ནས་རྒྱ་གར་འདི་བཞིན་འགྱིག་ཤོག་མེད་པའི་རྒྱལ་ཁབ་གཅིག་ལ་བསྒྱུར་བཟོ་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ང་ཚོ་བདག་ཉིད་ཆེན་པོ་གྷན་དྷིའི་འཁྲུངས་སྐར་འདི་བཞིན་བཟང་སྤྱོད་གྲུབ་པའི་དུས་དྲན་ལ་སྲུང་རྩི་ཞུས་ནས་ངས་གྲོང་སྡེའི་ལྷན་ཁང་དང་། གྲོང་འཁྱེར་མཉམ་ལས་ལྷན་ཁང་། ས་གནས་གྲོང་སྡེ་ལྷན་ཚོགས། རྫོང་སྡེ་ལྷན་ཚོགས། ས་གནས་འཛིན་སྐྱོང་དང་། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་། རྒྱ་གར་གྱི་མི་སེར་མི་རེ་ངོ་རེར་འགྱིག་ཤོག་གི་གད་སྙིགས་བསྡུ་རུབ་དང་། གསོ་ཉར་གྱི་གཙང་སེལ་བཟོ་རྒྱུར་འབོད་སྐུལ་ཞུ་རྒྱུ་མ་ཟད་། བཟོ་ཚོང་མཉམ་ལས་ཚན་པ་ཁག་ལ་འགྱིག་ཤོག་གི་སྦགས་བཙོག་གཙང་སེལ་བཟོ་རྒྱུར་རེས་རེས་ཡོང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན་པ་དང་། ལས་གཞི་འདི་འགྲུབ་རྒྱུར་ཆོད་སེམས་ལྡན་དགོས་པ་ཞིག་ཡིན་པ་དང་། ཆོད་སེམས་འདིས་སེམས་འགུལ་ཁག་བདག་ཉིད་ཆེན་པོ་གྷན་དྷི་ལས་ལུག་འདྲེན་ཐུབ་པ་ཡོང་རྒྱུ་རེད། ངའི་ཡུལ་མི་ཚོ་ང་ཚོས་ལེགས་སྦྱར་སྐད་ཀྱི་སྙན་ངག་བརྗོང་བྱ་དེ་དག་ཡོན་ཏན་གྱི་ནོར་བུ་ཞིག་ཆགས་ཡོད་པ་དེ་དག་ནས་ང་ཚོའི་མི་ཚེའི་དགོས་མཁོ་ཁག་བསྐོང་ཐུབ་པ་ཡོང་གི་ཡོད་པ་དང་། དེ་རིང་ངས་ལེགས་སྦྱར་གྱི་བརྗོད་བྱའི་སྙན་ངག་གལ་ཆེ་ཞིག་གསལ་འདོན་བྱ་འདོད་ཡོད་པ་ནི་དུས་རབས་མང་པོའི་སྔོན་ལ་ལྗགས་རྩོམ་གནང་ཡོད་ནའང་དེང་དུས་སྐབས་སུའང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད་པ་སྟེ། པྲ་ཐི་ཝྱམ་ཏྲི་ཎི་རཏྣ་ནི་ཇལ་མནྣཾ་སུ་བ་ཤི་ཏམ།།

མཱུ་ཌེཿ པཱ་ཥཱན་ཁནྜེ་ཥུ་རཏྣཾ་སང་གྱཱ་པྲ་དཱི་ཡ་ཏེ།།

ཞེས་པ་འདིའི་དོན་སྙིང་སྟེ། ཆུ་དང་། འབྲུ་རིགས། སུ་བ་ཤིཏ་རྣམས་ནི་ས་གཞི་ནས་རྙེད་པའི་རིན་ཆེན་རྣམ་གསུམ་ཡིན་པ་དང་། ལྐུག་པ་དག་གིས་ནོར་ལ་རྡོ་ནི་འཕེན་པར་བྱེད། ཅེས་འཁོད་ཡོད་པ་ལྟར་ང་ཚོའི་རིག་གཞུང་ནང་ལའང་བཟང་ཆའི་ཐད་ལ་དོ་འཁུར་ཆེན་པོ་བྱེད་ནས་བཟའ་ཅའི་ཤེས་ཡོན་སྡེ་ཚན་འདི་ལའང་བསྒྱུར་བཟོ་བྱེད་དེ་ཆ་རྙེས་པའི་ཟས་བཅུད་ལྡན་པའི་ཟ་ཅ་དེ་དག་ཚང་མར་དགེ་གལ་ཞིག་ལ་ངོས་འཛིན་བེད་བཞིན་པ་མ་ཟད། ལྷག་པར་དུ་བུད་མེད་རྣམས་བྱིས་པ་རྣམས་ལ་དགོས་གལ་ཆགས་པ་གཞིར་བཟུང་། ད་ཆ་པོ་ཤན་ཨ་བི་ཡན་ཞེས་པའི་ཟས་བཅུད་ཀྱི་ལས་གཞིའི་བྱ་ཞག་གི་ནང་དུ་ཚན་རིག་རྒྱུད་ནས་ཟས་རིགས་ཕུན་སུམ་ཚོགས་པ་ཟས་ན་ལྡན་ངེས་བཞིན་པ་ཡོང་རྒྱུའི་རྒྱལ་ཡོངས་ཀྱི་ནང་དུ་ལས་འགུལ་ཆེན་པོ་ཞིག་སྤེལ་ནས་ཟས་བཅུད་མ་ལྡང་བའི་དཀའ་ངལ་ཁག་ལ་གསར་གཏོད་རང་བཞིན་གྱི་སྒོ་ནས་གདོང་ལེན་བྱ་རྒྱུ་ཡིན་པ་དང་། གནད་དོན་གལ་ཆེ་རིགས་ཤེས་ཚོར་བྱུང་བའི་ནང་ལ་ན་ཤིག་ཏུ་ཡོད་པའི་ཨ་གྷན་ཝ་ཏི་ཞེས་པའི་བྱིས་པ་གསོ་སྐྱོང་གི་ཞབས་ཞུ་བ་ཚོས་མུ་ཏིི་བར་དན་ཡ་ཞེས་པའི་མཁུ་ཚུར་གཅིག་གི་སྦྱིན་པ་ཞེས་པའི་ལས་འགུལ་སྤེལ་ནས་ལོ་ཏོག་འཐུ་བའི་དུས་ཚོད་སྐབས་སུ་མི་མང་ནས་འབྲས་མཁུ་ཚུར་གཅིག་གི་སྦྱིན་པ་ལེན་ནས་བྱིས་པ་དང་བུད་མེད་ཚོར་ཟས་སྤྱིན་བཏང་བའི་ལས་འགུལ་ཆེན་པོ་སྤེལ་ནས་ཐ་དོན་ཟས་སྦྱིན་བཏང་མཁན་མི་མང་དེ་དག་ཡང་སྤྱི་ཚོགས་ལ་ཞབས་འདེགས་བསྒྲུབ་མཁན་ཞིག་ལ་འགྱུར་བཞིན་ཡོད་པ་དང་། ང་ཚོས་ཤེས་གསལ་ལྟར། བྱིས་པ་ཆུང་ཆུང་གིས་ཟས་རིགས་རྡོག་རྡོག་ཟ་བའི་ཉིན་མོའི་མཛད་སྒོ་ཨན་པྲཱ་ཤན་སན་སི་ཀར་ཞེས་པ་སྲུང་རྩི་ཞུ་སྲོལ་ཡོད་པ་རེད། སྤྱི་ལོ་ ༢༠༡༠ ལོར་གྷུ་ཇ་རཏ་མངའ་སྡེ་ཨན་པྲཱ་ཤན་སན་སི་ཀར་དུས་སྟོན་སྐབས་སུ་བྱིས་པ་ཚོར་ཟས་སྦྱིན་གཏོང་རྒྱུའི་ལས་འགུལ་སྤེལ་འགོ་ཚུགས་ཡོད་པ་འདི་ཚང་མས་སྤེལ་ཐུབ་པ་ཞིག་ཡིན་པ་དང་། ནང་མི་ཞིག་གི་ནང་ལ་གལ་སྲིད་བྱིས་པའི་འཁྲུངས་སྐར་སྲུང་རྩི་ཞུ་བའི་སྐབས་སུ་ནང་མི་ཚོས་ཟོས་པའི་ཟས་བཅུད་ཟ་ཅའི་རིགས་བྱིས་པ་དང་ནང་མི་སྐྱེ་བོ་རྣམས་ལ་ཟས་སྦྱིན་གཏང་བཞིན་པ་འདིས་རང་ཉིད་ཀྱི་དགའ་ཚོར་མཉམ་སྦྱོད་བྱེད་པ་ཙམ་མ་ཟད་དགའ་ཚོར་ལྡབ་གྱུར་ཡོང་བའི་སྤྱི་ཚོགས་ཀྱི་འདོད་བློ་ཁེངས་པའི་ཞབས་ཞུ་ཞིག་ཆགས་ཡོད་རེད། རྒྱལ་ཁབ་ཀྱི་ཟས་བཅུད་མ་ལྡང་བའི་དཀའ་ངལ་གྱི་ཐད་ལ་ལས་འགུལ་འདྲ་མིན་སྤེལ་ཐུབ་པ་ཡོང་གི་ཡོད་པ་དང་། འདི་ལོའི་སྤྱི་ཟླ་ ༩ འདི་བཞིན་པུ་ཤན་ཨ་བི་ཡན་ཞེས་པའི་ལས་འགུལ་སྲུང་རྩི་ཞུ་བཞིན་ཡོད་པ་འདིར་ཚང་མས་ལེགས་སྐྱེས་ཕུལ་ནས་མི་སེར་སྐྱེ་བོ་ཚོར་ཟས་སྦྱིན་བཏང་ནས་རྒྱལ་ཁབ་འདི་བཞིན་ཟས་བཅུད་མ་ལྡང་བའི་དཀའ་ངལ་ལས་གྲོལ་ཐབས་བྱེད་དགོས་ཀྱི་རེད། སྐུ་ཞབས་ཤྲིཤ་ཏི་ཝི་དྱ་ནས་ཞལ་པར་འབྱོར་རྗེས་སྲིད་བློན་མཆོག་གི་སྐུ་ཞབས་ཤྲིཤ་ཏི་མཆོག་དང་ཧར་ཡ་ན་ཡི་སོཧ་ན་ནས་ཡིན་པའི་སྐུ་ཞབས་ཀེ་ཀེ་པན་ཌེ་དང་སུ་རཏ་ནས་ཡིན་པའི་ཨ་ཤི་ཝར་ཡ་ཤར་མ་སོགས་ཀྱིས་མི་མང་ཚོ་ཌི་སི་ཀོ་ཝ་རི་བརྙན་འཕྲིན་ནང་གཟིགས་འབུལ་ཞུས་པའི་མི་དང་རི་དྭགས་ཞེས་པའི་བརྙན་པར་གྱི་ཐད་ལ་གནད་དོན་ཤེས་འདོད་ཡོད་མཁན་གྱི་དྭོགས་འདྲི་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། ཁོང་གི་ད་ལྟའི་ཆར་ངས་སེམས་གཏམ་ཞེས་པའི་རླུང་འཕྲིན་གཏམ་བཤད་འདིའི་ཐད་ལ་བསམ་བློ་གཏོང་སྐབས། ངས་བརྙན་འཕྲིན་འདིའི་ཐད་ལ་དྭོགས་འདྲི་མང་པོ་ཡོང་རྒྱུའི་ཚོད་དཔག་བྱས་པ་དངོས་བྱུང་ཆགས་ཡོད་རེད། འདས་པའི་གཟའ་འཁོར་གྱི་ནང་དུ་ངས་ས་གནས་གང་དུ་བསྐྱོད་པ་དང་། མི་འདྲ་མིན་དང་ཐུག་འཕྲད་བྱས་པའི་སྐབས་སུ་མི་དང་རི་དྭགས་ཞེས་པ་འདིར་གླེང་སློང་ཡོང་གི་འདུག བརྙན་པར་འདི་བརྒྱུད་ནས་ངས་རྒྱལ་སྤྱིའི་ན་གཞོན་རྣམས་དང་འབྲེལ་མཐུད་ཐུབ་པ་བྱུང་བ་མ་ཟད་། ན་གཞོན་ཚོའི་སྙིང་དབུས་སུ་དེ་ལྟ་བུའི་ཚོར་སྣང་བསྐྲུན་ཐུབ་པ་ཡོང་རྒྱུ་རེད་ཅེས་བསལ་ཚོར་ཡང་བྱུང་བ་སོགས་ངའི་ངོས་ནས་རྒྱལ་སྤྱིའི་ན་གཞོན་ཚོའི་སྙིང་དབུས་སུ་བསམ་ཚོར་བསྐྲུན་རྒྱུའི་གོ་སྐབས་ཐོབ་རྒྱུའི་རེ་བ་གང་ཡང་བྱས་བྱེད་ནའང་། ད་ཆ་གནས་སྟངས་ལ་འགྱུར་བ་ཕྱིན་ཡོད་པ་དང་། ཉེ་ཆར་ང་འབྲུག་ཡུལ་དུ་ཕྱིན་པ་དང་། ངས་སྲིད་བློན་གྱི་ངོ་བོར་གཟིགས་སྐོར་དུ་ཕྱིན་པའི་སྐབས་སུ་རྒྱལ་སྤྱིའི་ཡོ་ག་ཞེས་པའི་རྩ་སྒོམ་ཉིན་མོར་ཡང་གུས་བཀུར་བརྩི་མཐོང་ཐོབ་བཞིན་ཡོད་པ་དང་། ད་ཆ་རྒྱལ་སྤྱིའི་ནང་དུ་ང་གང་དུ་བསྐྱོད་པ་དང་། སྡོད་སའི་ས་ཁུལ་དེར་ཡོ་ག་རྩ་སྒོམ་དང་འབྲེལ་བའི་དྲི་བ་འདྲི་ཡུལ་གྱི་མི་སྣ་ཞིག་ཀྱང་ཆགས་ཡོད་པ་དང་། རྒྱལ་སྤྱིའི་ནང་གི་དཔོན་རིགས་ཚོ་དང་ལྷན་དུ་ཡོ་གའི་ཐད་ལ་གྲོས་མོལ་གནང་མཁན་ཤ་སྟག་ཆགས་ཡོད་པ་དང་། ད་ཆ་རང་ཉིད་གྲོས་མོལ་གྱི་སྡིང་ཆ་གསར་པ་ཞིག་ལ་མཉམ་བཞུགས་བྱས་ཡོད་པའི་ནང་ལ། ད་ཆ་ང་ལ་མི་སུ་འདྲ་ཞིག་འཕྲད་ཀྱང་། གཅན་གཟན་གྱི་ཐད་ལ་གཙོ་བོར་གོ་བསྡུར་བྱེད་བཞིན་ཡོད་པ་དང་། ཁོར་ཡུག་དང་། སྟག དོམ་རིགས་སོགས་ཀྱི་ཐད་ལ་གོ་བསྡུར་བྱས་ནས་ངས་མི་མང་ཚོ་འབྱུང་བའི་ཐད་ལ་བསམ་ཚོར་ཆེན་པོ་ཡོད་པར་ཧང་སངས་བྱུང་། ཌི་སི་ཀོ་ཝ་རི་བརྙན་འཕྲིན་ཁང་གིས་སྐད་ཡིག་འདྲ་མིན་ ༡༦༥ ཐོག་ལ་བརྙན་པར་འདི་གཟིགས་འབུལ་ཞུ་འཆར་ཡོད་པ་རེད། དེ་རིང་རྒྱལ་སྤྱིའི་ནང་དུ་ཁོར་ཡུག་དང་གོ་ལའི་ཚ་དྲོད་རྒྱས་པ། གནམ་གཤིས་འགྱུར་ལྡོག་གི་ཐད་ལ་མི་མང་གི་བསམ་ཚོར་ཤུགས་ཆེ་འགུལ་བཞིན་པའི་སྐབས་འདིར་ངས་ཌི་སི་ཀོ་ཝ་རི་ཡི་བརྙན་འཕྲིན་འདི་རྒྱུད་ནས་རྒྱ་གར་གྱི་སྲོལ་རྒྱུན་གྱི་ནང་དུ་རང་བྱུང་འཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་སྲོལ་རྒྱུན་གྱི་ཚོར་སྣང་ཁག་དང་གཏན་དུ་རྒྱལ་སྤྱིའི་ཡུལ་གྲུ་ཁག་གི་ནང་དུ་ངོ་ཤེས་གཏོང་ཐབས་བྱ་རྒྱུ་དང་། གནམ་གཤིས་འདི་དྲང་བདེན་དང་། རྒྱ་གར་གྱི་ཁོར་ཡུག་གཙང་མའི་ཐད་ལ་ཐབས་ལམ་གང་འདྲ་ལག་བསྟར་གནང་ཡོད་མིན་ལ་མི་མང་ཚོས་ཤེས་འདོད་ཆེན་པོ་ཡོད་པ་དང་། དེ་མིན་གནས་ཚུལ་གཞན་ཞིག་ལ་མི་འགའ་ཤས་ཀྱིས་འཚེར་སྣང་ངང་ནས་དྭོགས་འདྲི་བྱས་པའི་ནང་ལ་བརྙན་འཕྲིན་འདིའི་ནང་ལ་ངས་ཧིན་དིིའི་སྐད་ཡིག་གི་ནང་དུ་གཏམ་བཤད་བྱས་པའི་སྐབས་སུ་དུས་ཚོད་གཅིག་ཅར་ལ་བྷིར་གྷྲིལ་སིའི་ཧིན་དི་ཤེས་རྟོགས་མེད་ནའང་གཏམ་གླེང་བྱེད་བཞིན་པའི་སྐོར་ལ་དྭོགས་འདྲི་བྱས་ནས་དེ་ལྟར་གང་འདྲ་བྱས་ནས་བྱུང་མིན་དྲི་བ་འདྲི་བཞིན་པར་རྟེན། གནད་དོན་འདིའི་ཐད་ལ་གསང་བ་སོགས་གང་ཡང་མེད་པ་དང་། བྷིར་གྷྲིལ་སི་དང་ལྷན་དུ་གཏམ་གླེང་གནང་སྐབས་སུ་སྒྱུ་རྩལ་ལག་ཤེས་ཧ་ཅང་བེད་སྤྱོད་ཤུགས་ཆེ་བྱས་ཡོད་པ་དང་། ངས་གཏམ་བཤད་བྱས་པ་ཆ་ཚང་དུས་ཐོག་ཏུ་སྒྲ་བསྒྱུར་བྱས་ནས་དབྱིན་སྐད་ཐོག་ནས་སྐད་བསྒྱུར་བས་བྷིར་གྷྲིལ་སིའི་རྣ་བའི་ནང་ཡོད་པའི་འཕྲུལ་ཆས་རྒྱུད་ནས་གོ་དོན་སྤེལ་ནས་གཏམ་གླེང་བྱེད་བཞིན་པ་འདི་དག་སྒྱུ་རྩལ་ལག་ཤེས་ཀྱི་ཧ་ཅང་གསང་བའི་ཆ་ཤས་ཤིག་ཆགས་ཡོད་པ་རེད། བརྙན་འཕྲིན་དེ་གཟིགས་འབུལ་ཞུས་པའི་རྗེས་སུ་མི་མང་པོ་ཞིག་གིས་ཇིམ་ཀོར་བྷེཊ་རྒྱལ་ཡོངས་སྐྱེད་ཚལ་ཐད་ལ་བགྲོ་གླེང་གནང་ཡོད་པ་དང་། ངས་བཤད་པ་གཞི་བཟུང་། ཁྱེད་རྣམ་པ་ཚོས་ཀྱང་ཁོར་ཡུག་དང་། གཅན་གཟན་དང་། འབྲེལ་ས་གནས་ཁག་ལ་གཟིགས་སྐོར་དུ་ཕེབས་དགོས་པ་དང་། ཁྱེད་ཀྱི་མི་ཚེའི་རིང་ལ་ངེས་པར་དུ་རྒྱ་གར་བྱང་ཤར་ཁུལ་དུ་ཕེབས་ནས་རང་བྱུང་ཁམས་དང་གཏན་དུ་ཟུང་འབྲེལ་གྱི་ཉམས་མྱོང་ཐོབ་རྒྱུའི་འབོད་སྐུལ་ཞུ་རྒྱུ་དང་། སྤྱི་ཟླ་ ༨ ཚེས་ ༡༥ མཁར་རྫོང་དམར་པོའི་ཡང་སྟེང་ནས་ངས་འབོད་སྐུལ་ཞུས་པ་གཞི་བཟུང་། རང་གི་ནང་མི་དང་ལྷན་དུ་ཉུང་མཐར་ཡང་ཉེ་བའི་ལོ་ ༣ གྱི་ནང་ལ་རྒྱ་གར་གྱི་ས་གནས་འདྲ་མིན་ ༡༥ ལ་ཡུལ་སྐོར་སྤྲོ་འཆམ་དུ་ཕེབས་ནས་རྒྱ་གར་གྱི་སྣ་ཚོགས་པའི་དཔལ་ཡོན་དེ་དག་གིས་ཁྱེད་ཀྱི་མི་ཚེ་ཕྱུག་ཏུ་འགྲོ་ངེས་དང་། ཁྱེད་ཀྱི་བསམ་བློ་ཡང་རྒྱ་བསྐྱེད་འགྲོ་རྒྱུ་རེད། ངའི་བརྩེ་བའི་མི་མང་རྣམ་པ་ཟླ་བ་སྔ་མའི་ནང་ལ་རྒྱལ་ཁབ་ཀྱི་གཅན་གཟན་སྟག་གི་གྲངས་འབོར་གསལ་བསྒྲགས་བྱ་རྒྱུའི་གོ་སྐབས་ཐོབ་བྱུང་བ་དང་། རྒྱ་གར་ནང་དུ་སྟག་གི་གྲངས་འབོར་ ༢༩༦༧ ཆགས་ཡོད་པ་འདི་ལོ་ཤས་སྔོན་གྲངས་འབོར་འདིའི་ཕྱེད་ཀ་ལས་མེད་པ་རེད། སྟག་གི་གྲངས་འབོར་ལྷན་ཚོགས་དེ་སྤྱི་ལོ་ ༢༠༡༠ ལོར་ཨུ་རུ་སུའི་སེཊ་པི་ཊར་སི་བྷག་སྐོང་ཚོགས་བྱས་ཡོད་པའི་ནང་ལ་རྒྱལ་སྤྱིའི་སྟག་གི་གྲངས་འབོར་ཉུང་དུ་འགྲོ་བཞིན་པའི་ཐད་ལ་ཐུགས་འཁུར་བཞེས་པའི་རྗེས་སུ་སྤྱི་ལོ་ ༢༠༢༢ བར་སྟག་གི་གྲངས་འབོར་ལྡབ་བསྒྱུར་བྱ་རྒྱུའི་ཐག་གཅོད་གནང་རྗེས། རྒྱ་གར་འདི་བཞིན་སྤྱི་ལོ་ ༢༠༡༩ ལོ་འདི་གཅིག་པོའི་ནང་ལ་སྟག་གི་གྲངས་འབོར་ལྡབ་བསྒྱུར་ཐུབ་མཁན་མགྱོགས་ཤོས་དེ་ཆགས་ཡོད་པ་རེད། སྟག་གི་གྲངས་ཐོ་གསལ་བསྒྲགས་བྱས་པའི་སྐབས་སུ་གྷུ་ཇ་རཏ་མངའ་སྡེའི་གྷིར་ནགས་གསེབ་ཀྱི་གནས་སྟངས་ཡང་ཇི་དྲག་བྱུང་བའི་ནང་ལ་ངས་གྷུ་ཇ་རཏ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་འགན་འཁུར་ལེན་སྐབས་ནགས་གསེབ་ཉུང་དུ་དམ་གྲིང་གི་གྲངས་འབོར་འགྲོ་བཞིན་པའི་གནས་སྟངས་ཞིག་ཆགས་ཡོད་པའི་སྐབས་སུ་གྷིར་ནགས་གསེབ་ཐད་ལ་ལས་འགུལ་འདྲ་མིན་བརྩམས་ཡོད་པ་མ་ཟད་སྤྱི་ལོ་ ༢༠༠༧ ལོར་བུད་མེད་སྐོར་སྲུང་བཀོད་མངགས་བྱ་རྒྱུའི་ཐག་གཅོད་བྱས་ཡོད་པ་དང་། ང་ཚོས་གཅན་གཟན་རི་དྭགས་ཀྱི་གྲོས་མོལ་བྱས་པའི་སྐབས་སུ་གཅེས་སྤྲས་ཀྱི་གནད་དོན་ཁོ་ནར་བསམ་བློ་བཏང་བཞིན་པ་ལས། ད་ཆེ་གཅེས་སྤྲས་ཁོ་ན་ལས་ལྷག་པའི་བྱམས་སྙིང་རྗེའི་བསམ་བློ་གཏང་འགོ་བཙུགས་ཡོད་པ་དང་། ལོ་ན་སྟོང་ཚོ་མང་པོའི་སྔོན་གྱི་ང་ཚོའི་ཆོས་དཔེ་ཁག་གི་ནང་དེའི་ལམ་སྟོན་ཡང་ཡང་བྱས་ཡོད་པ་རེད། 

ནིརྦ་ནོ་བྷདྱ་ཏེ་བྱ་དྲོ་ནིབ་ཡར་དྲམ་ཅི་དྱ་ཏེ་ཝ་ནམ།།

ཏས྄་མཱད་བྱ་དྲོ་ཝ་ནམ་རག་ཥེཏ྄་ཝ་ནམ་བྱ་དྲམ་ན་པཱལ་ཡེཏ།།

དེ་ཡང་། གལ་སྲིད་ཤིང་ནགས་མེད་པ་ཡིན་ན་སྟག་དང་གཅན་གཟན་རྣམས་བཙན་ཤུགས་ཀྱིས་མིའི་འཚོ་གནས་སུ་གནས་སྤོ་བྱ་རྒྱུ་དང་། གལ་སྲིད་སྟག་མེད་པ་ཡིན་ན་ཤིང་ནགས་རྩ་གཏོར་འགྲོ་རྒྱུ་ཡིན་པ་འཁོད་ཡོད་པ་འདིས་དོན་དངོས་ཐོག་སྟག་གིས་ནགས་གསེབ་སྲུང་སྐྱོབ་བྱེད་བཞིན་པ་ང་ཚོའི་མེས་པོ་ཚོས་གསལ་སྟོན་གནང་ཡོད་པར་རྟེན། ང་ཚོས་ནགས་གསེབ་དང་ཤིང་སྣ་སོགས་གཅེས་སྤྲས་བྱ་རྒྱུ་ཙམ་མ་ཡིན་པར། ཁོ་པ་ཚོ་འཕེལ་རྒྱས་ཡོང་རྒྱུའི་འཁོར་ཡུག་ཡང་སྲུང་སྐྱོབ་བྱེད་དགོས་པ་འདི་ཆགས་ཡོད་རེད། ངའི་མི་མང་རྣམ་པ་ཚོ་སྭ་མི་ཝི་ཝེ་ཀ་ནནྡ་མཆོག་གིས་སྤྱི་ལོ་ ༡༩༨༣ སྤྱི་ཟླ་ ༩ ཚེས་ ༡༡ ཉིན་ལ་བསྩལ་བའི་ལོ་རྒྱུས་དང་ལྡན་པའི་གསུང་འཕྲིན་དེ་སུས་རྗེས་སྙེགས་པ་ཞིག་ཡིན་ནམ། རྒྱ་གར་གྱི་གྲྭ་བཙུན་ན་གཞོན་འདིས་རྒྱལ་སྤྱིའི་བསམ་འཚོར་ལ་གཡོ་འགུལ་ཆེན་པོ་བཏང་ཡོད་པ་དང་། བྲན་གཡོག་ཏུ་བཀོལ་བའི་རྒྱ་གར་འདི་བཞིན་རྒྱལ་སྤྱིའི་ཁྲོད་དུ་རྣམ་པ་གཡོ་རྫུན་ཅན་ཞིག་གིས་ངོ་སྤྲོད་བྱས་ཡོད་པ་དེ་དག་ན་གཞོན་སྭ་མི་ཝི་ཝེ་ཀ་ནནྡ་མཆོག་གིས་བཅོས་བསྒྱུར་བཏང་ཡོད་པ་དང་། ང་ཚོ་སྭ་མི་ཝི་ཝེ་ཀ་ནནྡ་མཆོག་གིས་སྔོན་གཟིགས་གནང་བའི་རྒྱ་གར་གསར་པ་ཞིག་གསར་གཏོད་བྱ་རྒྱུར། སྭ་མི་མཆོག་གིས་རྒྱ་གར་རང་རྒྱུད་ཀྱི་ནུས་སྟོབས་གསལ་བཏོན་གནང་བ་ཁག་ལག་བསྟར་བྱེད་དགོས་པ་དང་། ང་ཚོའི་ནང་ལ་ཆ་ཚང་བའི་ནུས་པ་ལྡན་ཡོད་པར་རྟེན་ང་ཚོས་སྤོབས་པའི་ངང་ནས་མདུན་བསྐྱོད་བྱེད་དགོས་ཀྱི་རེད། ངའི་མི་མང་རྣམ་པ། སྤྱི་ཟླ་ ༨ ཚེས་ ༢༩ འདི་བཞིན་རྒྱལ་ཡོངས་རྩེད་རིགས་ཀྱི་ཉིན་མོར་སྲུང་རྩི་ཞུ་གི་ཡོད་པར་རྟེན། ཉིན་མོ་འདིར་རྒྱ་གར་བདེ་ཐང་གི་ལས་འགུལ་རྒྱལ་ཡོངས་སུ་འགོ་འཛུགས་ཞུ་རྒྱུ་ཡིན་པ་དང་། ང་ཚོ་ཚང་མ་བདེ་ཐང་ངང་ནས་རྒྱལ་ཁབ་བདེ་ཐང་དུ་གནས་དགོས་པ་དང་། ལས་འགུལ་འདི་བཞིན་བྱིས་པ་དང་། ན་གཞོན་རྒན་གྲས་བཅས་ཚང་མས་བདག་དབང་ལྡན་པ་ཞིག་ཡིན་པ་དང་། ད་ལྟའི་ཆར་ངས་ཉིན་མོ་འདིའི་གལ་འགངས་གསལ་སྟོན་བྱ་རྒྱུ་མིན་པར་རྟེན་ཁྱེད་རྣམ་པས་སྤྱི་ཟླ་ ༨ ཚེས་ ༢༩ བར་གནད་དོན་ཤེས་རྟོགས་ཐུབ་པ་ཡོང་རྒྱུ་དང་། ངའི་ངོས་ནས་ཁྱེད་རྣམ་པ་བདེ་ཐང་དང་། བདེ་ཐང་གི་རྒྱ་གར་ཞིག་ཡོང་རྒྱུའི་ཤེས་ཚོར་ཐུབ་པ་བཟོ་འདོད་པ་དང་། ང་ཚོས་གཅིག་སྒྲིལ་གྱི་སྒོ་ནས་རྒྱལ་ཁབ་ཀྱི་དམིགས་ཡུལ་གཏན་འབེབས་བྱེད་དགོས་ཀྱི་རེད། ཁྱེད་རྣམ་པ་ཚོས་རྒྱ་གར་བདེ་ཐང་གི་ལས་འགུལ་དང་པ་ཤན་ཨ་བི་ཡ་ཡན་སོགས་ཀྱི་སྤྱི་ཟླ་ ༩ ལས་གུལ་ནང་ལ་མཉམ་བཞུགས་གནང་རྒྱུའི་རེ་སྐུལ་ཞུ་རྒྱུ་ཡིན་པ་དང་། དམིགས་བསལ་དུ་སྤྱི་ཟླ་ ༩ ཚེས་ ༡༡ ནས་སྤྱི་ཟླ་ ༡༠ ཚེས་ ༢ བར་གྱི་སྭཆ་་ཏ་ཨ་བི་ཡན་ཞེས་པའི་རྒྱ་གར་གཙང་བཟོའི་ལས་འགུལ་ལ་བཞུགས་རྒྱུར་རེ་སྒུག་བྱེད་བཞིན་ཡོད་པ་དང་། ང་ཚོ་ཚང་མས་ནུས་སྟོབས་གཅིག་སྒྲིལ་གྱི་སྒོ་ནས་འགྱིག་ཤོག་གི་སྦགས་བཙོག་དང་། རང་ཁྱིམ་དང་། ཁང་ཁྱིམ་ཕྱི་རོལ་ནང་མེད་པར་བཟོ་རྒྱུ་དང་། ལས་འགུལ་དེ་དག་གིས་སྤྱི་ཚོགས་དྲྭ་རྒྱ་ཁག་གི་ནང་དུ་སྐད་འབོད་ཤུགས་ཆེ་ཡོང་རྒྱུ་ཡིན་པར་རྟེན། ང་ཚོས་དམིགས་ཡུལ་དང་། ཆོད་སེམས་གསར་པ་ཞིག་གི་ཐོག་ནས་ནུས་ཤུགས་གསར་པས་ལས་འགུལ་འདིར་མཉམ་བཞུགས་གནང་དགེ། ད་རིང་གི་སེམས་གཏམ་ཞེས་པའི་རླུང་འཕྲིན་གཏམ་བཤད་ཆ་ཚང་མཇུག་སྒྲིལ་བ་ཡིན། ངས་ཁྱེད་རྣམ་པ་དང་རྗེས་སུ་ཐུག་འཕྲད་ཡོང་རྒྱུ་དང་། ངས་ཁྱེད་རྣམ་པའི་དགོངས་འཆར་དང་། བསམ་ཚུལ་ཁག་ལ་ངང་སྒུག་ཞུ་རྒྱུ་ཡིན། ང་ཚོ་ཚང་མས་ང་ཚོའི་རང་བཙན་རྩོད་ལེན་པ་རྣམས་ཚོས་སྨོན་འདུན་བྱས་པ་དང་། བདག་ཉིད་ཆེན་པོ་གྷན་དྷིས་སྨོན་འདུན་སྭནྟ་སུ་ཁེ་ཞེས་པའི་རྒྱ་གར་གསར་པ་ཞིག་མཉམ་རུབ་ཀྱི་གསར་གཏོད་བྱ་རྒྱུར་མདུན་བསྐྱོད་བྱེད་དགོས། ང་ཚོས་རང་ཉིད་ཀྱི་དགའ་སྤྲོའི་ཚོར་སྣང་ལོངས་སུ་སྤྲོད་རྒྱུར་ཞབས་ཞུ་ལེགས་འབུལ་ཞུ་དགོས། 

ཐུགས་རྗེ་ཆེ། 

བཀྲིས་བདེ་ལེགས།