སྲིད་བློན་མོ་དྷི་མཆོག་གིས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་༧༤ གཏམ་བཤད། 

མ་ཟིན། ཨ་སཱོཀ་མུ་ཁར་ཇི། རྒྱ་གར་གྱི་མཉམ་སྦྲེལ་རྒྱལ་ཚོགས་གཏན་འཇག་སྐུ་ཚབ་ཟུར་པ།

རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ན་རེན་དར་མོ་དྷི་མཆོག་གིས་རེསགཟའ་པ་སངས་ཉིན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་བརྗོ་གཞི་དབུལ་ཕོངས་ཉམ་ཐག་རྩ་མེད་བཟོ་བ། ཡོངས་སྒྲིལ་དང་གནམ་གཤིས་འགྱུར་ལྡོག་གི་གནོད་འཚེ་ཐད་རྒྱལ་སྤྱིའི་མཉམ་ལས་ནུས་པ་ཅནཐོག་གཏམ་བཤད་གནང་འདུག། ལོ་བཞིའི་སྔོན་ཕྱི་ལོ་༢༠༡༥ ཟླ་༩ ཚེས་༢༥ རུ་སྲིད་བློན་མཆོག་གིས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཐདདམིགས་བསལ་ཚོགས་ཆེན་ རུ་རྒྱལ་སྤྱིའི་དབུ་ཁྲིད་ཁག་གི་ལྷན་དུ་ རྒྱུན་འཛིན་ཐུབ་པའི་འཕེལ་རྒྱས་ཀྱི་ལས་འཆར་༢༠༣༠ མུ་མཐུད་ཁས་ལེན་གནང་འདུག། རྒྱ་གར་གྱིས་རང་རེའི་འཕེལ་རྒྱས་ཀྱི་དམིགས་ཡུལ་སྒྲིག་པ་རྣམས་གྲུབ་འབྲས་སོན་པ་བྱུང་རྐྱེན་གྱིས་དབུལ་ཕོངས་ཉམ་ཐག་རྩ་མེད་བཟོ་བའི་ལས་འཆར་༢༠༣༠ ལག་བསྟར་ལེགས་པར་གནང་བར་མཐུན་སྦྱོར་ཆེན་པོ་སྒྲུབ་པ་སྟོན་ཡོད། སྐུ་ཞབས་ན་རེན་དར་མོ་དྷི་མཆོག་གིས་འཆར་སྣང་དེར་དངོས་དོན་མང་པོས་འགྲེལ་བརྗོད་གནང་འདུག། 

ཁ་བོས་དབུལ་ཕོངས་ཉམ་ཐག་རྩ་མེད་བཟོ་བ་དང་ཡོངས་སྒྲིལ་དང་འཛམ་གླིང་ལ་རེ་བ་གསར་པ་སྤྲོད་པར་ཤུགས་རྐྱེན་བྱེད་མཁན་གྱི་ལས་འགུལ་མང་པོ་ཞིབ་ཕྲའི་འགྲེལ་བརྗོད་གནང་འདུག། དེ་ལྟར་དུ་འཛམ་གླིང་གི་དངུལ་རྩིས་ཁོངས་འཇུག་ལས་འཆར་མཚན་རྟགས་ཇན་དྷན་ཡོཇ་ནཱ་ལས་འགུལ་གྱིས་ལོ་ལྔའི་ནང་་མི་ས་ཡ་༣༧༠ ལ་དངུལ་ཁང་རྩིས་ཁྲ་གསར་པ་འགོ་ཕྱེད་དེ་རྒྱ་གར་གྱི་མི་འབོར་ཞན་པ་རྣམས་ཀྱི་ནུས་སྟོབས་སྤེལ་ཡོད། ཨ་དྷར་ལས་འཆར་གྱིས་རྒྱ་གར་བ་ཐེར་འབུམ་༡. དྲ་སྟེང་སྐྱེ་ལྡན་བཤེར་རྟགས་ར་སྤྲོད་ཀྱི་ལས་གཞིའི་རེའུ་མིག་བཟོས་སྟེ་གཞུང་འབྲེལ་མི་སྣས་ལྐོག་བཟས་ཀྱི་བྱ་སྤྱོད་རྣམས་ཕྱིར་ལྡོག་མེད་པ་བཟོས་ཡོད། མི་མང་འཕྲོད་བསྟེན་ལས་འགུལ་དུ་འཛམ་གླིང་གི་འཕྲོད་བསྟེན་ལས་གཞི་ཆེ་ཤོས་རྒྱ་གར་བཙང་བཟོ་ལས་འཆར་གྱིས་ལོ་ལྔའི་ནང་གསང་སྤྱོད་ས་ཡ་༡༡༠ གསར་བཟོ་གནང་སྟེ་ཕྱིར་རོལ་དུ་བཤང་དོར་རྩ་མེད་བཟོས་ཡོད། འཛམ་གླིང་གི་འཕྲོད་བསྟེན་ལྟ་སྐྱོང་ལས་གཞི་ཆེ་ཤོས་ཨ་ཡིཤ་མཱན་བྷ་རཏ་འོག་མི་ས་ཡ་༥༠༠ ལ་འཕྲོད་བསྟེན་ལྟ་སྐྱོང་གི་བུན་འཇལ་རྟེན་ཀ་ས་ཡ་༥༠༠ མཐུན་སྦྱོར་གནང་ཡོད། 

རྒྱ་གར་གྱིས་ཕྱི་ལོ་༢༠༢༥ བར་གློ་ནད་ཊི་བི་རྩ་མེད་བཟོས་པ། ལོ་ལྔའི་ནང་ཁང་པ་ས་ཡ་༡༥༠ ལ་ཆུའི་དགོས་མཁོ་སྤྲོད་པ་དང། ཕྱི་ལོ་༢༠༢༢ བར་མི་དབུལ་ཕོངས་ཉམ་ཐག་ལ་ཁང་པ་ས་ཡ་༢༠ བཟོ་བཀོད་་གནང་རྒྱུའི་ཁས་ལེན་འབད་བརྩོན་སྒྲུབ་བཞིན་ཡོད།

གནམ་གཤིས་ཀྱི་གནད་དོན་ཐད་སྲིད་བློན་མཆོག་གི་གཏམ་བཤད་དུ་རྒྱ་གར་གྱིས་རང་རེའི་བསྐྱར་བཟོ་ཐུབ་པའི་ནུས་ཤུགས་ཀྱི་དམིགས་ཡུལ་༡༧༥ གྷི་གྷི་ཝཊ་ནས་༤༥༠ གྷི་གྷ་ཝཊ་རུ་གོང་འཕེལ་བཏང་བ་དང་ལོ་ལྔའོ་ནང་ཚུལ་འགྱིག་ཚིའི་ཐེངས་གཅིག་བེད་སྤྱོད་བྱེད་དེ་གཡུག་པའི་ལམ་སྲོལ་མེད་པ་བཟོས་རྒྱུ་ཁས་ལེ་་དམ་བཅའ་གསལ་ཁ་འདོན་འདུག། ལས་འགུལ་དེ་ཚོས་གནམ་གཤིས་དང་འབྲེལ་བའི་བྱེད་སྒོ་ཐད་རྒྱལ་སྤྱིའི་ཉི་འོད་ལ་འཐེན་པའི་གློག་ཤུགས་ལྷན་ཚོགས་དང། རང་འབྱུང་རྐྱེན་ངན་གདོང་ལེན་ཐུབ་པའི་རྨང་གཞིའི་འཛུགས་བསྐྲུན་གྱི་རྒྱལ་སྤྱིའི་མཉམ་བསྲེས་ལྷན་ཚོགས་ CDRI གྲོས་འཆར་སོགས་ཀྱིས་རྒྱལ་སྤྱིའི་སྣེ་ཁྲིད་་གོ་དབང་ལས་འགུལ་དུ་རྒྱ་གར་གྱི་བྱ་བཞག་མཚོན་ཐུབ་པ་ཡིན་འདུག། 

སྲིད་བློན་མཆོག་གིས་རྒྱ་གར་གྱི་རྒྱུན་འཛིན་ཐུབ་པའི་དམིགས་ཡུལ་གྲུབ་འབྲས་མཐར་སོན་བྱུང་བ་ནི་མང་ཚོགས་ཀྱི་བདེ་དོན་དང་ཞི་བདེ་སྒྲུབ་པའི་ཁས་ལེན་ལས་བྱུང་བ་ཡིན་པ་གསལ་ཁ་འདོན་འདུག།རྒྱ་གར་གྱིས་མང་ཚོགས་བདེ་སྡུག་ཏུ་མང་ཚོགས་ཀྱི་མཉམ་ཞུགས་དང་འབད་བརྩོན་གྱིས་མང་ཚོགས་ཀྱི་ཕན་བངེ་ཙམ་མིན་པར་རྒྱལ་སྤྱིར་ཕན་བདེ་སྒྲུབ་ཐུབ་པ་མིག་སྟོན་གསལ་བཤད་གནང་ཡོད་པ་བརྗོད་འདུག། དེར་རྟེན་སྲིད་བློན་མཆོག་གིས་ད་ལྟའི་ཕྱོགས་དུ་མ་ལྡན་པའི་རང་བཞིན་དུ་དཀའ་ངལ་འཕྲད་བཞིན་པའི་འབྲེལ་ཆགས་ཏུ་རྒྱ་གར་གྱི་ཁས་ལེན་རྩ་ཚིག་ནི་ཚང་མ་མཉམ་རུབ། ཚང་མའི་འཕེལ་རྒྱས། ཚང་མའི་ཡིད་ཆེས་ཡིན་ོ་འགྲེལ་བརྗོད་གནང་སྟེ་རྒྱ་གར་ཕྱོགས་དུ་མ་རིང་ལུགས་ལ་རྒྱན་རྟེན་ཆེ་ཁག་ཞིག་ཡིན་པ་ར་སྤྲོད་གནང་འདུག། 

མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་༧༤ པར་ལོ་འདིའི་ཟླ་བ་དྲུག་པའི་ནང་གི་ཐག་གཅོད་གཏན་འབེབ་ལག་བསྟར་གནང་བའི་མང་མོས་རྒྱབ་རྟེན་གྱིས་ཕྱོགས་དུ་མའི་རིང་ལུགས་ཁས་ལེན་རྒྱབ་རྟེན་གྱི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྤྱི་ཡོངས་ཁས་ལེན་ནན་བརྗོད་གནང་འདུག། སྲིད་བློན་མོ་དྷི་མཆོག་གི་གཏམ་བཤད་དེ་ཡིས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དམིགས་ཡུལ་དེ་དག་སྒྲུབ་པར་རྒྱ་གར་གྱི་བྱེད་སྒོ་ཆེན་པོ་ཞིག་སྒྲུབ་ཐུབ་པ་མཚོན་ཐུབ་ོ་ཡིན་འདུག་གོ།