ཤྲིལངྐ་སྲིད་འཛིན་འོས་བསྡུ་སླེབས་ལ་ཉེ་བ།

མ་ཟིན། ཨེམ་ཀེ་ཊི་ཀུ། སྲིད་དོན་འགྲེལ་བརྗོད་པ།

ད་ལན་གྱི་ཤྲིལངྐའི་ནམ་ཟླར་གནམ་གཤིས་ལྟ་བུ་དེ་དག་གི་སྲིད་དོན་ཡུལ་བཀོད་ནི་དེ་མཚུངས་ཀྱི་རྣམ་གཡེང་གི་གནས་སྟངས་ཡིན་འདུག། ཤྲིལངྐ་ནི་ཡོངས་འགྱུར་ཕྱི་ཟླ་བཅུ་གཅིག་གི་ཚེས་༡༦ སྲིད་འཛིན་འོས་བསྡུར་གོ་སྒྲིག་གབང་བཞིན་ཡོད་འདུག། སྤྱི་ཡོངས་ཀྱི་ཤྲི་ལངྐར་མང་འཛོམས་གཏམ་བཤད་དང་འབྲེལ་སྲིད་དོན་ལས་འགུལ་ནི་ཤུགས་དྲག་ཆེན་པོ་གང་ཡང་མེད་པ་ཡིན་འདུག། ཡོངས་འགྱུར་གྱི་འོས་བསྡུར་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཞིན་མངའ་དབང་ཆེ་ཤོས་ཀྱི་སྲིད་དོན་གོ་གནས་ཡོང་རྐྱེན་མི་གསལ་གནས་སྟངས་དེ་རྒྱུན་ལྡན་དང་མི་འདྲ་བ་ཡིན་ཡང་ཧ་ལས་ཧོན་ཐོར་གྱི་གནས་སྟངས་གང་ཡང་མིན། མང་ཚོགས་ཀྱིས་སྲིད་འཛིན་འོས་བསྡུར་དགོས་ངེས་དོ་སྣང་མེད་པའི་རྒྱུ་མཚན་གཅིག་ནི་ཨིསྚར་གཟའ་ཉི་མའི་སྐབས་ཀྱི་སྙིང་མེད་ངན་སེམས་ཅན་གྱི་འཇིག་སྐུལ་དྲག་སྤྱོད་ཀྱི་གནོད་འཚེ་ལས་ཐར་བར་བྱེད་བཞིན་ཡོད། ཤྲིལངཀའི་མི་མང་གིས་སྲིད་དོན་ཚོགས་པ་གཙོ་གཉིས་ལ་གསར་པའམ་སེམས་ངར་སྐྱེད་པའི་འབུམ་ཚན་གང་ཡང་མེད་པའི་འཚོར་བ་ཤུགས་ཆེན་ཡོད་འདུག། 

ཤྲིལངྐའི་རྒྱལ་སྲུང་དྲུང་ཆེ་ཟུར་པ་དང་སྲིད་འཛིན་མ་ཧིན་དྷ་ར་ཇ་པེཀ་སེའི་སྤུན་ཆུང་སྐུ་ཞབས་གྷོ་ཏཱ་བྷ་ཡེ་ར་ཇ་པེཀ་སེ་མཆོག་སྲིད་འཛིན་འོས་བསྡུར་འཛུལ་ཞུགས་གནང་སླད་སྔ་དུས་གྲ་སྒྲིག་གནང་འདུག།ཁོ་བོས་ལོ་འདིའི་འགོ་འཟུགས་ནས་རང་རེའི་ཨ་རིའི་མི་སེར་སྤོང་སྟེ་སྲིད་འཛིན་འོས་བསྡུར་མཉམ་ཞུགས་གནང་སླད་ཤྲིལངྐའི་མི་སེར་མུ་མཐུད་བེད་སྤྱོད་གནང་རྒྱུ་ཡིན་པ་གསལ་བསྒྲགས་གནང་འདུག། དེ་ནས་བཟུང་ཁོ་བོས་རང་རེསི་མི་སེར་བརྗེ་འགྱུར་གནང་ཡང་ཤྲིལངྐའི་མི་སེར་ཁྲིམས་དང་གནད་དོན་འབྲེལ་བའི་ཐོག་མི་སེར་འགྱུར་སྟངས་ཐོག་དྲི་བ་དང་དོག་པ་མང་པོ་སློང་ཡོད་འདུག། གནད་དོན་ཁ་ཤས་གཙང་བཟོ་གནང་བར་ལུས་པ་དང་གཞན་ཁྲིམས་ཞིབ་ཁང་དུ་གཙང་ཐག་མ་ཆོད་པ་ལུས་ཡོད། 

སྐུ་ཞབས་གྷོ་ཏཱ་བྷ་ཡཱ་ཏ་ཇ་པེཀ་སེ་མཆོག་གིས་ LTTE ངེ་རྒོལ་གྱེན་ལངས་པའི་ཁ་གཏད་དུ་དམག་འཁྲུག་འགྲོ་བཞིན་པའི་བྱེད་སྒོ་གཙོ་གནང་ཡོད། ཉམས་ཞིབ་པས་ཁོ་བིས་རང་རེའི་གཅེན་པོའི་སྲིད་བྱུས་སུ་གོམས་སྤོ་གནང་སྲིད་པ་བརྗོད་བཞིན་ཡོད། སྐུ་ཞབས་གྷོ་ཏཱ་བྷ་ཡས་ཕྱོགས་ལྷུང་བྲལ་བའི་བར་གནས་ཀྱི་ལམ་དུ་འཇུག་སྟེ་རྒྱཀ་ཁབ་འཕེལ་རྒྱས་ཀྱི་ལས་སུ་འཇུག་པ་བརྗོད་འདུག། ཁོ་བོར་ཤྲིལངྐའི་སིང་གྷ་ལྷིས་སྤྱི་ཚོགས་ནས་གཙོ་ལྷོ་ཕྱོགས་ངོས་ཀྱི་སིངགྷ་ལའི་རྒྱན་རྟེན་ཡོད་འདུག། 

ཕྱོགས་གཞན་དུ་སྲིད་བློན་ར་ནིལ་ཝིཀ་རམ་སིངྒ་མཆོག་གཅིག་སྒྲིལ་རྒྱལ་ཡོངས་སྲིད་དིན་ཚིགས་པའི་སྲིད་འཛིན་འོས་མིར་འབུར་དུ་ཐོན་ཡོད་འདུག། སྐུ་ཞབས་མཆོག་གིས་དུས་ཡུན་རིང་པོ་ནས་སྲིད་འཛིན་གྱི་མངོན་འདོད་ཙམ་མིན་པར་ཁོ་བོ་སྲིད་འཛིན་གྱི་འོས་མིར་ཉམས་མྱོང་ཆེ་ཤོས་ཡིན་འདུག། སྐུ་ཞབས་མཆོག་གིས་སྲིད་བློན་གྱི་འགན་འཁུར་ཐེངས་ལྔ ཐམ་པ་གནང་རྗེས་གྲོས་ཚོགས་ཀྱི་ཚོགས་མི་ལོ་བཅུ་ཕྲག་བཞི་རིང་གནང་ཞིང་སྲིད་དོན་ཚོགས་པའི་འགོ་ཁྲིད་ལོ་༢༥ རིང་གནང་ཡོད་ཀྱང་རང་རེའི་སྲིད་དོན་ཚོགས་པའི་ཚོགས་མི་དང་མི་སྣ་མང་པོས་སྐུ་ཞབས་མཆོག་སྲིད་འཛིན་འོས་མིར་བཞེངས་པར་རྒྱབ་རྟེན་མུ་མཐུད་མེད་པ་ཡིན་འདུག། ཁོང་ཚོས་སྐུ་ཞབས་མཆོག་གིས་སྲིད་འཛིན་བཞེང་པའི་ཕྱིས་དྲག་པ་དང་སྲིད་འཛིན་འོས་མིར་སྒུལ་ཤུགས་ལྡན་པའི་གཞོན་སྐྱེས་འོདད་པ་ཡིན་འདུག། སི་རི་སེ་ན་གཞུང་གྱི་བློན་ཆེན་ལས་ཐོག་པ་དང་སྲིད་འཛིན་རཱ་ན་སུང་གྷ་པ་མེ་ཌེ་སཱའི་སྲས་ཟུར་པ་སྐུ་ཞབས་ས་ཇིཌ་པ་རེ་མེ་ཌེ་ས་སྒུལ་ཤུགས་ཅན་གྱི་གཞོན་སྐྱེས་སྲིད་འཛིན་འོས་མིའི་དགོས་མཁོ་འོས་ཤིང་འཚམ་ཡང་སྐུ་ཞབས་ཝིཀ་རམ་སིང་གྷ་གནས་བཞུགས་རིང་སྲིད་དོན་ཚོགས་པས་ཐག་གཅོད་ལེགས་པར་གནང་ཐུབ་མེད། དེ་དག་གིས་སྲིད་འཛིན་འོས་བསྡུར་ཕྱིས་འགྱང་དང་རྣམ་གཡེང་གྱི་གནས་སྟངས་ཆ་ཙམ་འགྲེལབརྗོད་གནང་ཐུབ། 

ཤྲིལངྐའི་ཁྱིམ་མཚེས་རྒྱལ་ཁབ་ཉེ་ཤོས་དང་གྲོགས་རྒྱལ་ཞིག་གིས་ངོས་ནས་རང་དབང་དང་དྲང་བདེན་གྱི་འོས་བསྡུ་འདོད་པ་ཡིན། རྒྱ་གར་གྱིས་ཤྲིལངྐར་ཉེ་ཆར་ཨིསྚར་གཟའ་ཉི་མའི་སྐབས་ཀྱི་འཇིག་སྐུལ་དྲག་སྤྱོད་ལ་སེམས་འཚབ་རྒྱབ་རྟེན་བརྗོད་ཡོད། མང་གཙོ་དང་དུ་མ་འདོད་པའི་ཤྲིལངྐའི་རྒྱལ་ཁབ་དེ་ལྷོ་ཨེ་ཤི་ཡའི་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱེ་ཐང་ཁྲིད་ཀྱི་གཞིན་ས་ལྟ་བུ་འགྱུར་སྲིད་པ་ཡིན་འདུག་གོ།