29.09.2019

ངའི་བརྩེ་བའི་རྒྱ་གར་ཡུལ་མི་ཡོངས་ལ་འཚམས་འདྲིས་བཀྲིས་བདེ་ལེགས་    གྲོགས་པོ་ཚོ་ད་རེའི་སྙིང་གི་སྐད་ཆེའི་ལེའུ་འདིའི་ནང་ང་ཚོའི་རྒྱལ་ཁབ་ཀྱི་ཁྱད་གྲགས་ཅན་གྱི་གང་ཟག་ཞིག་གི་སྐོར་གླེང་ཀློང་ཞུས་ཡག་ཡིན་    ང་ཚོ་རྒྱར་གྱི་མི་རིགས་ཡོངས་ཀྱི་སེམས་ནང་གང་ཟག་དེའི་ཀླད་གུས་བརྩི་ཆེན་པོ་དང་བརྩེ་དུངས་མང་པོ་ཡོད་རེད་     རྒྱལ་ཁབ་འདིའི་ནང་གང་ཟག་ཁོང་ལ་གུས་བརྩི་མེད་མཁན་ཕལ་ཆེར་མེད་པ་རེད་    ཁོང་ནི་ང་ཚོ་ཚང་མ་ལས་གུང་ལོ་བགྲེས་པ་དང་ཁོང་ནི་རྒྱལ་ཁབ་འདིའི་ལོ་རྒྱུ་ནང་བྱུང་བའི་དོན་རྐྱེན་མང་པོ་དང་དུས་ལ་འརྒྱུར་བ་ཕྱིན་པ་མང་པོའི་དཔང་པོ་ཞིག་ཀྱང་ཆག་གི་ཡོད་    ཁོང་ལ་ང་ཚོས་གཅེན་མོ་Lata ཞེས་འབོད་ཀྱིས་ཡོད་

ཁོང་དེ་རིང་ཟླ་བ་ ༩ པའི་ཚེས་ ༢༨  ཉིན་གུང་ལོ་  ༩༠  ཧྲིལ་པོར་ཕེབས་ཀྱི་ཡོད་    ད་རེས་ང་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕྱིར་བསྐྱོད་མ་འགྲོ་གོང་ལ་གཅེན་མོ་ལྷན་དུ་ཞལ་པར་བརྒྱུད་བཀའ་མོལ་ཞུས་རྒྱུའི་གོ་སྐབས་བྱུང་     བཀའ་མོལ་དེ་ཡང་གཅུང་པོ་ཞིག་གི་བརྩེ་བའི་གཅེན་མོའི་ལྷན་དུ་བཀའ་མོལ་ཞུས་པ་བཞིན་བྱུང་    སྤྱིར་གུས་པས་རང་ཉིད་སྒེར་གྱི་བཀའ་མོལ་འདི་རིགས་ཀྱི་སྐོར་གཞན་ལ་གླེང་གི་མེད་    འོན་ཀྱང་  ད་རེས་གཅེན་མོ   Lata  ལགས་ཁོང་གིས་གནང་བའི་བཀའ་མོལ་དེར་ཁྱེད་རྣམས་ཚང་མས་གསན་རོགས་གནང་    གཅེན་མོ་  Lata ལགས་ཁོང་གུང་ལོ་བགྲེས་པོ་འདིར་ཕེབས་ཀྱང་རྒྱལ་ཁབ་དང་འབྲེལ་བ་ཡོད་པའི་གནད་དོན་ཁག་ཚང་མའི་སྐོར་མཁྱེན་འདོད་ཀྱི་འདུན་པ་ཆེན་ཡོད་པ་མ་ཟད་གྲ་སྒྲིགས་ཨང་སར་འདུག་    ཡང་རྒྱལ་ཁབ་ནང་ཡར་རྒྱས་ཡོང་བཞིན་པ་དང་འགྲོ་བཞིན་པའི་འགྱུརལྡོག་    གོང་འཕེལ་དུ་འགྲོ་བཞིན་པའི་རྒྱ་གར་གྱི་རྒྱལ་ཁབ་འདི་ལས་ཁོང་ཐུགས་འདོད་འཚིམ་བཞིན་འདུག་

Modi ji- གཅེན་མོ་Lata ལགས་བཀྲིས་བེད་ལེགས་ང་Narendra Modi ཞུས་ཡི་ཡོད་

Lata- བཀྲིས་བེད་ལེགས་

Modi- ད་རེང་ཞལ་པར་ཕུལ་དགོས་དོན་ནི་ད་རེས་ཁྱེད་ཀྱི་འཁྲུངས་སྐར་ལ་

Lata- ལེགས་སོ་ལེགས་སོ་

Modi- ང་ད་ལྟ་གནམ་གྲུ་ནང་འཕུར་ཡག་ཡིན་

Lata- ལེགས་སོ་

Modi- དེར་བརྟེན་མ་འཕུར་གོང་ལ་ངའི་བསམ་པར་

Lata- ལེགས་སོ་ལགས་སོ་

Modi- ཁྱེད་ལ་འཕྲུངས་སྐར་གྱི་ཉིན་མོ་སྔོན་ལ་འཚམས་འདྲི་དང་ངགའ་བསུ་ཞུས་ཡི་ཡོད་ཁྱེད་སྐུ་ཁམས་བཟང་བ་དང་བེད་ཐང་བཞུགས་རྒུར་ཡང་ང་ཚོར་ཁྱེད་ཀྱི་བསྔོ་མོན་བྱིན་རླབས་མུས་འཐུད་ཡོང་རྒྱུའི་སྨོན་ལམ་ཞུ་ཡོད་ཨ་རི་མ་འགྲོ་གོང་ལ་ཁྱེད་ལའཚམས་འདྲི་ཞུས་ཡས་ཆེད་དུ་ཞལ་པར་ཕུལ་བ་ཡིན་

Lata- ཁྱེད་ཀྱི་ཞལ་པར་ཡོང་རྒྱུའི་སྐོར་ཐོས་པ་ཙམ་ཕྱི་དེ་

ངའི་བརྩེ་བའི་རྒྱ་གར་ཡུལ་མི་ཚོ་    ད་རེང་  Navaratri ནས་བཟུང་དུས་ཆེན་མང་པོས་ཞིག་གི་འཁོར་ཡུག་འདི་བསྐྱར་དུ་སྤྲོ་སེམས་གསར་པ་དང་  ནུས་ཤུགས་གསར་པ་  སེམས་ཚོར་གསར་པ་  ཐག་གཅོད་ཆོད་ཐུབ་པའི་ནུས་པ་གསར་པས་ཁེངས་འགྲོ་ཡི་རེད་    དགའ་སྟོན་གྱི་དུས་ཚོད་འདི་ཡོང་འགྱུར་བདུན་ཕྲག་མང་པོར་རྒྱ་གར་རྒྱལ་ཡོངས་ནང་བེད་སྐྱིད་ཀྱི་འོད་སྣང་སྤེལ་གྱི་རེད་      ང་ཚོ་ཚང་མ་  Navaratri གྱི་དུས་ཆེན་དང་  Garba, Durga Puja,  Dussehra, Diwali, Bhaiya dooj, Chhath Puja, གཞན་ཡང་དུས་ཆེན་འདི་ཚོའི་སྐབས་ཁྱིམ་ཚང་ནང་མི་ཚང་མ་མཉམ་འཛོམས་ཀྱིས་ཡོད་     ཡིན་ནའང་ངགའ་སྟོན་གྱི་དུས་སུའང་ང་ཚོའི་གཡས་གཡོན་མི་མང་པོ་དགའ་སྟོན་གྱི་བེད་སྐྱིད་དང་བྲལ་བའང་ཡོང་གི་ཡོད་པ་ང་ཚོས་མཐོང་ཡག་ཡོད་རེད་     དེ་ལ་”སྒྲོན་མེ་ཡོད་ཀྱང་ནག་ཁུག་”ཟེར་གྱི་ཡོད་     བཤད་སྲོལ་འདི་ཡང་ཚིག་སྟོང་པ་ཙམ་མ་ཡིན་པར་ང་ཚོ་ཚང་མའི་ཆེད་དུ་བཀའ་ཁྱབ་ཞིག་དང་    ལྟ་བའང་བསླབ་བྱ་ཞིག་ལྟ་བུ་རེད་      ཐུགས་བསམ་ཞིག་གནང་རོགས་        ཕྱོགས་གཅིག་ལ་ཁྱིམ་ཚང་ཁ་ཤས་འོད་འཕྲོ་བཞིན་གསལ་པོ་དང་       ཡང་ཁྱིམ་ཚང་དེའི་འདུན་དུ་ཁྱིམ་ཚང་གཞན་པ་མང་པོ་ཞིག་ནག་ཁུང་ཡོད་པ་ཡོང་གི་ཡོད་རེད་     ཁྱིམ་ཚང་ཁ་ཤས་ནང་མངར་ཟས་རིགས་མང་དྲག་ནས་བསྐྱུར་དགོས་པ་དང་     གཞན་པའི་ནང་གི་ཕྲུ་གུ་ཚོར་མངར་ཟས་རྩ་ནས་མེད་པའི་ཟས་རིགས་འཁོ་གལ་ཡོང་གི་འདུག་       མི་ཁ་ཤས་ལ་གྱོན་ཆས་མང་བའི་རྐྱེན་གྱི་རླུགས་སྒམ་ཉུང་དྲག་གི་ཡོད་ཀྱང་ཁ་ཤས་ལ་སོ་སོའི་ལུས་ལ་གྱོན་ཆེད་ཀྱི་གོས་ལོག་གཅིག་གཉིས་རགས་ཐབས་དཀའ་བ་ཡོད་

གནད་སྟངས་འདི་ལ་སྒྲོན་མེ་ཡོད་ཀྱང་ནག་ཁུང་ལབ་ཀྱི་མ་རེད་དམ་   འིད་ནི་སྒྲོན་མེད་ཡོད་ཀྱང་ནག་ཁུང་ཡིན་         ནག་ཁུང་འདི་རིགས་མེད་པ་ཆག་པ་དང་ཉུང་རུ་འགྲོ་བ་ཡང་འོད་སེལ་བ་འགྲོ་བ་ཆག་པའི་སྐབས་དགའ་སྟོན་གྱི་དུས་ཆེན་ཁག་གི་དོན་སྙིད་ལྡན་པའི་བེད་སྐྱིད་བསྐྲུན་ཐུབ་      བེད་སྐྱིད་བསྐྲུན་རྒྱུ་ནི་ང་ཚོའི་རང་བཞིན་ཆག་དགོས་ངེས་རེད་        ཁྱིམ་ཚང་ནང་མངར་ཟས་རིགས་དང་གྱོན་ཆས་གསར་པ་   བརྙན་པ་ལ་སོགས་ཀྱི་སྐྱེལ་འགྲེམ་བྱུང་སྐབས་དངོས་པོ་དེ་རིགས་དོར་ཚུལ་སྐོར་ཡང་ཐུགས་བསམ་གནང་དགོས་       སོ་སོའི་ཁྱིམ་ནང་དུ་ཡོད་ཆས་རིགས་བེད་སྤྱོད་མེད་པ་ཡིན་ན་དེ་ཚོ་ཕྱི་ལ་བསྐྱུར་དགོས་པ་ཤིན་ཏུ་ནས་གལ་ཆེ་

གྲོང་འཁྱེར་མང་པོའི་ནང་གཞོན་སྐྱེས་ཚོས་འགོ་འཛུགས་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་གོང་གསལ་ཕྱག་ལས་དེ་དག་གནང་གི་འདུག་       ཁོང་ཚོས་ཁྱིམ་ཚང་མང་པོ་ནས་བེད་སྤྱོད་མེད་པའི་དངོས་པོ་དང་ལོངས་སུ་སྤྱོད་མ་ཐུབ་པའི་ཟས་རིགས་     གྱོན་ཆས་ཚང་མ་འཁོ་སྒྲུབ་གནང་ནས་དགོས་ཁོ་ཅན་གྱི་མི་དང་དབུལ་པོ་ཚོར་བགོ་འགྲེམས་གནང་རྒྱུའི་ལས་གཞི་དེ་རིགས་དྭང་ལངས་དང་     མིང་སྨྲོས་མེད་པས་སྤེལ་གནང་གི་འདུག་      ཡོང་ལ་ཉེ་བའི་དགའ་སྟོན་གྱི་དུས་ཆེན་དེ་ཚོའི་སྐབས་ང་ཚོས་མཁན་རྟོགས་ཡོད་བཞིན་སེམས་ཤུགས་ལྡན་པས་གོང་གསལ་གི་སྒྲོན་མེད་མེད་ཀྱང་ནག་ཁུང་ཞེས་པའི་དཀའ་ངལ་དེ་མེད་པ་བཟོ་ཐུབ་ཀྱི་མ་རེད་དམ་

དབུལ་པོ་ཁ་ཤས་ཀྱི་ཞལ་རས་ལ་དགའ་ཚོར་གྱི་འཛུམ་པ་སླེབས་ཐུབ་པ་གནང་བ་ཡིན་ན་རང་ཉིད་ལའང་དགའ་དགའ་སྣང་ལྡབ་མང་པོ་     སོ་སོའི་Diwali གྱི་དུས་ཆེན་དེའང་འོད་སེར་ལྡབ་མང་པོ་གསལ་བའི་བེད་སྐྱིད་ལྡན་པ་ཡོང་ངེས་རེད་

ངའི་བརྩེ་བའི་སྤྲུན་ཟླ་ཚོ་   Diwali   གྱི་དགའ་སྟོན་ལ་དཔལ་ལྷ་མོ་  Laxmi  ང་ཚོའི་ཁྱིམ་ཚང་ནང་ལ་བསྐྲིས་པའི་བསོད་ནམས་དང་རྒྱུ་ནོར་ཡར་འགྲོ་ཡི་ཚུལ་ཕེབས་ཀྱི་ཡོད་རེད་    སྲོལ་རྒྱུན་བཞིན་དཔལ་ལྷ་མོ་ Laxmi ནང་ལ་ཕེབས་པར་དགའ་བསུ་ཞུས་ཀྱི་ཡོད་        འོན་ཀྱང་  ད་རེས་ང་ཚོ་དཔལ་ལྷ་མོ་  Laxmi ཁོང་ལ་ཕེབས་བསུ་ཞུ་སྲོལ་གསར་པ་ཞིག་ནས་ཕེབས་བསུ་ཞུ་ཐུབ་ཀྱི་རེད་དམ་     ང་ཚོའི་ལུགས་སྲོལ་ལ་སྐྱེས་པ་བུ་མེད་ལ་དཔལ་ལྷ་མོའི་སྤྲུལ་པ་རེད་ཞེས་ལབ་སྲོལ་ཡོད་      དེ་ཡང་སྐྱེས་པ་བེུད་བསོད་ནམས་དང་རྒྱུ་ནོར་འཁྱེར་ཡོང་གི་ཡོད་     དརེས་ང་ཚོའི་སྤྱི་ཚོགས་ནང་དང་     གྲོང་འཁྱེར་ཡང་གྲོང་སེབ་ཚང་མར་བེུད་ལ་གུས་བརྩིས་ཞུ་རྒྱུའི་ལས་གཞི་མཛད་སྒོ་རིགས་གོ་སྒྲིག་གནང་ཐུབ་ཐབས་ཡོད་དམ་       ལས་གཞི་དེ་རིགས་ཡོངས་སྒྲགས་གནང་ཐུབ་ཡོད་དམ་       ང་ཚོའི་ནང་བེུད་ཁ་ཤས་ཀྱི་སོ་སོའི་ནུས་པ་འཇོན་ཐངགི་རྐྱེན་པས་ནང་མི་དང་སྤྱི་ཚོགས་སམ་རྒྱལ་ཁབ་ཀྱི་མཚན་སྙན་སྒྲགས་ཆེ་རུ་བཟོ་གནང་གི་ཡོད་རེད་

ལོ་འདིའི་    Diwali    དགའ་སྟོན་ལ་རྒྱ་གར་རྒྱལ་ཁབ་འདིའི་དཔལ་ལྷ་མོ་   Laxmi  དེ་ཚོར་གུས་བརྩིས་ཞུས་པའི་ལས་གཞི་མཛད་སྒོ་གོ་སྒྲིག་ཞུས་ཐུབ་ཀྱི་རེད་དམ་    ང་རང་ཚོའི་གཡས་གཡོན་ལ་བུ་མོ་དང་མནའ་མ་མང་པོས་ཐུན་མོང་མ་ཡིན་པའི་ཕྱག་ལས་མང་པོ་གནང་བཞིན་ཡོད་ཀྱི་རེད་       ཁ་ཤས་ཀྱིས་དབུལ་པོའི་བུ་ཕྲུག་ཚོར་ཀློབ་སྦྱོང་གནང་རྒྱུའི་ཕྱག་ལས་གནང་གི་ཡོད་ཀྱི་རེད་     ཁ་ཤས་ཀྱི་འཕྲོད་བསྟེན་གྱི་བསམ་ཤེས་གཙང་སྦྲ་གོང་འཕེལ་གནང་རྒྱུའི་ཕྱག་ལས་ལ་འབད་པ་    ཁ་ཤས་ནི་སྨན་པ་དང་ཁྱད་ལས་པ་ཆག་ནས་སྤྱི་ཚོགས་ཞབས་ཞུས་གནང་གི་ཡོད་ཀྱི་རེད་      ཡང་ཁ་ཤས་ཁྲིམས་རྩོད་པ་ཆག་ནས་མི་ཚོར་ཁྲིམས་སྤྱད་ཀྱི་ཞབས་ཞུས་གནང་གི་ཡོདཀྱི་རེད      ང་ཚོའི་སྤྱི་ཚོགས་ཀྱི་བེུད་འདི་རིགས་ཚང་མར་ངོ་སྤྲོད་གནང་ནས་ཁོང་ཚོར་གུས་བརྩིས་གནང་པ་དང་སྤོབས་པ་གནང་དགོས་    ཁོང་ཚོར་གུས་བརྩིས་གནང་པའི་ལས་གཞི་མཛད་སྒོ་རིགས་རྒྱལ་ཡོངས་ནང་གོ་སྒྲིས་གནང་དགོས་

ཡང་བེུད་ཁོང་ཚོའི་བྱས་རྗེས་ཡོངས་ཀྱི་སྐོར་སྤྱི་ཚོགས་དྲ་རྒྱ་ནང་གང་མང་ལ་སོགས་ཀྱི་ཁྱབ་འགྲེམས་གནང་རོགས་         #hashtag    བེད་སྤྱོད་གནང་བ་ནས་     # Bharat ki Laxmi   ཞེས་རྒྱ་གར་གྱི་དཔལ་ལྷ་མོ་ཞེས་བྲིས་ནས་ཁྱབ་འགྲེམས་གནང་རོགས་       དེ་སྔོན་ང་ཚོ་ཚང་མས་    selfie with daughter ཞེས་བུ་མོའི་ལྷན་དུ་དཔར་རྒྱབ་ཞེས་པའི་ལས་གཞི་ཁྱད་པ་ཅན་སྤེལ་བ་དེ་འཛམ་བུ་གླིང་ཡོངས་ལ་ཁྱབ་ཡོད་འདུག་     དེ་མཚུངས་ད་རེས་རྒྱ་གར་གྱི་དཔལ་ལྷ་མོ་ཞེས་ལས་འགུལ་སྤེལ་དགོས་       རྒྱ་གར་གྱི་དཔལ་ལྷ་མོ་ཚོའི་སེམས་ཤུགས་འཕར་མ་བསྐྲུན་པ་ནི་རྒྱལ་ཁབ་ཡོངས་ཀྱི་ཡར་ཐོན་འགྲོ་ལམ་བཟང་དུ་བཏང་གནང་གིས་ཡོད་པ་དང་གཅིག་མཚུངས་ཡིན་

ངའི་བརྩེ་བའི་རྒྱལ་ཡོངས་ཡུལ་མི་ཚེ་           དེ་སྔོན་ཡང་སྙིང་གི་སྐད་ཆའི་ལེའུ་གཅིད་གི་ནང་ངས་མི་སྣ་འདྲ་མིན་མང་པོའི་ལྷན་དུ་ཐད་ཀར་བཀའ་མོལ་ཞུས་ཡག་གི་གོ་སྐབས་བཟང་པོ་ཐོབ་བཞིན་ཡོད་པ་འདི་ནི་ལས་གཞི་འདིའི་དགེ་ཚན་བཟང་ཤོས་ཤིག་ཡིན་ཞེས་ཞུས་ཡོད་        ཉིན་ཤས་སྔོན་    Arunachal མངའ་སྡེ་ནས་ཡིན་པ་སློབ་ཕྲུག་     Alina Taeyang    གྱིས་ཕྱག་ཡིག་ཞིག་འབྱོར་བྱུང་     དེའི་ནང་དོན་དེ་ངོས་ཀྱི་འགྲོག་སྦྱར་ཞུས་ཡིས་ཡིན་

བཀུར་བའི་སྲིད་བློན་མཆོག་    ངའི་མིང་ལ་  Alina Taeyang ཟེར་གྱི་ཡོད་      ང་ནི་   Arunachal མངའ་སྡེའི  Rowing ཞེས་པའི་ས་གནས་གནས་སྡོད་བྱེད་མཁན་ཞིག་ཡིན་         ད་རེས་ང་ཚོའི་ཡིག་རྒྱུག་གྱི་སྒྲུབ་འབྲས་ཐོན་རྗེས་མི་བགའ་ཤིག་གིས་  Exam Warriors  ཞེས་པའི་དཔེ་དེབ་དེ་བཀླག་མྱོང་དང་མ་མྱོང་ཞེས་དྲི་བ་གནང་སོང་     ངོས་ཀྱིས་བཀླག་མྱོང་མེད་ཞེས་ཞུས་པ་ཡིན་  འོན་ཀྱང་དེ་རྗེས་དེབ་དེ་ཉོས་ནས་ཐེངས་གཉིས་གསུམ་ཀློག་པ་ཡིན་      དེ་ནི་ཉམས་མྱོང་ཡག་པོ་ཞེ་དྲག་བྱུང་སོང་   ཡང་ཚོརསྣང་ཞིག་ལ་གལ་སྟེ་ངས་དེབ་དེ་ཡིག་རྒྱུག་སྔོན་ལ་བཀླག་ཡོད་ན་ང་ལ་ཕན་གཏོགས་ཆེན་པོ་བྱུང་ཡོད་ས་ཡོད་ཞེས་བསམ་བྱུང་          དེབ་འདིའི་ནང་དོན་ལྟ་ཚུལ་མང་པོ་ཞིག་དོན་ལྡན་ཡིན་པ་མཐོང་བྱུང་     ཡང་དེབ་འདིའི་ནང་ཀློབ་ཕྲུག་ཚོར་ཕན་གཏོགས་ཆེ་བའི་གནད་དོན་མང་པོ་འདུག་ཀྱང་ཕ་མ་ཚོར་དང་དགེ་རྒན་ཚོར་ཕན་གཏོགས་པའི་འགྲེལ་བ་མང་པོ་མིན་འདུག་      གལ་ཏེ་ཁྱེད་དེབ་དེའི་དཔར་མ་གསར་པ་ཞིག་སྟོན་གནང་ཡག་ཡིན་ན་ཕ་མ་ཚོར་དང་  དགེ་རྒན་ཚོར་ཕན་གཏོགས་པའི་གནད་དོན་བགའ་ཞིག་དེབ་དེའི་ནང་བཀོད་པ་གནང་རོགས་གནང་    གཟིགས་ད་   ང་ཚོའི་ན་གཞོན་ཚོར་ཡང་རྒྱལ་ཁབ་འདིའི་ཞབས་འདེགས་པ་དང་པོ་ལའང་བསྐུལ་བ་བཏང་བ་ཡིན་ན་ལས་དོན་སྒྲུབ་ཀྱི་རེད་ཞེས་ཡིད་ཆེས་གནང་གི་འདུག་

ངའི་བརྩེ་བའི་སློབ་ཁྲུག་གྲོགས་པོ་ཆུང་ཆུང་ལགས་ཐོག་མར་ཀྱེད་ཀྱིས་ཕྱག་ཡིག་བཏང་གནང་བར་ཐུགས་རྗེ་ཆེ་ཞུས་ཀྱི་ཡོད་   Exam Warriors    ཞེས་པའི་དཔེ་དེབ་དེ་ཚར་གཉིས་གསུམ་བཀླག་པ་ལའང་ཐུགས་རྗེ་ཆེ་        དེབ་དེའི་ནང་གང་དང་གང་མ་ཚང་བའི་སྐོར་གསུངས་པལའང་ཐུགས་རྗེ་ཆེ་     དེ་དང་ཆབ་གཅིག་ངའི་གྲོགས་པོ་ཆུང་ཆུང་ཁོང་གིས་ང་ལ་ལས་ཀ་འང་བསྐུལ་གནང་སོང་    ལས་ཀ་བྱེད་དགོས་པའི་བཀའ་ཁྱབ་གནང་སོང་ལ་  གུས་པས་གང་གསུངས་ཅི་སྒྲུབ་ཞུས་རྒྱུ་ཡིན་      དེབ་དེའི་དཔར་མ་གསར་པ་དུས་ཐོག་སྟོན་ཐུབ་པ་ཡིན་ན་ཕ་མ་དང་དགེ་རྒན་ཚོའི་ཆེད་དུའང་གནད་དོན་ཁག་གཅིག་བྲིས་ཐུབ་པའི་འབད་བརྩོན་ཞུས་ཀྱིས་ཡིན་         ཁྱེད་རྣམས་ལ་འབོད་བསྐུལ་ཞིག་ཞུས་རྒྱུ་ཡོད་པར་ཁྱེད་རྣམས་ཀྱི་མི་ཚེའི་ནང་ཉམས་ཚོར་གང་དང་གང་ཡོང་གིན་ཡོད་པ་གུས་པར་དགོངས་ཚུལ་བཏང་གནང་རོགས་གནང་     ཡང་དགེ་རྒན་དང་ཕ་མ་ཚོར་འབོད་བསྐུལ་ཞུས་རྒྱུར་སློབ་ཕྲུག་ཚོས་ཡིག་རྒྱུག་དང་འབྲེལ་བའི་སེམས་ངལ་ཉུང་དུ་བཏང་རྒྱུར་གང་དང་གང་གནང་བཞིན་པའི་ཉམས་ཚོར་དགོངས་ཚུལ་གུས་པར་གསུངས་རོགས་གནང་      གནད་དོན་དེའི་ཐད་གུས་པས་ཀྱང་བསམ་བློ་གཏན་གཏན་ཕུལ་རྒྱུ་ཡིན་        དེ་རྗེས་གུས་པས་གང་ལེགས་མཐོང་ཚེ་ངོས་ཀྱིས་དེབ་རྗེས་མའི་ནང་བྲིས་རྒྱུར་འབད་བརྩོན་ཞུས་ཡག་ཡིན་        ཡང་ཁྱེད་རྣམས་ཀྱི་ཉམས་ཚོར་དགོངས་ཚུལ་གང་མང་མང་འབྱོར་ཚེ་དེབ་རྗེས་མ་གང་འགྱོགས་མཐོན་ངེས་ཆག་གི་རེད་        ཁྱེད་རྣམས་པའི་དགོངས་ཚུལ་འབྱོར་རྒྱུའི་རེ་བ་ཞུས་ཀྱིས་ཡིན་                         Arunachal མངའ་སྡེ་ནས་ཡིན་པའི་ང་ཚོའི་གྲོགས་པོ་ཆུང་ཆུང་སློབ་ཕྲུག་     Alina Taeyang    ལ་བསྐྱར་དུ་ཐུགས་རྗེ་ཆེ་ཞུས་ཀྱིས་ཡོད་

ངའི་བརྩེ་བའི་ཡུལ་མི་ཚོ་         ཚགས་ཤོག་དང་གློག་འཕྲིན་བརྒྱུད་རྒྱལ་ཁབ་ཀྱི་སྲིང་བློན་ལ་བྲེལ་བ་ཇི་ཙམ་ཡོད་མེད་སྐོར་ཁྱེད་རྣམས་པས་མཁྱེན་གསལ་རེད་      གུས་པའང་ཁྱེད་དང་འདྲ་བ་མི་ཞིག་ཡིན་ལ་       ངའང་མི་སེར་ཕལ་བ་གཅིག་ཡིན་ལ་    མི་སེར་ཕལ་བ་ཞིག་གི་མི་ཚེའི་ནང་གནད་ཚུལ་འདྲ་མིན་སྣ་ཚོགས་ཀྱི་སྣོན་ཤུགས་ཡོད་པ་བཞིན་གུས་པའི་མི་ཚེའི་ནང་ཡང་སྣོན་ཤུགས་ཐམས་ཅད་ཡོང་གི་ཡོད་

དེ་བཞིན་ད་རེས་    US Open ཞེས་པའི་རྩེད་འགྲེན་ནང་རྒྱལ་ཁ་ཐོབ་མཁན་གྱི་སྐོར་གླེང་ཀློང་བྱུང་བཞིན་འདུག་པར་རྩེད་འགྲན་པ་ཨང་གཉིས་པ་སྐུ་ཞབས་    Daniil Medvedev ལགས་ཀྱིས་རྩེད་འགྲན་མཐའ་མའི་རྗེས་སུ་གནང་བས་གསུངས་བཤད་ཀྱི་སྐོར་ཡང་གླེང་ཀློང་མང་པོ་ཡོང་གིན་འདུག་          སྤྱི་ཚོགས་དྲྭ་རྒྱའི་ནང་དེའི་སྐོར་གླེང་ཀློང་མང་པོ་ཐོས་པ་དང་མཐོང་བའི་རྗེས་སུ་གུས་པས་ཀྱང་དེང་དྭོ་སྣང་བྱུང་སོང་        གསུངས་བཤད་དེ་ཉོན་པ་ཡིན་     གུང་ལོ་  ༢༣  ཙམ་ཡིན་པའི་   Daniil Medvedev ལགས་ཀྱི་ཉམ་ཆུང་གྱི་རང་བཞིན་དང་  རྒན་ཚད་ཀྱི་བསམ་བློ་འཁྱེར་བཟོས་ཚང་མའི་ཡིད་འཕྲོག་ཐུབ་པ་བྱུང་འདུག་      གུས་པ་ནི་དམིགས་བསལ་གྱི་སེམས་ལ་འཇུག་པོ་བྱུང་སོང་          དེ་་ནི་   Grand Slam རྩེད་འགྲན་་དེར་ཐེངས་  ༡༩   རྒྱལ་ཁ་ཐོབ་མཁན་སྐུ་ཞབས་  Rafael Nadal ནས་རྩེད་འགྲན་མཐའ་མ་ཕམ་པའི་རྗེས་སུ་ཁོང་གིས་གསུངས་བཤད་གནང་པ་ཞིག་རེད་       དེ་འདྲའི་གནས་སྐབས་སུ་མི་སུ་ཡིན་རུང་སེམས་སྐྱོ་བོ་དང་སྡུག་པོ་      ཡིད་ཐང་ཆད་པ་ཡོང་ངེས་རེད་       འོན་ཀྱང་ཁོང་ནི་ཡིད་ཐང་ཆད་པ་མ་ཡིན་པ་དང་མི་གཞན་ཚང་མར་ཡང་གད་ཤོར་བ་བཟོ་གནང་བྱུང་        ཁོང་གི་ཉམ་ཆུང་རང་བཞིན་དང་གུས་ཞབས་ཅན་རྩེད་འགྲན་པའི་རང་བཞིན་བཟང་པོས་ཡིད་འཕྲོག་བྱུང་       རྩེད་འགྲན་གཟིགས་མོ་བ་ཚང་མས་ཁོང་གི་གསུངས་བཤད་ལ་དགའ་བསུ་གནང་སོང་

Daniil ཁོང་གིས་རྩེད་འགྲན་རྒྱལ་ཁ་ཐོབ་མཁན་  Nadal ལའང་བསྟོད་བསྔགས་མང་པོ་གནང་བྱུང་      ཁོང་གིས་གསུངས་དོན་  Nadal གྱིས་གཞོན་སྐྱེས་འབུམ་ཕྲག་མང་པོར་  Tennis ཞེསཔའི་རྩེད་སྣ་དེ་རྩེད་རྒྱུར་སྤོབས་པ་སྤེལ་ཡོད་ཞེས་གསུངས་བྱུང་     ཡང་Nadal མཉམ་དུ་འགྲན་བསྡུར་གནང་རྒྱུ་ལས་སུ་སླ་བོ་མེད་པའི་སྐོར་ཡང་གསུངས་འདུག་       ཁོང་གིས་སྐུ་ཞབས་Nadal ནི་རྩེད་འགྲན་པའི་བཟང་སྤྱོད་ལྡན་པ་ཡིན་ཚུལ་སྐོར་གསུངས་བྱུང་       སྐུ་ཞབས་Nadal ནས་ཀྱང་Daniil གྱིས་རྩེད་འགྲན་གནང་སྟངས་ལ་བསྟོད་བསྔགས་གནང་བྱུང་

རྩེད་འགྲན་དེའི་ནང་རྒྱལ་ཁ་ཐོབ་མཁན་དང་ཕམ་མཁན་གཉིས་ཀའི་རང་བཞིན་ནི་ཡིད་འཚིམ་པ་ཞིག་འདུག་      གལ་སྟེ་ཁྱེད་རྣམས་པས་  Daniil  ལགས་ཀྱི་གསུངས་བཤད་དེ་གསན་མེད་པ་ཡིན་ན་      ང་ཚོའི་ན་གཞོན་ཚོས་གསུངས་བཤད་དེའི་བརྙན་འཕྲིན་དེ་ངེས་པར་དུ་གཟིགས་དགོས་འདུག་ཞེས་ཞུས་ཡག་ཡིན་         བརྙན་འཕྲིན་དེའི་ནང་མི་རབས་ཚང་མས་བསླབ་བྱ་ལེན་ཡག་འདུག་ཞེས་ཞུས་ཡག་ཡིན་      དེ་ཡང་རྒྱལ་ཁ་ཐོབ་དང་མི་ཐོབ་ཀྱི་གནད་དོན་ལས་འདས་པ་ཞིག་རེད་འདུག་      རྒྱལ་ཁ་ཐོབ་དང་མི་ཐོབ་གལ་ཆེན་པོ་མིན་པའི་སྐོར་ང་ཚོའི་བསྟན་བཅོས་ཁག་ནང་གསལ་པོ་ཞེ་དྲག་འཁོད་ཡོད་        ང་ཚོའི་མི་རབས་རྒན་པ་ཚོའི་དགོངས་ཚུལ་དེ་དག་ཆེ་བསྟོད་ཞུས་འོས་པ་རེད་འདུག་         ང་ཚོའི་བསྟན་བཅོས་ཁག་ནང་གསུངས་གསལ།

དེའི་འགྲེལ་བ་ནི་མི་ཞིག་ལ་   འཇོན་ཐང་དང་ཉམ་ཆུང་གི་རང་བཞིན་མཉམ་འཛོམས་ཡོད་པ་ཡིན་ན་མི་གཞན་ཚང་མའི་ཡིད་འཕྲོག་ཐུབ་        མཐར་དོན་རྩེད་འགྲེན་པ་ན་གཞོན་འདི་ཡིས་འཛམ་གླིང་ཡོངས་ཀྱི་ཡིད་འཁྲོག་ཐུབ་པ་བྱུང་འདུག་

ངའི་བརྩེ་བའི་ཡུལ་མི་ཚོ་དང་དམིགས་བསལ་དུ་ན་གཞོན་གྲོགས་པོ་ཚོ་      ད་རེང་ངས་བཀའ་མོལ་ཞུས་ཡག་འདི་ཐད་ཀར་ཁྱེད་རྣམས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པ་ཞིག་ཞུས་ཡག་ཡིན་         མཐུན་དང་མི་མཐུན་ཡོང་ངེས་རེད་        ཕྱོགས་འདི་དང་ཕྱོགས་འགལ་ཡང་ཡོང་ངེས་རེད་      འོན་ཀྱང་གནད་དོན་ཁ་ཤས་མ་བྱུང་སྔོན་ནས་བཀག་པ་ཡིན་ན་དེའི་དགེ་ཚན་ཆེན་པོ་ཡོད་རེད་       གནད་དོན་གཅིག་ཆེན་པོ་ཆག་པ་དང་དེའི་སྐོར་ཁྱབ་སྒྲགས་མང་པོ་བྱུང་ཚར་བའི་རྗེས་སུ་དེ་ལ་བཀག་སྡོམ་བྱེད་རྒྱུ་བཀའ་ལས་ཁག་པོ་རེད་

ཡིན་ཡང་དོན་རྐྱེན་ཞིག་འགོ་བཙུགས་མ་ཐག་ཏུ་ང་ཚོས་ཤེས་བཞིན་དུ་དེར་བཀག་སྡོམ་བྱེད་ཐུབ་ཚེ་གྱོང་གང་ཉུང་ཉུང་ཡོང་ངེས་རེད་       དེར་བརྟེན་ད་རེང་དམིགས་བསལ་གྱི་ན་གཞོན་ལྷན་དུ་བཀའ་བསྡུར་ཞུས་རྒྱུ་ཡིན་        ཚང་མས་མཁྱེན་བསལ་ཉེ་ཐ་བེད་སྤྱོད་ཀྱི་ངན་ལང་ཤོར་བས་རང་གི་སྐུ་གཟུགས་འཕྲོད་བརྟེན་ལ་གནོད་བྱེད་ཆེན་པོ་ཡོང་གི་ཡོད་ལ་      ངན་ལང་ཤོར་བ་དེ་ཁག་པོ་ཞེ་དྲག་ཡོད་     ཉེ་ཐ་ལ་སོགས་བེད་སྤྱོད་ཀྱིས་མི་ཚོར་     འབྲས་ནད་དང་    གཅིན་སྲིའམ་ཀ་རའི་ནད་     ཁྲག་ཤེད་ལ་སོགས་ཀྱི་ནད་དང་ཉེན་ཁ་མང་པོ་ཡོང་གི་ཡོད་རེད་        དེ་ཡང་ཡོངས་སྒྲགས་རེད་       ཉེ་ཐ་བེད་སྤྱོད་ཀྱི་མྱོས་བྱེད་ནུས་པ་ནི་དེའི་ནང་   Nicotine ཞེས་རྡོ་རྫས་འདིའི་རྐྱེན་པས་ཡིན་      གུང་ལོ་ཆུང་ངུ་ནས་རྫས་འདི་རིགས་བེད་སྤྱོད་གནང་པ་ཡིན་ན་མིའི་ཀླད་ཚད་ཉམས་རྒྱུ་ཐེབས་ངེས་རེད་       ད་རེས་གུས་པས་གནད་དོན་དམིགས་བསལ་ཞིག་ཞུ་ཡག་ཡིན་       ཚང་མས་མཁྱེན་བསལ་ལྟར་ཉེས་ཆར་གྱ་གར་གཞུང་གིས་e-cigarette དེར་བཀག་སྡོམ་བྱེད་ཡོད་         e-cigarette ཞེས་པའི་ཉེ་ཐ་དེ་ནི་སྤྱིར་སྟངས་ཀྱི་ཉེ་ཐ་ལས་མི་འདྲ་བ་ཞིག་ཡིན་ཡང་དེའི་ནང་   nicotine ཞེས་པའི་རྡོ་རྫས་དེས་དུད་པ་བཟོ་ཡི་ཡོད་      སྤྱིར་སྟངས་ཀྱི་ཉེ་ཐ་དེ་སྡུག་པོ་ཡིན་པ་ནི་ཡོངས་སྒྲགས་རེད་           ཡིན་ནའང་e-cigarette ཞེས་པའི་ཉེ་ཐ་དེའི་སྐྱོན་རྣམས་ཀྱི་སྐོར་བསམ་ཤེས་ལོག་པ་ཞིག་བསྐྲུན་འདུག་      ཉེ་ཐ་དེས་གནོད་སྐྱོན་རྩ་བ་ནས་བྱེད་ཀྱི་མེད་ཞེས་དངོས་འབྲེལ་མ་ཡིན་པའི་གཏམ་རྒྱུད་ཞིག་ཀྱང་སྤེལ་འདུག་               སྤྱིར་སྟངས་ཀྱི་ཉེ་ཐ་དེ་ཚོས་དྲི་ངན་དུད་པ་སྟོན་པ་མ་ཡིན་པ་ཉེ་ཐ་གསར་པ་དེས་དྲི་ཞིམ་གྱི་དུད་པ་སྟོན་ཐུབ་ཀྱི་འདུག་          དེ་ཡང་རྫས་འདྲ་མིན་རླུག་ཡིན་པས་རྐྱེན་གྱི་རེད་        ང་རང་ཚོའི་གཡས་གཡོན་ལ་གལ་སྲིད་ཁྱིམ་ཚང་ཞིག་གི་ནང་པ་ཕས་ཉེ་ཐ་མཆོད་ཀྱིས་ཡོད་རུང་ཁོང་གིས་གཞན་ཚང་མར་ཉེ་ཐ་མཐུང་རྒྱུ་མེད་ཞེས་བསླབ་བྱ་བསྐྱོང་གནང་གི་རེད་      ཉེ་ཐ་རིགས་ཚང་མས་མིའི་ལུས་ཁམས་ལ་གནོད་པ་བྱེད་ཀྱིས་ཡོད་པར་ཐེ་ཚོམ་མེད་པ་རེད་       ཉེ་ཐ་རིགས་ཀྱི་ཚོང་འགྲེམ་བྱེད་མཁན་ཡིན་རུང་དེ་ལ་མུ་མཐུན་བྱེད་ཀྱི་རེད་      ཉེ་ཐ་མཆོད་མཁན་ཞིག་ཀྱང་ཡིན་རུང་དེར་ཡིད་ཆེས་གནང་གི་རེད་       འོན་ཀྱང་e-cigarette ཀྱི་སྐོར་ད་ཆ་ཤེས་རྟོགས་ཉུང་ཉུང་ཞེ་དྲག་རེད་       དེའི་རྐྱེན་པས་ཉེ་ཐ་དེ་མཐུང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་        འཚམ་རེར་ཕྲུ་གུ་ཚོས་ཕ་མ་རྣམས་ཀྱི་མདུན་དུ་ཉེ་ཐ་དེ་མཐུང་ཡང་ཕ་མས་བཀག་སྡོམ་གནང་གི་མིན་འདུག་

དེར་བརྟེན་ང་ཚོའི་ན་གཞོན་མང་པོ་ད་ཆ་ཆུད་ཟོས་དུ་འགྲོ་བཞིན་འདུག་དེ་ཡང་གོ་རྟོགས་ཉུང་ཉུང་ཡོད་པའི་རྐྱེན་གྱི་རེད་         དོན་དངོས་སུ་e-cigarette ནང་གནོད་བྱེད་ཀྱི་རྡོ་རྫས་མང་པོ་རླུག་གི་འདུག་      རྡོ་རྫས་དེ་རིགས་ཀྱི་མིའི་ལུས་ཁམས་འཕྲོད་བརྟེན་ལ་གནོད་པ་ཆེན་པོ་བྱེད་ཀྱི་འདུག་        ད་རེང་ཁ་སང་ང་ཚོའི་ན་གཞོན་ཚོས་e-cigarette དེ་བེད་སྤྱོད་གནང་ཡག་དེ་fashion statement དར་སྲོལ་ཞིག་ཏུའང་འགྱུར་ཡོང་གི་འདུག་          e-cigarette ཞེས་པའི་ཉེ་ཐ་དེ་བེད་སྤྱོད་བྱེད་རྒྱུར་གཞུང་གི་བཀག་སྡོམ་བྱེད་པ་དེ་ནི་རྒྱལ་ཁབ་འདིའི་ན་གཞོན་རྣམས་ཀྱི་བདེ་སྲུང་ཆེད་དུ་ཡིན་       ཁྱིམ་ཚང་མང་པོ་ཆུད་ཟོས་སུ་མ་འགྲོ་ཡག་ཆེད་དུ་ཡིན་        ཕྲུ་གུ་ཚོའི་མི་ཚེ་ཆུད་ཟོས་སུ་མ་འགྲོ་ཡག་ཆེད་དུ་ཡིན་       ཡང་ངན་ལང་ཤོར་བའི་ཉེན་ཁ་ལས་སྔོན་འགོག་ཆེད་དུ་ཡིན་

ཚང་མར་འབོད་བསྐུལ་ཞུས་ཡག་ལ་ཚང་མས་ཉེ་ཐ་རིགས་བེད་སྤྱོད་བྱེད་རྒྱུ་སྤངས་དགོས་པ་དང་e-cigarette ཞེས་པའི་ཉེ་ཐ་དེའི་སྐོར་མཛུན་གཏམ་ལ་ཡིད་ཆེས་གནང་རྒྱུ་མེད་ཞེས་ཞུས་རྒྱུ་ཡིན་        ང་ཚོ་ཚང་མས་མཉམ་རུབ་ཀྱི་ཐོག་ནས་རྒྱལ་ཁབ་འདིའི་བདེ་སྲུང་ཆེད་དགོངས་པ་བཞེད་པར་ཕྱག་ལས་གནང་དགོས་

ལེགས་སོ་      ཁྱེད་རྣམས་པས་   Fit India ཞེས་པའི་ལས་འགུལ་དེ་བརྗེད་གནང་ཡོད་རྒྱུ་མ་རེད་      Fit India ཞེས་པ་དེ་སྔ་དགོང་ལུས་སྩལ་གནང་པ་ཙམ་གྱི་སྒྲིག་གི་ཡོད་མ་རེད་         དེ་ནི་གོང་བསལ་ཉེན་ཁ་ཚང་མར་མདོང་ལེན་གནང་རྒྱུ་དེ་ཡང་ཡིན་         གུས་པའི་གཏམ་བཤད་འདིར་ཁྱེད་རྣམས་ཀྱིས་དགའ་ཚོར་ངང་མུ་མཐུན་གནང་གི་རེད་ཞེས་ངས་ཡིད་ཆེས་བྱེད་ཀྱི་ཡོད་

ངའི་བརྩེ་བའི་སྤུན་ཟླ་ཚོ་             རྒྱ་གར་གྱི་ཡུལ་འདི་ནི་ཁྱད་པར་ཅན་གྱི་མི་སྣ་སྒྲགས་ཅན་མང་པོའི་འཁྲུངས་ཡུལ་ཆག་གི་ཡོད་              མི་སྣ་དེ་ཚོས་སོ་སོའི་མི་ཚེ་ཧྲིལ་པོ་སྤྱི་ཚོགས་ཞབས་འདེགས་ཞུས་ནས་བསྐལ་གྱིས་ཡོད་རེད་དེ་འདྲ་མི་སྣ་ཞིག་ནི་ཡི་ཤུའི་ཨ་ནེ་Mariam Thresia ཡིན་                    ཁོང་ལ་ཟླ་བ་རྗེས་མའི་ཚེས་  ༡༣  ཉིན་Vatican གྲོང་འཁྱེར་དུ་ཡིཤུའིབླཆེན་Pope Francis མཆོག་གིས་Saint ཞེས་་ཡི་ཤུའི་ཆོས་ལུགས་ལྟར་བདག་ཉིད་ཆེན་པོའི་ས་ཐོབ་པའི་སྐྱེས་བུ་ཞིག་ཏུ་ངོས་འཛིན་གནང་རྒྱུ་རེད་འདུག་

ཨ་ནེ་Marriam Thresia ནི་གུང་ལོ་  ༥༠  བཞུགས་རྗེས་ཚེས་འདས་སུ་ཕེབས་འདུག་པ་ཁོང་གི་མི་ཚེ་ཧྲིལ་པོའི་ནང་འགྲོ་བ་མིི་རིགས་ཆེད་ཕན་རླབས་ཀྱི་མཛད་འཕྲིན་བསྐྱངས་གནང་འདུག་

ཁོང་གི་སྤྱི་ཚོགས་ཞབས་ཞུ་དང་སློབ་སྦྱོང་གི་ཐོག་ལ་མཛད་འཕྲིན་ཆེན་པོ་བསྐྱང་གནང་འདུག་         ཁོང་གི་སློབ་གྲྭ་མང་པོ་དང་ཉམས་ཐག་གསོ་ཁང་ལ་སོགས་ཕྱག་བཏབ་གནང་འདུག་        ཁོང་གི་Holy Family ཞེས་པའི་ཨ་ནེའི་ཚོགས་པ་ཆེན་པོ་ཞིག་ཀྱང་འཛུགས་བསྐྲུན་གནང་འདུག་         དེ་ཡང་ད་ཆར་ཡང་མུས་འཐུད་འཚོ་བཞིན་འདུག་       གུས་པས་ཁོང་ལ་གུས་བརྩིའི་ངང་བསྟོད་བསྔགས་རྟེན་འབུལ་ཞུས་པ་དང་ཆབ་གཅིག་རྒྱ་གར་རྒྱལ་ཡོངས་མི་མང་ལ་འཚམས་འདྲི་ཞུས་ཀྱི་ཡོད་       ཡང་དམིགས་བསལ་དུ་ཡི་ཤུའི་མང་ཚོགས་ལ་འཚམས་འདྲི་ཞུས་ཀྱི་ཡོད་

ངའི་བརྩེ་བའི་ཡུལ་མི་ཚོ་            ད་རེས་རྒྱལ་ཡོངས་ཙམ་མ་ཡིན་པ་འཛམ་བུ་གླིང་ཡོངས་ལ་སྤོབས་པ་འོས་པའི་གནད་དོན་ཞིག་ལ་ང་ཚོའི་Gandhi ༡༥༠    ཞེས་སྲུང་བརྩི་ཞུས་སྐབས་དང་མཐུན་          རྒྱ་གར་ཡུལ་མི་དུང་ཕྱུར་ ༡༣  འམ་    130 crore   ཀྱིས་འགྱིག་ཆས་རིགས་གཅིག་བེད་སྤྱོད་དོར་རྒྱུའི་དམ་བཅའ་ཁས་ལེན་གནང་པ་དེ་ཆག་གི་ཡོད་            རྒྱ་གར་རྒྱལ་ཁབ་འདིའི་ཡུལ་མི་ཚོས་འཁོར་ཡུག་སྲུང་སྐྱོབས་ཆེད་སྤེལ་བའི་ལས་གཞི་མང་པོ་ཞིག་གི་རྐྱེན་འཛམ་བུ་གླིང་ཡོངས་ཀྱིས་རྒྱ་གར་ལ་གུས་བརྩི་ཞུས་བཞིན་འདུག་

ངོས་ཀྱིས་ཀྱང་ཁྱེད་རྣམས་ཚང་མས་འགྱིག་ཆས་རིགས་བེད་སྤྱོད་དོར་རྒྱུའི་ལས་གཞི་ནང་མཉམ་བཞུགས་གནང་གི་ཡིན་པར་ཡིད་ཆེས་ཞུས་ཡི་ཡོད་

དེ་ཡང་ཟླ་བ་རྗེས་མའི་ཚེས་ ༢ ནས་དབུ་འཛུགས་གནང་ཡག་རེད་      ལས་གཞི་འདིའི་ནང་རྒྱ་གར་གི་ཡུལ་མི་རེ་རེས་མཉམ་བཞུགས་དང་རྒྱབ་བསྐྱོར་གནང་བཞིན་འདུག་དེ་ནང་མི་ཞིག་གི་དམིགས་བསལ་གི་ལས་འགུལ་ཡང་སྤེལ་གནང་འདུག་

ཁོང་གི་ལས་འགུལ་དེར་གུས་པས་དྭོ་སྣང་ཞུས་ཡི་ཡོད་ཁོང་གི་ལྷན་དུ་ཞལ་པར་བརྒྱུད་བཀའ་མོལ་ཡང་ཞུས་པ་ཡིན་ཁོང་གིས་གནང་བྱེད་ཀྱི་ཞིབ་འཇུག་དེ་ཚོའི་སྐོར་གོ་རྟོགས་ཐོབ་ཆེད་བཀའ་བསྡུར་ཞུས་པ་ཡིན་ཁོང་གི་གང་གནང་བཞིན་ཡོད་པར་ཡུལ་མི་གཞན་ཚོས་ཀྱང་དེ་ལྟ་བུའི་ལས་འགུལ་སྤེལ་ཡོང་བའི་རེ་བ་བཅང་གི་ཡོད་

སྐུ་ཞབས་Ripudaman Belvi ལགས་ཀྱིས་Plogging ཞེས་པའི་ལས་འགུལ་ཞིག་སྤེལ་བཞིན་འདུག་    Plogging ཞེས་པའི་ཚིག་འདི་གོ་མྱོང་མེད་པ་ཞིག་འདུག་         དེ་ཡང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་མང་པོ་སྤེལ་བའི་ལས་འགུལ་ཞིག་རེད་འདུག་        འོན་ཀྱང་རྒྱ་གར་ནང་ལས་འགུལ་དེ་སྐུ་ཞབས་Ripudaman Belvi ལགས་ཁྱབ་སྤེལ་གནང་བཞིན་འདུག་

ངའི་བརྩེ་བའི་ཡིལ་མི་ཚོ་         ཟླ་བ་རྗེས་མའི་ཚེས་་༢ཉིན་གྱི་ལས་འགུལ་Gandhi 150 ཞེས་པའི་ཆེད་དུ་རྒྱ་གར་གྱི་རྒྱལ་ཁབ་ཙམ་མ་ཡིན་པ་རྒྱལ་སྤྱིའི་ནང་ཚང་མར་གྲ་སྒྲིག་གནང་བཞིན་འདུག་   ང་ཚོའི་འབད་བརྩོན་ཞུས་ཡག་ལ་རྒྱལ་ཞེན་གྱི་ཚོར་བ་གོང་འཕེལ་དུ་བཏང་རྒྱུ་དེ་ཡིན་     དེའི་སྐོར་སྙིང་གི་སྐད་ཆ་རྗེས་མའི་ནང་ཞིབ་འགྲེལ་གླེང་ཡག་ཡིན་     དེ་དང་ཆབ་གཅིག་ཟླ་བ་རྗེས་མའི་ཚེས་ ༣༡  ཉིན་ནི་  Sardar Vallabhbhai Patel མཆོག་གི་འཁྲུངས་སྐར་གྱི་ཉིན་མོ་ཡིན་པ་དང་   Ek Bharat Shresth Bharat ཞེས་གཅིག་བསྒྲིལ་ཅན་གྱི་རྒྱ་གར་རྩེ་འཕུད་ཀྱི་རྒྱ་གར་ཞེས་པ་ནི་ང་ཚོ་ཚང་མའི་སེམས་ལ་བཅང་པའི་སྨོན་འདུན་ཞིག་རེད་    དེ་བཞིན་ལོ་ལྟར་ཕྱི་ཟླ་༡༠ཚེས་༣༡  ཉིན་Run for Unity ཞེས་གཅིག་བསྒྲིལ་ཆེད་བྲོས་ཞེས་པའི་ལས་འགུལ་སྤེལ་རྒྱུ་ཡིན་    དེ་ཉིན་ང་ཚོའི་ཡུལ་མི་གང་མང་ནས་མཉམ་བཞུགས་གནང་དགོས་     མི་གུང་ལོ་བགྲེས་པ་དང་སློབ་ཁྲུག་ལ་སོགས་ཚང་མས་དེ་ཉིན་རྒྱལ་ཡོངས་ཅིག་བསྒྲིལ་ཆེད་བྲོས་དགོས་     དེ་ཆེད་ད་ལྟ་ནས་ཚང་མས་གྲ་སྒྲིག་ཨང་སར་བཞུགས་གནང་དགོས་དེའི་སྐིར་ཡང་ལེའུ་རྗེས་མའི་ནང་ཞིབ་འབྲེལ་བཀའ་བསྡུར་ཞུས་ཡག་ཡིན་

ངའི་བརྩེ་བའི་ཡུལ་མི་ཚོ་    ཟླ་བ་སྔ་མའི་ཚེས་༡༥ཉིན་ངོས་ཀྱིས་Red Fort དུ་གཏམ་བཤད་གནང་པ་དེ་བརྗེད་མ་གནང་རོགས་གནང་      གཏམ་བཤད་དེའི་ནང་ངོས་ཀྱིས་ཁྱེད་རྣམས་ཀྱིས་འབྱུང་འགྱུར་ལོ་༢༠༢༢བར་འགྲིམ་འགྲུལ་ས་གནས་༡༥ཙམ་དུ་ཕེབས་དགོས་ཞེས་ཞུས་ཡོད་       ཉུང་ཐར་ལ་ས་གནས་༡༥ལ་ཕེབས་ནས་ས་གནས་ཚང་མར་ཉིན་གཉིས་རེར་བཞུགས་དགོས་      ཁྱེད་རྣམས་ཀྱིས་རྒྱ་གར་ཡོངས་ཀྱི་ཉམས་ཚོར་ལེན་གནང་དགོས་       རྒྱ་གར་གྱི་ཡུལ་གྲུ་འདིའི་ནང་མི་རིགས་དང་ལུགས་སྲོལ་འདྲ་མིན་སྣ་ཚོགས་ཡོད་    དགའ་སྟོན་གྱི་དུས་ཆེན་Diwali ལ་སོགས་སླེབས་སྐབས་མི་མང་པོ་ས་གནས་གཞན་པར་འགྲིམ་འགྲུལ་ཕེབས་སྲོལ་ཡོད་པར་ཚང་མས་ས་གནས་༡༥ཙམ་ལ་ཕེབས་དགོས་

ངའི་བརྩེ་བའི་ཡུལ་མི་ཚོ་       ཟླ་བ་འདིའི་ཚེས་༢༧ཉིན་རྒྱལ་སྤྱིའི་འགྲིམ་འགྲུལ་ཉིན་མོ་ཞེས་སྲུང་བརྩི་ཞུས་ཡོད་       ཡང་རྒྱལ་སྤྱིའི་ནང་འགྲིམ་འགྲུལ་ས་གནས་དང་མཐུན་རྐྱེན་སྣ་འཛོམས་ཡོད་པའི་ནང་རྒྱ་གར་གྱི་ས་གནས་ཁག་གཅིག་ཀྱང་ཚུད་ཀྱི་ཡོད་པ་དང་        གོང་འཕེལ་དུ་འགྲོ་བཞིན་ཡོད་     དེ་ཡང་ང་ཚོ་ཡུལ་མི་ཚང་མའི་རྒྱབ་བསྐྱོར་ལ་བརྟེན་ནས་བྱུང་བ་རེད་        ཡང་Swachhata Abhiyan ཞེས་གཙང་སྦྲའི་ལས་འགུལ་གྱི་རྐྱེན་པས་ཀྱང་རེད་

ད་ཆ་ང་རང་ཚོ་རྒྱལ་སྤྱིའི་ནང་འགྲིམ་འགྲུལ་མཐུན་རྐྱེན་སྣ་འཛོམས་ཡོད་པའི་རྒྱལ་ཁབ་གོ་རིམ་ཨང་༣༤པ་ཆག་བསྡད་ཡོད་            དེ་སྔོན་ཨང་༦༥ཡིན་ང་ཚོའི་གོང་འཕེལ་སྒྲུབ་འབྲས་ལག་སོན་བྱུང་འདུག་               ད་དུང་ང་ཚོས་སྐུ་ལས་མང་དུ་བསྐྱོན་པ་ཡིན་ན་    རང་བཙན་ཐོབ་པའི་མི་ལོ་༧༥རྗེས་སུ་རྒྱལ་སྤྱིའི་ནང་འགྲིམ་འགྲུལ་ས་གནས་དང་མཐུན་རྐྱེན་སྣ་འཛོམས་བཟང་ཤོས་ཡོད་པའི་ནང་ཚུད་ཐུབ་ཀྱི་རེད་

ངའི་བརྩེ་བའི་ཡུལ་མི་ཚོ་      བསྐྱར་དུ་ཡོང་འགྱུར་དགའ་སྟོན་གྱི་དུས་ཆེན་ཁག་སྲུང་བརྩི་ཞུས་རྒྱུར་ཁྱེད་རྣམས་ཡོངས་ལ་འཚམས་འདྲི་ཞུ་ཡི་ཡོད་     Diwali དགའ་སྟོན་གྱི་དུས་ཆེན་སྲུང་བརྩི་ཞུས་སྐབས་ཤོག་པག་ལ་སོགས་བེད་སྤྱོད་གནང་དུས་རང་གི་སྐུ་གཟུགས་ལ་མེ་སྐྱོན་དང་ཚེ་སྲོག་ལ་གནོད་སྐྱོན་མ་ཡོང་ཆེ་ཐུགས་ཟབ་གནང་རོགས་        གོང་གསལ་དོན་རྐྱེན་སོགས་མ་ཡོང་ཆེད་སྔོན་འགོག་གང་བྱུང་ཚང་མ་གནང་རོགས་གནང་       དགའ་སྟོན་གྱི་དུས་ཆེན་དེ་ཚོས་ཚང་མར་བདེ་སྐྱིད་དང་སེམས་ཚོར་ཆེན་པོ་གནང་ངེས་རེད་       དེའི་མཉམ་དུ་སྤྱི་ཚོགས་ཚང་མའི་དབར་ཅིག་བསྒྲིལ་མཐུན་འགྱུར་ཡང་ཡོང་ཐབས་ལ་འབད་དགོས་

གཅིག་ཕན་གཅིག་གྲོགས་ངང་འཚོ་བས་ང་ཚོར་སེམས་ཤུགས་གསར་པ་སྤྲོད་ངེས་ཡིན་ལ་       དགའ་སྟོན་གྱི་དུས་ཆེན་དེ་ཚོ་ནི་ང་ཚོའི་སེམས་ཤུགས་དང་བཟང་སྤྱོད་ཀྱི་མཐར་ལྡོམ་གནམ་འགྱུར་ཡང་ཆག་གི་ཡོད་

ལེགས་སོ་     ད་རེང་ང་ཚོ་ཚང་མས་སྤྲོ་སེམས་དང་ལྡན་པ་    མཆར་སྣང་དང་ལྡན་པའང་སྙིང་སྟོབས་དང་ལྡན་པའི་ངང་དུས་ཆེན་དེ་ཚོ་སྲུང་བརྩི་ཞུས་དགོས་ཡང་བསྐྱར་དུ་ཚང་མར་བཀྲིས་བདེ་ལེགས་ཞུས་ཡི་ཡིད་   ཐུགས་རྗེ་ཆེ་