ཨཕ་གྷ་ནིས་ཐན་དུ་སྲིད་འཛིན་འོས་བསྡུ:ཞི་བདེ་ལ་གོ་སྐབས་ཐོབ་བམ།

མ་ཟིན། ཌོཀ་ཊར་སཱམ་ཡུར་ཏི་ཨེས་པ་ཊ་ནེཀ། ལྷོ་ཨེ་ཤི་ཡའི་ཐབས་བྱུས་ཉམས་ཞིབ་པ།

ཐེངས་གཉིས་ཕྱི་བཤོལ་བྱུང་རྗེས་ཟླ་འདིའི་ཚེས་༢༨ ཉིན་ཏ་ལི་བྷན་ཉམས་གུད་ཕྱིན་ཞུང་དྲག་སྤྱོད་བྱུང་ངེས་པའི་སེམས་འཚོར་ངང་སྲུང་སྐྱོབ་གྲ་སྒྲིག་རྒྱས་པོའི་ཐོག་ཨཕ་གྷ་ནིས་ཐན་གྱི་སྲིད་འཛིན་འོས་བསྡུ་ཐེངས་བཞི་པ་ཚུགས་འདུག། སྲིད་འཛིན་འོས་བསྡུར་འོས་མི་༡༥ འགྲན་སྡུར་གནང་འདུག། འོས་འཚམས་ཅན་གྱི་དེབ་སྐྱེལ་གནང་བའི་འོས་ཤོག་འཕེན་མཁན་ས་ཡ་༩.༦ ཆེད་འོས་འཕེན་སྒར་ཚུགས་༤༩༠༠བཟོ་བཀོད་གནང་འདུག། ཡིན་ནའང་དེ་སྔོན་གྱི་འོས་བསྡུར་འོས་འཕེན་པ་བརྒྱ་ཆ་༦༠ ལས་ད་ལན་གྱི་འོས་བསྡུར་བརྒྱ་ཆ་༢༠ ལས་ཕེབས་མེད་པ་ཡིན་འདུག། ཞི་བདེ་ཆགས་འཇིག་གི་ཉེན་ཁ་ལ་ཐུག་ཞིང་འོས་འདེམས་བྱུང་བའི་མི་སྣ་རྣམས་ཀྱིས་སྐབས་དང་དུས་ཇི་ལྟར་ཤར་ཡང་ཏ་ལི་བྷན་ལྷན་དུ་ཁྲིམས་མཐུན་ཞི་མོལ་གནང་བའི་གོ་དབང་འགན་འཛིན་ཡོད་འདུག།

ཨཕ་གྷ་ནིས་ཐན་དུ་འོས་བསྡུའི་ཉིན་འོས་ཤོག་འཕེལ་མཁན་རྣམས་ལ་འཇིག་སྐུལ་བྱེད་སླད་མེ་ཤུགས་འབར་འདེལ་དང་བར་རྗས་གས་པ་བཅས་དྲག་སྤྱཔད་༤༠༠ ཉེ་འཁོར་དུ་བྱུང་འདུག། འོས་བསྡུའི་རྒྱུད་རིམས་སུ་འོས་ཤོག་འཕེན་མཁན་ཁ་ཤས་ཀྱི་མིང་འོས་འཕེན་ཐོ་གཞུང་ལས་མེད་པའི་དོགས་གཞི་ཅན་གྱིས་སྐྱོན་ཆ་སྣེ་སེལ་ར་ཕྲོད་ངེས་པ་ཡིན་འདུག། སྲིད་འཛིན་འོས་བསྡུར་རྩོད་ཟླ་པ་གཙོ་གཉིས་ནི་སྲིད་འཛིན་ལས་ཐོག་པ་སྐུ་ཞབས་ཨཤ་རཝ་གྷ་ནི་མཆོག་དང་ད་ལྟའི་འཛིན་སྐྱོང་འགན་འཛིན་པ་ཌོཀ་ཊར་ཨབ་རྡུ་ལྷ་ཨབ་རྡུ་ལྷ་གཉིས་ཡིན་འདུག། ཕྱི་ལོ་་༢༠༡༤ ལོར་ཚུགས་པའི་འོས་བསྡུ་མཐའ་མ་ནི་རྩོད་རྙོག་ཅན་གྱིས་འོས་ཤོག་འཕེན་པའི་བརྒྱ་ཆ་༡༠༠ རྩིས་ཞིབ་བྱས་ཡོད། ད་ལན་སྲིད་འཛིན་འོས་མི་ཌོཀ་ཊར་ཨབ་རྡུ་ལྷ་ཨབ་རྡུ་ལྷ་མཆོག་འོས་བསྡུ་ནང་དཇ་འཇུག་པར་ནང་འགྲིགས་ཀྱི་ཐབས་ལམ་འཚལ་ཡོད།

ཕྱི་ལོ་༢༠༠༡ ལོ་ནས་ཨཕ་གྷ་མིས་ཐན་གྱིས་འོས་འདེམས་བྱུང་བའི་གྲོས་ཚོགས་ཐོག་སྲིད་འཛིན་གྱིས་སྣེ་ཁྲིད་པའི་གཞུང་འཛིན་གྱི་ལམ་ལུགས་རྩ་འཛུགསགནང་འདུག། ཏ་ལི་བྷན་གྱིས་ནུབ་ཕྱོགས་མང་གཙོའི་ལམ་ལུགས་དེར་རྩོད་ལེན་གནང་ཞིང་་ཀ་བུལ་གཞུང་ནི་ཨ་རིས་ཨ་ལད་པད་ཀོ་ལྟ་བུར་འགྲེལ་བརྗོད་གནང་སྟེ་ཞི་མོལ་གནང་བར་ངོས་ལེན་གནང་མེད་འདུག། ཌོ་ཧར་ཨ་རི་དང་ཏ་ལི་བྷན་གཉིས་བར་ཞི་མོལ་ཐེངས་མང་གནང་ཡོད། ཨ་རི་ལྷན་དུ་ཞི་མོལ་ཙམ་མིན་པར་ལྷན་ཚོགས་གཞན་ཁ་ཤས་སུ་ཏ་ལི་བྷན་སྐུ་ཚབ་ཀྱིས་མཉམ་ཞུགས་གནང་འདུག། མངའ་ཁུལ་ཞི་འགྲིག་བྱེད་པོར་རུས་ཀྱིས་ལོ་སྔིན་མ་ཕྱོགས་དུ་མ་ལྡན་པའི་ལྷན་ཚོགས་གི་སྒྲིག་གནང་སྟེ་སྲིད་འཛིན་གྷ་ནི་མཆོག་གིས་ཆེས་མཐོའི་ཞི་མོལ་རུ་ཁག་གཏོང་འདུག། ལོ་སྔོན་ཕྱི་ཟླ་བཞི་པའི་ནང་རུས་ཀྱིས་ཨཕ་གྷ་མིས་ཐནརྒྱལ་ནང་གི་ལྷན་ཚོགས་གོ་སྒྲིག་གནང་འདུག། ཏ་ལི་བྷན་གྱིས་རྒྱ་ནག་དང་པ་ཀིས་ཐན་ལྷན་དཡ་ཐུག་འཕྲད་གླེང་མོལ་ཡང་གནང་འདུག། ལྷན་ཚོགས་དེར་ཏ་ལི་བྷན་སྐུ་ཚབ་ཁག་གིས་ཨཕ་གྷན་གཞུང་འབྲེལ་སྐུ་ཚབ་ལྷན་དུ་ཐུག་འཕྲད་གླེང་མོལ་གནང་བར་ཐེ་ཚོམ་གནང་མེད། ཕྱི་ཟླ་བདུན་པའི་ནང་ཀ་ཏར་དང་ཇར་མ་ནི་གཉིས་ཀྱིས་གོ་སྒྲིག་གནང་བའི་དྷོ་ཧ་ལྷན་ཚོགས་སུ་ཏ་ལི་བྷན་སྐུ་ཚབ་ཁག་གིས་ཨཕ་གྷ་ནིས་ཐན་གྱི་སྐུ་ཚབ་དོན་གཅོད་མི་སྣ་༥༠ ལྷན་དུ་ཨཕ་གྷ་ནིས་ཐན་རྒྱལ་ནང་གི་ཞི་བདེ་ལྷན་ཚོགས་སུ་མཉམ་ཞུགས་གནང་འདུག། ལྷན་ཚོགས་དེ་ནི་ཨཕ་གྷན་གཞུང་འབྲེལ་མི་སྣ་དང་ཏ་ལི་བྷན་གཉིས་བར་གལ་གནད་ཅན་གྱི་ལྷན་ཚོགས་ཞིག་ཡིན་འདུག། ཏ་ལི་བྷན་གྱིས་དེ་སྔོན་ཞི་མོལ་འགོ་མ་ཚུགས་གོང་ཕྱི་རྒྱལ་དམག་དཔཡང་རྣམས་ཨཕ་གྷ་ནིས་ཐན་ལས་ཕྱིར་ཐོན་གནང་དགོས་པ་བརྗོད་ཡང་རྒྱལ་སྤྱིའི་སྣོན་ཤུགས་དབང་གིས་ཞི་མོལ་གནང་བར་འདོད་འདུག། གྱེན་ལངས་ཚོགས་པས་བུད་མེད་ལ་ཤེས་ཡོན་སྤྲོད་པ་དང་བུད་མེད་ཐོབ་ཐང་མོས་མཐུན་བྱེད་སླ་པོ་ལྟར་རང་རེ་སྲུང་སྐྱོབ་གནང་བཞིན་འདུག།