01.10.2019

རྒྱ་གར་གྱི་ཉིན་རེའི་ཚགས་ཤོག་ཁག་གིས་སྲིད་བློབ་མོ་དྷི་མཆོག གིས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་༧༤ གཏམ་བཤད་དུ་དོ་སྣང་འགྲེལ་བརྗོད་གནད་འདུག། གཏམ་བཤད་ཀྱི་བརྗོད་དོན་གཙོ་ནི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་གནམ་གཤིས་འགྱུར་ལྡོག ཡིན་འདུག། ཚགས་ཤོག་ཁག་གིས་རྒྱ་མཚོའི་ཐད་IPCC སྙན་ཐོས་ GHG ཉུང་སྤྱོད་དམིགས་ཡུལ་ཛ་དྲག་གི་དོ་སྣང་གནང་དགོས་པའི་བསམ་ཚུལ་བརྗོད་འདུག། རྒྱ་ནག་གིས་རྒྱ་མི་མང་སྤྱི་མཐུན་རྒྱལ་ཁབ་དབུ་འཛུགས་དུས་ཆེན་ཐེདམངས་༧༠ སྲུང་བརྩི་ཞཡས་པ་པར་ཤུས་གསར་འགོད་ཀྱོས་གོ་བསྡུར་གནང་འདུག།

དཔལ་འབྱོར་དུས་བབས་ཚགས་ཤོག་གི་གླེད་བརྗོད་པ་ཀིས་ཐན་དང་ཁ་བྲལ་འགྲོ་བ་རྒྱང་རིང་དྲན་ཤེས་སུ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་༧༤ རྒྱ་གར་གྱིས་མང་ཚོགས ཀྱི་འཚོ་བ་ཡར་རྒྱས་གཏོང་བ་དད་རྒྱལ་སྤྱིའི་ཚོགས་པའི་འགན་འཁྲི་ཡོད་པའི་རྒྱལ་ཁབ་ཞིག་གིས་གནམ་གཤིས་འགྱུར་ལྡོག་དང་འཇིག་སྐུལ་དྲག་སྤྱོད་ལ་སོགས་པའི་རྒྱལ་སྤྱིའི་དཀའ་རྙོག་ལྡོག་པར་འབད་བཞིན་ཡོད་པ་འཛམ་གླིང་ཡོངས་ལ་བརྡ་ལན་གནང་འདུག། སྲིད་བློན་མོ་དྷིས་དབུལ་ཕོངས་ཉམ་ཐག་རྩ་མེད་བཟོ་བ་དང་ཡོངས་སྒྲིལ་དང་འཛམ་གླིང་ལ་རེ་བ་གསར་པ་སྤྲོད་པར་ཤུགས་རྐྱེན་བྱེད་མཁན་གྱི་ལས་འགུལ་མང་པོ་ཞིབ་ཕྲའི་འགྲེལ་བརྗོད་གནང་འདུག། དེ་ལྟར་དུ་འཛམ་གླིང་གི་དངུལ་རྩིས་ཁོངས་འཇུག་ལས་འཆར་མཚན་རྟགས་ཇན་དྷན་ཡོཇ་ནཱ་ལས་འགུལ་གྱིས་ལོ་ལྔའི་ནང་་མི་ས་ཡ་༣༧༠ ལ་དངུལ་ཁང་རྩིས་ཁྲ་གསར་པ་འགོ་ཕྱེད་དེ་རྒྱ་གར་གྱི་མི་འབོར་ཞན་པ་རྣམས་ཀྱི་ནུས་སྟོབས་སྤེལ་ཡོད། ཨ་དྷར་ལས་འཆར་གྱིས་རྒྱ་གར་བ་ཐེར་འབུམ་༡.༢ དྲ་སྟེང་སྐྱེ་ལྡན་བཤེར་རྟགས་ར་སྤྲོད་ཀྱི་ལས་གཞིའི་རེའུ་མིག་བཟོས་སྟེ་གཞུང་འབྲེལ་མི་སྣས་ལྐོག་བཟས་ཀྱི་བྱ་སྤྱོད་རྣམས་ཕྱིར་ལྡོག་མེད་པ་བཟོས་ཡོད། མི་མང་འཕྲོད་བསྟེན་ལས་འགུལ་དུ་འཛམ་གླིང་གི་འཕྲོད་བསྟེན་ལས་གཞི་ཆེ་ཤོས་རྒྱ་གར་བཙང་བཟོ་ལས་འཆར་གྱིས་ལོ་ལྔའི་ནང་གསང་སྤྱོད་ས་ཡ་༡༡༠ གསར་བཟོ་གནང་སྟེ་ཕྱིར་རོལ་དུ་བཤང་དོར་རྩ་མེད་བཟོས་ཡོད། འཛམ་གླིང་གི་འཕྲོད་བསྟེན་ལྟ་སྐྱོང་ལས་གཞི་ཆེ་ཤོས་ཨ་ཡིཤ་མཱན་བྷ་རཏ་འོག་མི་ས་ཡ་༥༠༠ ལ་འཕྲོད་བསྟེན་ལྟ་སྐྱོང་གི་བུན་འཇལ་རྟེན་ཀ་ས་ཡ་༥༠༠ མཐུན་སྦྱོར་གནང་ཡོད།

རྒྱ་གར་གྱི་དུས་བབས་ཚགས་ཤོག་གི་གླེང་བརྗོད་རྒྱ་ནག་ལོ་བདུན་བཅུ་སྐབས་སུ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་གཞི་འཛུགས་གནང་ནས་ལོ་བདུན་བཅུ་འཁོར་བའི་དུས་ཆེབ་སྲཡང་བརྩི་ཞུས་ནཞིན་པའི་སྐབས་རྒྱ་ནག་འཛམ་གླིང་ནང་གི་དཔལ་འབྱོར་ཆེ་ཤོས་རྒྱལ་ཁབ་གཉིས་པ་དང་རྒྱལ་སྤྱིའི་སྡིངས་ཆར་གོ་དབང་ཤད་ཤུགས་ཆེན་པོ་ཞིག་སླེབས་ཐུབ་པ་བཟོས་པར་ཐེ་ཚོམ་མེད་པ་འགྲེལ་བརྗོད་གནང་འདུག། འདས་པའི་ལོ་བཅུ་ཕྲག་གསུམ་ནང་སྟོབས་ཆེན་རྒྱལ་ཁབ་ཀྱི་དབང་ཐང་དུ་མྱུར་ཚད་མགྱོགས་པོ་སླེབས་སྟེ་ས་བབས་སྲིད་བྱུས་མགོ་རྟིང་སློག་ཡོད། འདས་པའི་ལོ་༤༠ ནང་རྒྱ་ནག་གི་མང་ཚོགས་ས་ཡ་༧༠༠ ལྷག་དབུལ་ཕོངས་ཉམ་ཐག་ལས་བྲལ་བ་དང། འཛམ་གླིང་གི་བཟོ་ལས་ཆེ་ཤོས་སུ་འགྱུར་བ། དངོས་ཟོག་ཚོང་ལས་ཆེ་ཤོས་སུ་འགྱུར་བ། ཕྱི་རྒྱལ་མ་དངུལ་ཟུར་འཇོག་ཆེ་ཤོས་སུ་འགྱུརབ་སོགས་ཀྱི་དཔེ་ཟླ་བྲལ་པའིདཔལ་འབྱོར་གྱི་བྱེད་ལས་ནི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་སེམས་སྐུལ་ཤུགས་ཆེ་ཡིན་འདུག།