གྷན་དྷི་མཆོག་གི་འཛམ་གླིང་ཞི་བདེ་ཆེད་མཚོན་ཆ་ཚེ་མེད་ཞི་བ།

མ་ཟིན། གྲོ་མི་ནིཀ་ཏོ་མཱས། གྷན་དྷིའི་སློབ་སྦྱོང་ཐད་འགྲེལ་བརྗོད་པ།

ཚེ་མེད་ཞི་བའི་དང་ཞི་བདེའི་མཚན་མངོན་བརྗོད་པ་དང་འཛམ་གླིང་ནང་གི་་མི་སྣ་གྲགས་ཅན་ཆེ་ཤོས་གཅིག་ནི་མོ་ཧན་དྷས་ཀ་རམ་ཅན་གྷན་དྷི་ཡིན་འདུག། ཁོ་བོས་ནི་རྒྱ་གར་དུ་རྒྱལ་ཁབ་ཀྱི་ཕ་ལྟ་བུ་གུས་རྩི་བྱས་ཞིང་རྒྱལ་སྤྱིས་བདག་ཉིད་ཆེན་པོར་ངོས་འཛིན་གནང་གི་ཡོད། མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་གྷན་དྷི་མཆོག་གི་སྐྱེས་སྐར་དུས་དྲན་ཕྱི་ཟླ་བཅུ་པའི་ཚེས་༢ རྒྱལ་སྤྱིའི་ཚེ་མེད་ཞི་བའི་ཉིན་མོར་སྲུང་རྩི་ཞུས་སྟེ་རྒྱལ་སྤྱིར་ཚེ་མེད་ཞི་བ་དང་ཞི་བདེ་ཡི་བརྡ་ལེན་ཁྱབ་གདལ་གཏོང་གི་ཡོད། ཁོ་བོས་རྒྱ་གར་གྱི་རང་དབང་འཐབ་རྩོད་བདེན་པ་དང་ཚེ་མེད་ཞི་བའི་ལྟ་གྲུབ་ཐོག་སྣེ་ཁྲིད་གནང་ཡོད། གྷན་དྷི་མཆོག་གིས་ཚེ་མེད་ཞི་བ་ནི་འགྲོ་བ་མི་རིགས་ཀྱི་བདེ་སྤྱོད་ཆོག་པའི་སྟོབས་ཤུགས་ཆེ་ཤོས་ཡིན་ཞིང་དེར་མི་རིག་རྩལ་ཅན་གྱི་བཟོས་པའི་མཚོན་ཆ་དྲག་ཤུགས་ཆེ་ཤོས་ལ་ལས་ནུས་སྟོབས་ཆེ་བ་ཡོད་པ་བརྗོད་འདུག།

རྒྱལ་སྤྱིར་དབུ་ཁྲིད། རྒྱལ་ཁབ། སྤྱི་ཚོགས་ཁག་མང་པོ་བདག་ཉིད་ཆེན་པོ་གྷན་དྷི་ལས་ཤུགས་རྐྱེན་ཐེབས་ཡོད། གྷན་དྷིའི་མི་མང་བསྡུ་རུབ་བྱེད་པའི་ཐབས་ཚུལ་དེ་འཛམ་གླིང་ཡོངས་སུ་བཙན་གནོན་གཏོང་བའི་སྤྱི་ཚོགས་མང་པོས་གྲུབ་འབྲས་ལྡན་པའི་བེད་སྤྱོད་བྱས་ཡོད། ཨ་རིའི་མར་ཏིན་ལུ་དྷར་ཀིང། ཝེཊ་ནམ་གྱི་གྱེན་ལངས་འགོ་ཁྲིད་ཧོ་ཅི་མི་དང། མཱན་མར་གྱི་ཨང་སམ་སུ་ཀི་བཅས་ནི་བདག་ཉིད་ཆེན་པོའི་གྷན་དྷི་མཆོག་གི་ཚེ་མེད་ཞི་བའི་ཐབས་བྱུས་ཀྱི་མུ་མཐུད་བབས་འོས་ཀྱི་ངག་རྩལ་ཅན་གྱི་བདེན་དཔང་ཡིན་འདུག། སྐུ་ཞབས་ལེཅ་ཝ་ལེ་སཱས་སྣེ་ཁྲིད་པའི་པོ་ལེཌ་རུ་གུང་ཁྲན་རིང་ལུགས་ཀྱི་ཁ་གཏད་དུ་གྱེན་ལངས་ནི་ཚེ་མེད་ཞི་བའི་རང་ལུགས་སུ་ཞི་རྟེན་གྱིས་པོ་ལེཌ་ཡི་གྷན་དྷིའིི་ལམ་ཞེས་མཚན་སྙན་གྲགས་ཡོད་། སྐུ་ཞབས་ཀར་གྲི་ནལ་ཇེ་མི་སིན་གྱི་སྣེ་ཁྲོད་འོག་ཕེ་ལི་པི་ནོ་མང་ཚོགས་ཀྱི་དབང་ཚད་ལས་འགུལ་གྱིས་སྲིད་འཛིན་མར་ཀོས་ཀྱི་ སྲིད་དབང་སྒེར་འཛིན་ལམ་ལུགས་རྩ་མེད་བཟོས་པར་བྱེད་སྒོ་གཙོ་གནང་ཡོད། ཚེ་མེད་ཞི་བའི་འཐབ་རྩོད་ཀྱིས་ཅེ་ཀོ་སོ་ལོ་ཝ་ཀི་ཡར་སོ་ཝེཊ་བཙན་འཛུལ་ལས་བྲལ་ཐུབ་པ་བྱུང་ཡོད།

ཕྱི་ལོ་༡༩༩༠’s འགོ་སྟོད་དུ་ལྷོ་ཨཕ་རི་ཀར་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་སྲིད་བྱུས་ཀྱི་ཁ་གཏད་དུ་སྐུ་ཞབས་མེན་གྲེ་ལ་མཆོག་གིས་གྷམ་དྷིའི་ཚེ་མེད་ཞི་བའི་ལམ་དུ་ཡིད་ཆེས་མཐའ གཅིག་ཐོག་སྣེ་ཁྲིད་པའི་ཚེ་མེད་ཞི་བའི་ངོ་རྒོལ་བ་དང་མང་ཚོགས་འགོག་རྒོལ་གྱིས་ཨ་རིས་བཙན་དབང་ལས་རང་དབང་ཐོབ་སྟེ་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་འོས་འདེམས་སུ་འགྱུར་ཡོད། མེན་གྲེ་ལའི་འགོ་ཁྲིད་གོ་དབང་ནི་གྷམ་དྷིའི་ཚེ་མེད་ཞི་བའི་ལམ་དུ་ཡིད་ཆེས་གཞི་རྟེན་མཐའ་གཅིག་ཐོག་ལྷོ་ཨཕ་རི་ཀ་ནས་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་སྲིད་བྱུས་རྩ་མེས་བཟོས་ཐུབ་པ་བྱུང་ཡོད།

གྷན་དྷི་མཆོག་མཆོག་གིས་མེཀ་སི་ཀེན་ཨ་རིའི་ངལ་རྩོལ་ལས་འགུལ་དུ་སྤྱི་མང་ཐོབ་ཐང་འགོ་ཁྲིད་སི་སཱར་ཅཱ་ཝེཛ་དང་ཁོ་ང་གིས་ལེ་ཊི་ནོ་ཞིང་ས་ལས་མི་རྣམས་ཀྱི་ཐོབ་ཐང་ཆེད་ཁྲིམས་རཅའོད་ཞུ་གཏུགས་ལས་འགུལ་དུ་ཤུགས་སྣོན་ཆེན་པོ་ཡོད། ཉེ་དུས་སུ་ཕྱི་ལོ་༢༠༡༡ ཨ་རབ་སི་པི་རིང་ལས་འགུལ་ཞེས་པའི་ཚེ་མེད་ཞི་བ་ནི་མང་གཙོར་ཞི་བདེའི་ལས་འགུལ་དང་འགྲི་བ་མིའི་ཐོབ་ཐང་དུ་ཁྱད་ཆོས་འགོད་ཡོད།འཛམ་གླིང་དཙུས་ཤར་དང་ཨཕ་རི་ཀར་ཞི་བའི་ངོ་རྒོལ་བ་མང་པོ་ལོ་བཅུ་ཕྲག་མང་པོ་རིང་གི་མི་གཅིག་དབང་སྒྱུར་དང་བཙན་དབང་གི་དབང་སྒྱུར་མཚམས་འཇོག་ངོ་རྒོལ་གྱིས་གལཕ་མངའ་ཁུལ་དང་ནུབ་ཨེ་ཤི་ཡར་ལེགས་བཅོས་དང་འགྱུར་བ་ཆེན་པོ་གཏོང་ཐུབ་པ་བྱུང་ཡོད། ངོ་རྒོལ་བས་རྩོད་རྙིག་མེད་པར་བཟོས་བར་ཞི་བདེ་དང་ཚེ་མེད་ཞི་བའི་ལམ་ནུས་ཤུགས་དང་གྲུབ་འབྲས་ཐོན་པ་ཡོད་པ་གསལ་ཁ་འདོན་འདུག། གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེང་དུས་སུ་འཛམ་གླིང་ཞི་བདེ་དང་འཛམ་གླིང་དམག་འཁྲུག། སེམས་ཀྱི་ནུས་ཤུགས་དང་དངོས་གཙོ་སྨྲ་བའི་རིང་ལུགས་ཀྱི་ནུས་ཤུགས། མང་གཙོ་དང་གཅིག་སྡུད་རིང་ལུགས་བར་དམག་ཆེན་པོ་འགྲོ་བཞིན་ཡོད་པ་བརྗོད་འདུག། དེང་རབས་ཀྱི་དུས་སུ་དམག་འཁྲུག་ཆེན་པོ་དེ་ཚོ་མེད་པ་བཟོས་པར་གྷན་དྷིའི་ལྟ་གྲུབ་དགོས་ངེས་ཅན་ཡིན་པ་འགྲེལ་བརྗོད་གནང་ངོ།