ཨིམ་རཱན་ཁན་དུས་དཀའ་བའི་ངང་འགྲོ་བཞིན་པ།

མ་ཟིན། ཌོཀ་ཊར་ཛེ་ནཱབ་ཨཁ་ཏར། པ་ཀིས་ཐན་གྱི་ཉམས་ཞིབ་པ།

པ་ཀིས་ཐན་གྱི་སྲིད་བློན་ཨིམ་རན་ཁན་མཆོག་གིས་ཨ་རིར་གསར་འགོད་བཅར་འདྲི་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀམ་མིར་གནད་དོན་ཐོག་རྣམ་འགྱུར་ལ་མི་འདོད་ཞིང་བློ་ཕམ་བརྗོད་འདུག། སྐུ་ཞབས་མཆོག་གི་ཡིད་སྐྱོའི་གནས་སྟངས་དེ་གཞི་རྩ་གཉིས་ཡི་ཐོག་བྱུང་ཡོད་འདུག། དང་པོ་ཨ་རི་སྲིད་འཛིན་ཌོ་ནལ་ཊ་རམ་གྱི་མཉམ་ཞུགས་གནང་བའི་སྲིད་བློན་མོ་དྷིའི་ཨ་རིར་གནས་སྡོད་ཀྱི་རྒྱ་གར་བའི་འདུ་འཛོམས་གཏམ་བཤད་མཛད་སྒོ་མཚན་རྟགས་ཧའུ་གྲི་མོ་དྷིར་རྒྱལ་སྤྱིའི་གསར་འགོད་ལྷན་ཚོགས་ཀྱིས་དོ་སྣང་ཤུགས་ཆེ་གནང་བ་དང་གཉིས་པ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་སྲིད་བློན་ཨིམ་རཱན་ཁན་གྱིས་ཀམ་མིར་གནད་དོན་ཐད་གཏམ་བཤད་གནང་སྐབས་ཏུར་ཀི་དང་མ་ལེ་ཤི་ཡ་གཉིས་ཀྱི་ངར་ཤུགས་མེད་པའི་ཡ་ལན་ལས་གཞན་ཁ་མཆེ་རྒྱལ་ཁབ་སུ་འདྲ་ཡང་རྒྱབ་རྟེན་མ་གནང་བ་ཡིན་འདུག། རྒྱ་གར་གྱིས་སྲིད་བློན་ཁན་མཆོག་གི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་༧༤ པའི་གཏམ་བཤད་ཡ་ལན་དུ་སྐུ་ཚབ་དྲུང་ཆེ་བུད་མེད་གཞོན་སྐྱེས་ཞིག་སླང་བའི་ཐག་གཅོད་ཀྱིས་པ་ཀིས་ཐམ་གྱི་བརྗོད་དོན་ཇེ་ཆུང་དུ་གཏོང་འདུག། པ་ཀིས་ཐན་གྱི་ངར་ཤུགས་ཆེན་པོའི་ངང་ཀཤ་མིར་གནད་དོན་གླེང་སློང་གནང་ཡང་གྲུབ་འབྲས་མ་སཔན་པའི་རྐྱེན་གྱིས་པ་ཀིས་ཐན་དུ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དུ་ཨིམ་རན་ཁན་མཆོག་གི་གཏམ་བཤད་ཀྱི་ནུས་ཚད་ལ་དྲི་བ་ཇེ་མང་དུ་འགྲོ་བ་དང་སྤྱིར་པ་ཀིས་ཐན་གྱིས་ཀམ་མིར་གནད་དོན་གཙོ་བྱེད་པའི་རྒྱ་གར་འབྲེལ་ལམ་ཐབས་བྱུས་ལ་དོགས་འཆར་ཇེ་མང་སེབས་ཡོད་འདུག།

པ་ཀིས་ཐན་དུ་ནང་སྲིད་དང་དཔལ་འབྱོར་དཀའ་རྙོག་དེ་བཞིན་རྒྱལ་སྤྱིའི་སྡིངས་ཆར་གནད་དོན་སྐྱོང་བར་གྲུབ་འབྲས་མ་ཐོན་པར་སྲིད་བློན་ཨིམ་རན་ཁན་གྱི་ཁ་གཏད་དུ་སྐྱོན་བརྗོད་ཉིན་རེ་བཞིན་ཇེ་མང་དུ་འགྲོ་ཡི་ཡོད། སྐྱོན་བརྗོད་ཆེ་ཤོས་ནི་ཀམ་མིར་གནད་དོན་སེལ་བར་ཁ་བཤད་ཁོ་ནའི་སྒྲུབ་མི་ཐུབ་ཞིང་སྤྱི་ཡོངས་ཀྱི་ཐབས་ལམ་དགོས་ངེས་དང་ཕུགས་རྒྱང་གི་སྲིད་བྱུས་གསར་པ་དགོས་ངེས་ཡིན་འདུག།པ་ཀིས་ཐན་མང་ཚོགས་སྲིད་དོན་ཚོགས་པའི་འགོ་ཁྲིད་བྷི་ལ་ཝལ་བུ་ཊོ་ཛར་དྷ་རིས་སྲིད་བློན་ཨིམ་རན་ཁན་མཆོག་གིས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་ཀྱི་གཏམ་བཤད་ལ་འདོད་བློ་མི་ཁེངས་པ་བརྗོད་ཞིང་དབྱར་འདེམ་གྱི་གསར་འགོད་ལྷན་ཚོགས་དང་འགྲེལ་བརྗོད་པ་ཁ་ཤས་ཀྱི་སྲིད་བློན་གྱི་གཏམ་བཤད་ཆེ་བསྟོད་གནང་བར་སྐྱོན་འཛུགས་ཀྱིས་པ་ཀིས་ཐན་གྱི་སྲིད་བློན་གྱིས་ཀཤ་མིར་ཡུལ་མིའི་སྡོང་གྲོགས་བྱེད་ཐུབ་མེད་པ་བརྗོད་འདུག། ད་དུང་ཊ་རམ་ཨིམ་རན་གཉིས་ཀྱི་ཐུག་འཕྲད་དང་སྲིད་འཛིན་ཊ་རམ་གྱི་སྣང་མེད་ལ་པ་ཀིས་ཐན་དུ་དོགས་ཟོན་ངང་གཟིགས་བཞིན་འདུག། ཕྱོགས་གཅིག་ནས་ཨ་རི་སྲིད་འཛི་་ལྷན་དུ་ཐུག་འཕྲད་གླེང་མོལ་དེ་པར་རྒྱག་གི་འཁྲབ་སྟོན་ཞིག་དང་ཕྱོགས་གཞན་ནས་སྲིད་བློན་ཨིམ་རན་ཁན་མཆོག་གིས་ཀཤ་མིར་དུ་འགྲོ་བ་མིའི་ཐོབ ཐང་འགལ་བཞིན་པའི་གོ་སྐབས་དུས་ཡུན་དེར་སྲིད་འཛིན་ཊ་རམ་པ་རང་ཉིད་ཐོག་འཐེན་མི་ཐུབ་པར་སྐྱོན་འཛུགས་གནང་བཞིན་འདུག། བརྙན་འཕྲིན་བགྲོ་གླེང་དང་པ་ཀིས་ཐན་གྱི་ཚགས་ཤོག་ཁག་ཏུ་ཀམ་མིར་གནད་དོན་ཐད་མཉམ་སྦྲེལ་རྒྱལ་ཚོགས་ཀྱོ་ཚོགས་ཆེན་དང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོབ་མིའི་ཐོབ་ཐང་གི་ཚན་པར་གྲོས་ཆོད་གཏན་འབེབ་གང་ཡང་འཁུར་མི་ཐུབ་པ་ཨིམ་རན་ཁན་གཞུང་གི་ལས་དོན་གྲུབ་མི་ཐུབ་པ་ཆེ་ཤོས་ཞིག་ཏུ་ངོས་འཛིན་གནང་བཞིན་འདུག།

འགྲོ་བ་མིའི་ཐོབ་ཐང་འགལ་བའི་གནད་དོན་གླེང་སློངགནང་བའི་ཐག་གཅོད་ཀྱིས་ཨིམ་རན་ཁན་མཆོག་གིས་པ་ཀིས་ཐན་ངོས་སུ་རྒྱབ་གཉེར་དང་རྒྱ་གར་ངོས་སུ་རྒྱལ་སྤྱིའི་སྡིངས་ཆར་སྡང་བ་རེ་འདུན་བྱས་ཡང་ཨ་རིས་པ་ཀིས་ཐན་ལ་ཕྱི་ཟླ་བཅུ་པའི་ཟླ་མཇུག་ཏུ་ཨེཕ་ཨེ་ཊི་ཨེཕ་ཚོགས་པས་མིང་ཐོ་ནག་པོ་འགོད་པཔ་ལས་ཐར་བར་འཇིག་སྐུལ་དྲག་སྤྱོད་ཐོག་དོ་དམ་བྱེད་པར་ཉེན་བརྡ་གཏོང་འདུག། རྒྱ་གར་གྱི་སྲིད་བློན་ན་རེན་དར་མོ་དྷི་མཆོག་གིས་མཉམ་སྦྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གཏམ་བཤད་སྐབས་ཀཤ་མིར་གནད་དོན་གཡོལ་སྟེ་འཇིག་སྐུལ་དྲག་སྤྱོད་རིང་ལུགས་སུ་དམིགས་པས་ཨིམ་རན་ཁན་གྱིས་གཏམ་བཤད་འབྲེལ་མེད་དུ་འགྱུར་འདུག། དེར་བརྟེན་ཨིམ་རན་ཁན་ལ་གྲུབ་འབྲས་ཅི་ཡོད་ཞེས་པའི་དྲི་བ་སླེབས་འདུག། ཉམས་ཞིབ་པས་གྲུབ་འབྲས་བཟང་པོ་ལས་འགུལ་ཤུགས་ཆེ་དང་ནུས་ལྡན་ཐབས་བྱུས་ལས་གཏམ་བཤད་ལེགས་པོས་ཐོབ་མི་སྲིད་པ་ཁས་ལེན་བྱེད་བཞིན་ཡོད། པ་ཀིས་ཐན་དུ་ཀམ་མིར་གནད་དོན་ཐད་རྒྱལ་སྤྱིས་རྒྱ་གར་ལ་རྒྱབ་རྟེན་གནང་བཞིན་པའི་སྦས་སྐུང་གི་ངེས་རྟོགས་ཡོད་འདུག། པ་ཀིའ་ཐན་གྱི་མཛའ་གྲོགས་ཉེ་བའི་རྒྱལ་ཁབ་སའུ་དྷི་ཨ་རེ་བྷི་ཡ་དང་ཡུ་ཨེ་ཡི་གཅོས་པའི་ཁ་མཆེ་རྒྱལ་ཁབ་ཀྱི་ཚོགས་པ་ཨོ་ཨའི་སི་ཡིའང་རྒྱ་གར་ལ་རྒྱབ་རྟེན་གནང་བཞིན་ཡོད་འདུག།

ཨིམ་རན་ཁན་གཞུང་ནི་རྒྱལ་ནང་རྒྱལ་སྤྱིའི་མདུན་ངོས་གཉིས་ཀར་གནས་སྟགས་ཛ་དྲག་ངང་གནས་བཞིན་ཡོད་འདུག། གལ་ཏེ་པ་ཀིས་ཐན་གྱིས་འཇིག་སྐུལ་དྲག་སྤྱོད་ཀྱི་ལས་འགུལ་བསྐྱར་དུ་སྤེལ་བ་ན་ཨེཕ་ཨེ་ཊི་ཨེཕ་ཚོགས་པས་ཐོ་གཞུང་ནག་པོར་སླེབས་ངེས་ཡིན་འདུག། ཕྱོགས་གཞན་དུ་ད་ལྟའི་པ་ཀིས་ཐན་གཞུང་གིས་རྒྱལ་ཁབ་ཀྱི་སྤྱི་མང་ལ་འཕྲད་བཞིན་པའི་ཡུལ་ཐང་འཕར་ཆའི་ནང་སྲིད་གནད་དོན་མ་སེལ་བ་ན་སྤྱི་མང་དང་གཅིག་སྒྲིལ་ཁ་གཏད་སྲིད་དོན་ཚོགས་པས་ཁྲོ་གཏུམ་ཉེ་དུས་སུ་གདོང་ཐུག་སྲིད་པ་ཡིན་འདུག།