རྒྱ་གར་གྱིས་བྷང་ལ་དེཤ་ལྷན་དུ་འབྲེལ་ལམ་གོང་འཕེལ་གཏོང་བ།

མ་ཟིན། ཀཱ་ལོལ་བྷ་ཊ་ཅར་ཡཱ། ཧིན་རྡུ་ཚགས་ཤོག་གི་གསར་འགོད་པ།

བྷང་ལ་དེཤ་ཡི་སྲིད་བློན་མཆོག་གི་རྒྱ་གར་གཟིགས་སྐོར་ནི་ངོས་གཉིས་བར་གྱི་སྲིད་དོན་དང་ཕྱི་སྲིད་ལས་དོན་ལ་དོན་གནད་ཆེན་པོ་བྱུང་ཡོད། བྷང་ལ་དེཤ་ཡི་སྲིད་བློན་མཆོག་གི་རྒྱ་གར་གཟིགས་སྐོར་ནི་གཟའ་འཁོར་གོང་མ་རྒྱལ་ས་ལྡི་ལིར་ཚུགས་པའི་འཛམ་གླིང་དཔལ་འབྱོར་འདུན་སར་རྒྱ་གར་དུ་མ་འཛུགས་ཀྱིས་གོ་སྐབས་འཕེལ་བཞིན་པའི་ནུས་པ་འགྲེམས་སྤེལ་ཞུས་ཡང་ངོས་གཉིས་ཀྱི་གཞུང་འབྲེལ་གྲོས་མཐུན་དང་ཟུང་སྦྲེལ་གཏམ་བཤད་ཀྱིས་གཟིགས་སྐོར་སྐབས་དངོས་ཡོད་ཀྱི་ལས་དོན་གོམས་པ་སྤེལ་ཡོད་འདུག།

སྲིད་བློན་མོ་དྷོ་མཆོག་གིས་བྷང་ལ་དེཤ་སྲིད་བློན་གྱི་ཕེབས་བསུ་གཏམ་བཤད་དུ་ཕྱོགས་གཉིས་ཀྱིས་ཟླ་རོགས་ཀྱི་དམིགས་ཡུལ་ནི་རྒྱ་གར་དང་བྷང་ལ་དེཤ་མི་མང་རེ་རེའི་འཕེལ་རྒྱས་ངེས་བརྟེན་བཟོས་རྒྱུ་ཡིན་འདུག། གནད་དོན་དེའི་ཐད་སྲིད་བློན་མཆོག་གིས་འདས་པའི་ལོ་གཅིག་ནང་དྷ་ཀ་དང་ལྡི་ལི་གཉིས་ཀྱིས་ལས་འཆར་དགུ་འགོ་ཚུགས་དང་ཉེ་ཆར་སྲིད་བློན་ཧ་སི་ནཱ་མཆོག་གིས་རྒྱ་གར་གཟིགས་སྐོར་དུ་ལས་འཆར་གསར་པ་གསུམ་འགོ་ཚུགས་གནང་འདུག། ཕྱོགས་གཉིས་ཀས་ LPG ཕོན་ཆེན་མཁོ་སྤྲོད། ལས་རིགས་སློབགཉེར་ཁང་དང་དྷ་ཀའི་རཱ་མ་ཀི་རྴི་ནཱ་མི་ཤཱན་དུ་ཝི་ཝེ་ཀེ་ནདྷ་ཁང་པ་གསར་བཟོས་གྲོས་མཐུན་མཚན་རྟགས་གནང་འདུག། བྷང་ལ་དེའས་ལ་གྲོགས་བྱེད་པའི་ལས་འཆར་གཞན་པ་ཞིག་ནི་རྒྱ་གར་བྷང་ལ་དེཤ་ཆེད་ལས་ལས་རིགས་སློབ་གཉེར་བལྟི་གནས་ཁང་བརྒྱུད་བྷང་ལ་དེཤ་ཡི་མང་ཚོགས་ཀྱི་ལག་རྩལ་གོང་འཕེལ་རམ་འདེགས་གནང་བ་ཡིན་འདུག། ངོས་གཉིས་ཀྱིས་མཚོ་ཁར་དོགས་སྲུང་བྱ་ར་དང་ཅི་ཀྲ་གྷོང་དང་མོང་གྷ་ལ་ཆ་ཤས་རྣམས་རྒྱ་གར་གྱི་གྲུ་གཟིངས་ཀྱོ་བེད་སྤྱོད་དང་ཏི་རི་པུ་རའི་སཱབ་རུཀ་གྲོང་འཁྱེར་ཕེ་ནི་གཙང་པོའི་ཆུ་༡.༨༢ ཀྱུས་སེག་ཕྱིར་འཐེན་གཙང་བཟོ་གནང་སྟེ་འཐུང་ཆུ་མཁོ་སྤྲོད་འཚུད་པའི་གྲོས་མཐུན་བདུན་མཚན་རྟགས་གནང་འདུག། ཏི་རི་པུ་རར་ཕེ་ནི་འཐུང་ཆུ་མཁོ་སྤྲོད་ཀྱི་གྲོས་མཐུན་གྱིས་ས་མཚམས་གྲོང་འཁྱེར་དུ་འཐུང་ཆུ་མུ་མཐུད་མཐུན་རྐྱེན་སྦྱར་བ་དང་ཉེ་དུས་ཀྱི་རྩོད་རྙོག་ཅན་གྱི་གནད་དོན་སེལ་བར་ཕན་ནུས་གྲུབ་ཐུབ་ཀྱི་ཡོད།

མཚོ་མཐའ་དོགས་སྲུང་བྱ་རའི་གནད་དོན་ཐད་གཞུང་གི་གསར་ཤོག་གནས་འབྲེལ་བས་གྲོས་མཐུན་དེའི་བརྒྱུད་མཚོ་མཁར་ངོས་གཉིས་ཀར་ཕན་ཐོགས་གྲུབ་པའི་དོགས་སྲུང་བྱ་རའི་དམག་དཔུང་བཀོད་འཇུག་དང་རྨང་གཞི་འཛུགས་བསྐྲུན་བྱེད་ཐུབ་ཀྱི་ཡོད། མཚོ་ཾཁར་དོགས་སྲུང་བྱ་ར་དང་སྟངས་འཛིན་དུ་ངོས་གཉིས་ཀར་ཕན་ནུས་སྒྲུབ་པའི་དམག་དཔུང་སྡེ་ཚན་ཉི་ཤུ་བཞག་གི་ཡོད། བྷང་ལ་དེཤ་ཡི་སྲིད་བློ་་ཤེཀ་ཧ་སི་ན་མཆོག་གིས་རྒྱལ་སྤྱིའི་དཔལ་འབྱོར་འདུན་སར་འགྲེལ་བརྗོད་བརྙན་ཐུང་དུ་ཁོ་མོས་ཕྱི་ལོ་༢༠༡༧ ལོའི་ཕྱི་ཟླ་བརྒྱད་པ་དགུ་པ་ནས་མ་ཡན་མར་ནས་སླེབས་པའི་རོ་ཧིན་རྒྱ་སྐྱབས་བཅོལ་གྱི་དཀའ་རྙོག་མྱོང་བཞིན་ཡོད་པ་བརྗོད་འདུག། ཁོ་མོས་རོ་ཧིན་རྒྱ་སྐྱབས་བཅོཔ་བ་རྣམས་རང་ཡུལ་དུ་ཕྱོར་སློག་གཏོང་བར་རྒྱ་གར་གྱི་བྱེད་སྒོ་ཇེ་ཆེར་སྤེལ་བར་འབོད་སྐུལ་གནང་འདུག། ཅི་ཀྲ་གྷོང་རིར་རོ་ཧིན་རྒྱ་སྐྱབས་བཅོལ་བ་ས་ཡ་༡.༡ གནས་སྡོད་གནང་བཞིན་ཡོད་འདུག་གོ།