རྒྱ་གར་ཨ་རི་གཉིས་ཀྱི་ནུས་ཤུགས་འབྲེལ་ལམ་གནང་སྟེ་འཕར་འཆོང་ཤུགས་ཆེ་རྒྱག་པར་འབད་པ།

རྒྱ་གར་གྱི་སྲིད་བློན་ན་རེན་དར་མོ་དྷི་མཆོག་གིས་ཉེ་དུས་ཨ་རི་གཟིགས་སྐོར་ཕེབས་སྐབས་ཧུས་ཊན་གྲོང་ཁྱེར་དུ་འབྱོར་ཚེ་ཧུས་ཊན་གྲོང་ཁྱེར་དུ་སླེབས་སྟེ་ནུས་ཤུགས་གོ་བསྡུར་མ་བྱེད་པ་ཡོངས་མི་སྲིད་ཞེས་ཏུའི་ཏར་དུ་བྲིས་ཡོད་འདུག། སྐུ་ཞབས་མོ་དྷི་མཆོག་གིས་འཛམ་གླིང་གི་ནུས་ཤུགས་ལྟེ་གནས་ཧུས་ཊན་ཊེཀ་སེས་འདམ་གཞི་ཡིས་རྒྱ་གར་ཨ་རི་གཉིས་ཀྱི་འབྲེལ་ལམ་ལ་ནུས་ཤུགས་འབྲེལ་མཐུད་གཙོ་ཡིན་པ་བརྡ་ལན་སེལ་པོ་གནང་ཡོད་འདུག། སྲིད་བློན་མོ་དྷི་མཆོག་གི་ཏུའཊ་དེ་ནི་རྒྱལ་སྤྱིའི་ནུས་ཤུགས་བཟོ་ལས་ཁང་གི་འགན་འཛིན་གཙོ་ལྷན་དུ་ཐུག་འཕྲད་གླེང་མོལ་བྱུང་རྗེས་ནུས་ཤུགས་སེཀ་ཊར་དུ་མ་འཛུགས་གནང་བར་འབད་བཙོན་རྗེས་བྲིས་འདུག། ཧའུ་ཌི་མོ་དྷིའི་ཟབ་ཞིང་རྒྱས་པའི་མཛད་སྒོའི་སྐབས་སྐུ་ཞབས་མོ་དྷི་དང་ཨ་རི་སྲིད་འཛིན་ཌོ་ནལ་ཊ་རམ་པ་གཉིས་ཀྱིས་ནུས་ཤུགས་འབྲེལ་ལམ་ནི་ཨ་རི་རྒྱ་གར་གཉིས་ཀྱི་རྒྱལ་འབྲེལ་ཐབས་བྱུས་ཀྱི་མེད་དུ་མི་རུང་བའི་ཆ་ཤས་ཡིན་པ་འགྲེལ་བརྗོད་གནང་འདུག།

དབུ་ཁྲིད་རྣམ་གཉིས་ཀྱིས་ཕྱི་ལོ་༢༠༡༧ ཟླ་བ་བདུན་པའི་སྐབས་ཀྱི་ཐུག་འཕྲད་གྲོས་མོལ་སྐབས་ཨ་རི་རྒྱ་གར་ནུས་ཤུགས་ཐབས་བྱུས་འབྲེལ་ལམ་བསྐྱར་དུ་གཏན་འབེབ་གནང་འདུག། སྲིད་འཛིན་ཊ་རམ་པས་ཨ་རིར་དམིགས་པ་དང་པོ་ཟུང་བའི་ནུས་ཤུགས་ལས་གཞིའི་བརྒྱུད་བེད་སྤྱོད་མ་བྱེད་པའི་སྦུན་པ། བྲག་སྣུམ་དང་སོལ་རླུང་རྣམས་ལ་གཞུང་འབྲེལ་དང་མ་འཛུགས་འགོག་རྐྱེན་རྣམས་མེད་པ་བཟོས་སྟེ་བརྟག་ཞིབ་དང་འདོན་སྤེལ་ཐབས་ཤེས་བྱེད་རྒྱུ་ཡིན་འདུག། རྒྱ་གར་གྱི་འཕེལ་རྒྱས་མྱུར་ཚད་མགྱོགས་པོས་ནུས་ཤུགས་ལོངས་སྤྱོད་ཆེན་པོ་ཀ་མེད་བཟོས་རྐྱེན་གྱིས་རྒྱ་གར་གྱི་སྲིད་བྱུས་གསར་པས་ནུས་ཤུགས་ཀྱི་ཡོངས་ཁུངས་གསར་པ་འཚོལ་ཐབས་དང་རྒྱལ་ཁབ་ཁ་ཤས་ནས་ནུས་ཤུགས་མཁོ་སྒྲུབ་གཞན་བརྟེན་ཇེ་ཉུང་དུ་གཏོང་བར་འབད་རྒྱུ་ཡིན་འདུག། རྒྱ་གར་གྱི་སྲིད་བྱུས་རྣམས་པེ་རིས་གནམ་གཤི་འགྱུར་ལྡོག་གི་ CoP 21 ཁས་ལེན་སྒྲུབ་པར་སོལ་རླུང་བརྟེན་པའི་དཔལ་འབྱོར་དང་མཐུན་པར་འགྱུར་བཞིན་ཡོད།

རྒྱ་གར་དང་ཨ་རི་གཉིས་ནི་ནུས་ཤུགས་བཟོ་ཚོང་མཐུན་གྲོས་སྡེ་ཚན་གྱིས་སྐྱོན་འཛུགས་བྱས་སའི་གཞིར་འགྱུར་ཡོད། རྒྱ་གར་གྱིས་གལཕ་རྒྱལ་ཁབ་མ་ཡིན་པར་འཛམ་གླིང་དབུས་ཤར་ལས་དྭངས་སྙིག་མ་དབྱེ་བའི་རྡོ་སྣུམ་གྱི་ནང་འདྲེམ་ལ་གཞན་བརྟེན་ཇེ་ཉུང་དུ་་གཏོང་བར་ཤུགས་ཆེ་འབད་བཞིན་ཡོད་འདུག། ཨ་རི་ནི་རྡོ་སྣུམ་དང་སོལ་སྣུམ་མཁོ་སྤྲོད་ཀྱི་ཡོངས་ཁུངས་ཞིག་ཏུ་མྱུར་ཚད་མཐོ་པོའི་མངོན་དུ་འགྱུར་བཞིན་ཡོད། ཕྱི་ལོ་༢༠༡༧ ལོ་ནས་འགོ་ཚུགས་པའི་ཨ་རི་ནས་དྭངས་སྙིག་མ་དབྱེ་བའི་རྡོ་སྣུམ་ནང་འདྲེན་གྱི་ལོ་གཉིས་ཀྱི་དུས་ཡུན་ནང་འཕར་འཆོང་ཤུགས་ཆེ་རྒྱག་ཡོད། རྒྱ་གར་གྱི་ལོ་སྔོན་མ་ཨ་རི་ནས་སོལ་སྣུམ་གྱི་མཚོ་ཐོག་དངོས་ཟོག་སྐྱེལ་འདྲེན་ཐོག་མ་འབྱོར་ཞིང་ཨ་རི་ནས་ནང་འདྲེན་ཇེ་ཆེར་གྱིས་ཨ་རི་ཡིས་རྒྱ་གར་ལ་སེམས་འཚབ་བརྗོད་བཞིན་པའི་ཚོང་ཐོག་ཉུང་སྐྱོན་ཁ་ཞེང་ཆུང་དུ་མཐོང་བར་ཕན་ནུས་སྒྲུབ་ཐུབ།

ནུས་ཤུགས་འགྲོ་རྒྱུག། ནུས་ཤུགས་ཉེན་སྲུང་དང་ནུས་ཤུགས་ནུས་ཚད་གོང་འཕེལ་གཏོང་བར་དམིགས་སྟེ་ངོས་གཉིས་ཀྱིས་ལོ་སྔོན་མ་ནུས་ཤུགས་རྒྱལ་འབྲེལ་ཐབས་བྱུས་ཀྱི་ལྷན་ཚོགས་ཐོག་མ་ཚུགས་འདུག། ལྷན་ཚོགས་དེར་རྒྱ་གར་གྱི་རྡོ་སྣུམ་དང་སོལ་སྣུམ་ཀྱི་བློན་ཆེམ་དྷར་མེན་དར་པར་དྷན་དང་ཨ་རི་ནུས་ཤུགས་བློན་ཆེན་རིཀ་པེ་རི་རྣམ་གཉིས་ཀྱིས་ཟུང་སྦྲེལ་གཙོ་སྐྱོང་གནང་སྟེ་དང་པོ་རྡི་སྣུམ་དང་སོལ་སྣུམ། གཉིས་པ གློག་དང་ནུས་ཤུགས་ནུས་ཚད། གསུམ་པ་བསྐྱར་གསོ་ཐུབ་པའི་ནུས་ཤུགས་དང་རྒྱན་འཛིན་ཐུབ་པའི་འཕེལ་རྒྱས། བཞི་པ་རྡོ་སོལབཅས་ཀ་བ་བཞིའི་ཐོག་མཐུན་འགྱུར་མཉམ་ལས་གནང་རྒྱུའི་མུ་མཐུད་གནང་འདུག།