མཱན་ཀི་སྦཱཐ། 28.10.2019

ངའི་སྙིང་ནས་བརྩེ་བའི་སྤུན་ཟླ་ཚོ། རྡི་བ་ལི་ཡི་དུས་ཆེན་རྩ་ཆེནའདི་ལ་འཚམས་འདྲི་ཞུ།་ང་ཚོའི་རྒྱུས་ཡོད་པའི་གཞུང་ཡིག་ཤུབ་ལམ་ཀ་རོཏི།  ཀལ་ཡ་ནམ།, aarogyam dhamsampadaaྱ་shatrubudhdhi vinashaay, deepajyoti namostute

ཅིའདྲའི་བཟང་བ་ལ་དམིགས་ཡུལ་ཡོད་པའི་ཆ་འཕྲིན་ཞིག་ཀྱང་shlok གིབཤད་རྒྱུར།་འོད་ཀྱིས་ང་ཚོའི་འཚོ་བར་སྤྲོ་སྣང་སྦྱིན་པ། བདེ་ཐང་དང་དར་རྒྱས་ཡོང་བ། དགག་ཆའི་ནསམ་པ་གསོལ་ནས་ལེགས་དགུའི་བསམ་པ་བསྐྱེད་པ་གནང་གི་ཡོད།  ངས་གུས་བཀུར་ཆེན་པོས་བླ་ན་་མེད་པའི་མུན་སེལ་ལ་གུས་འདུད་ཞུ། diwali དུས་ཆེནའདི་བརྗེད་པར་དཀའ་བའི་ཆེད་དུ་འོད་ཟེར་ཁྱབ་སྤེལ་བྱེད་པ། དགག་ཆའི་བསམ་བློ་ལ་སྐུལ། སྡང་སེམས་ཞི་བར་བྱེད་པ་སོགས་ལས་ཡག་པའི་ཐབས་ལམ་གང་ཡོད་དམ།  ད་ཆ་diwali དུས་ཆེན་དེ་རྒྱལ་ཁབ་མང་པོ་ཞིག་གིས་རྟེན་འབྲེལ་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད། ལྷག་པར་དུ་དེ་རྒྱ་གར་མི་མང་ཙམ་མ་ཡིན་པརགཞུང་དང་སྤྱི་ཚོགས་ཀྱི་ཚོགས་པས་བློ་གཅིག་སེམས་གཅིག་གིས་དུས་ཆེན་དེ་བརྟེན་འབྲེལ་ཞུ་ཡི་ཡོད།  ཁོ་ཚོས་རང་རང་གི་ས་ནས་རྒྱ་གར་གྱི་བསྡུས་དྲིས་གསོ་སྐྱོང་བྱེད་བིན་ཡོད་པ་རེད།  

གྲོགས་པོ་ཚོ།  དུས་སྟོན་ཡུལ་སྐོར་ལ་རང་ཉིད་ཀྱི་ཡོད་དབང་འཕྲོག་པའི་ནུས་པ་ཡོད།  ང་ཚོའི་རྒྱ་གར་གྱི་དུས་སྟོན་ནི་ལུང་པ་དེར་སུས་སྟོན་དང་བརྟིན་འབྲེལ་ཞུ་བའི་ཡུལ་སྐོར་ཁྱབ་ཁོངས་ལ་ཚད་མེད་རེད། ལུང་པ་གཞནནས་ཡོང་བའི་མིས་དགའ་བསུ་དང་holi, diwali, onam, pongal ཡང་bihu རྟེན་འབྲེལ་ཞུ་སྐབས་འཚུད་པ་བྱེད་ནས་ཁོང་ཚོའི་སྙིང་སྟོབས་ངོ་མ་དར་ཁྱབ་གཏོང་དགོས།  གནས་འདིར་མངའ་སྡེ་རེ་རེ་དང་ས་ཁུལ་རེ་རེར་དུས་ཚེན་མི་འདྲ་བ་འདྲ་མིན་ཡོད་པས། རྒྱལ་ཁབ་གཞན་དག་གི་མི་རྣམས་ལ་སྤྲོ་བ་ཧ་ཅང་ཆེན་པོ་ཡོད། དེར་བརྟེན་རྒྱ་གར་གྱི་ཕྱིར་སྡོད་མི་མང་རྣམས་ཀྱིས་རྒྱ་གར་གྱི་དུས་སྟོན་ཡུལ་སྐོར་ལ་སྐུལ་འདེད་གཏོང་པའིཐད་ནུས་པ་འདྲེན་སྤེལ་བྱེད་བཞིན་ཡོད།

ངའི་སྙིང་ཉེ་བའི་སྤུན་ཟླ་ཚོ།  ལོ་སྔོན་མའི་་maan ki baat ཡི་ཁྲོད་དུ་ང་ཚོས་diwali་དུས་ཆེནདེར་རྒྱུན་ལྡན་མ་ཡིན་པའི་བྱ་བ་མི་འདྲ་བཞིག་བྱེད་རྒྱུ་ཐག་གཅོད་བྱེད་ཡོད།  ངས་ཁྱེད་ཚོ་ཚང་མར་རྒྱ་གར་གྱི་nari shakti བུད་མེད་ཀྱི་སྟོབས་ཤུགས་དང་མཐར་སོན་རྟེན་འབྲེལ་བྱེད་ཞིངརྒྱ་གར་གྱི་དཔའ་ལྡན་ལྷ་མོ་ལ་རྟེན་འབྲེལ་ཞུ་བའི་སྐུལ་མ་འདེབས་ཡོད།  དུས་ཡུན་རོང་པོ་མ་མགོར་བར་སྤྱི་ཚོགས་དྲྭ་རྒྱའི་ནང་མི་སེམས་འགུལ་བའི་གཏམ་རྒྱུད་གྲངས་མང་བྱུང་འདུག ན་མོ་མཉན་ཆས་ཐོག་ནརན་གྭལ་ནས་ཡིནཔའི་ཀོརྡི་པཀ་ཡིས་བྲིས་པར་ངའི་ཨ་མ་ནི་ངའི་སྟོབས་ཤུགས་ཡིན།  ༡༩༩༠་ལོར་ཨ་ཕ་འདས་སྐབས་བུ་ལྔ་གསོ་སྐྱོང་བྱེད་པའི་འགན་འཁྲི་ཁོ་མོའི་ཐོག་ཏུ་བབས་ཡོད། ད་ལྟ་གཅེན་གཅུང་ལྔ་པོས་རང་སོ་སོའི་ལས་རིགས་འདྲ་མིན་ནང་ལས་ཀ་ཧ་ཅང་ཡག་པོ་བྱེད་བཞིན་ཡོད། ངའི་ཨ་མ་ནི་ངའི་སྐྱབས་མགོན་ཡིན།  གལ་ཏེ་དོན་སྙིང་གང་རུང་གི་ཐོག་ནས་བཤད་ན་ཁོ་མོ་ནི་རྒྱ་གར་གྱི་དཔའ་ལྡན་ལྷ་མོ་ཡིན། ramish མཆོག་རང་གི་ཨ་མར་ངས་གུས་བཀུར་ཞུ་ཡི་ཡིན། དྲིཊར་གྱི་སྟེང་དུ་འཁྲུག་ཆ་དོད་པའི་གེཏིཀ་སཝ་མེའི་མོས་དངོས་གནས་བཤད་ན་སྤྱི་སྤྱོད་རླངས་འཁོར་མཁའ་ལེན་པ་ཡི་བུ་མོ་དང་ཨསམ་རིཕལ་གྱོ་བུ་མོ་གཉིས་ཀྱིས་དམིགས་བསལ་དངགས་གཏོང་རུ་ཁག་གི་འགོ་འཁྲིད་པ་ major khushbu kanwar རྒྱ་གར་གྱི་དཔའ་ལྡན་ལྷ་མོ་ཡིན་ཚེས་གསུངས་འདུག  kavita tiwari ལ་མཚོན་ན་ཁོང་མོའི་བུ་མོ་དཔལ་ལྡན་ལྷ་མོ་ཡིན་པ་དང་ཁོོང་མོའི་སྟོབས་ཤུགས་ཡིན་པ་རེད་འདུག མོས་མོ་རང་གི་བུ་མོའི་ཕུལ་དུ་བྱུང་བའི་རི་མོ་འདྲི་ནུས་ལ་སྤོབས་སེམས་སྐྱེས་པ་དང་མོས་བུ་མོའི་clat ཡི་ཡིག་རྒྱུགས་ཁྲོད་ནས་ཀྱང་རྒྱུགས་འབྲས་བཟང་པོ་བླངས་འདུག འོན་ཀྱང་megha jain་ཡིས་བཤད་པ་ལྟར་ན་་gwalor མེ་འཁོར་བབས་ཚུགས་སུ་ལོ་༩༢་ཡིན་པའི་འགྲུལ་པར་རིན་མེད་དུ་འཐུང་ཆུ་མཁོ་འདེན་བྱེད་བཞིན་འདུག་ཅེ་བཤད་འདུག  ཁེངས་སྐྱུང་དང་གདུང་སེམས་མཉམ་སྐྱེ་ལྡན་པའི་རྒྱ་གར་གྱི་དཔའ་ལྡན་ལྷ་མོ་དེ་ཡིས་megha ་ལ་ལྐུལ་སྡོད་བྱུང་འདུག གཏམ་རྒྱུད་འདི་འདྲ་མང་པོ་ཞིག་མི་རྣམས་ཀྱིས་མཉམ་སྤྱོད་བྱས་འདུག ངེས་པར་དུ་དེ་ཚོར་དཔེ་ཀློག་བྱས་ནས་བླ་སྒོམ་བྱེད་དགོས་པ་མ་ཟད་དེ་དང་འདྲ་བའི་དཔེ་མཉམ་སྤྱོད་བྱེད་དགོས། ངས་རྒྱ་གར་གྱི་དཔའ་ལྡན་ལྷ་མོ་ཡོད་ཚད་ལ་གུས་འདུད་ཞུ།  

ངའི་སྙིང་ཉེ་བའི་སྤུན་ཟླ་ཚོ།  དུས་རབས་༡༧ཡི་གྲགས་ཅན་སྙན་ངག་པ་sanchinhonnamma ཡི་ kannada ཡི་ཐོག་སྙན་ངག་ཅིག་བྲིས་པའི་ནང་དུ་ང་ཚོས་བཤད་པའི་རྒྱ་གར་གྱི་དཔའ་ལྡན་ལྷ་མོ་རེ་རེའི་བསམ་བློ་གཅིག་འདྲ་དང་ཐ་སཉད་གཅིག་འདྲ་མཚོན་ཡོད།  མི་རྣམས་ཀྱི་བསམ་པར་བསམ་ཚུལ་འདིའི་རྨང་གཞི་ནི་དུས་རབས་༡༧་པར་བཏིང་བའི་སྙན་ངག་དོ་སྣང་བྱེད་ན་མཁས་པའི་ཡི་གེའི་མཛེས་སྡུག བློའི་འཁྱེར་གསོ་དང་བསམ་པ་བཅས་མཐོང་ཐུབ། དེའི་དོན་ནི་hemant, lord mount  ཁོང་གི་བུ་མོ་parvati ཡི་རྐྱེན་གྱིས་སྐད་གྲགས་ཆགས་པ་དང་rishi bedghun ནི་བུ་མོ་དཔའ་ལྡན་ལྷ་མོ་ཡི་སྐད་གྲགས་ཆགས་ཡོད་པ་དང་། རྒྱལ་པོ་སིརྡ་ཡིས་སྐད་གྲགས་ཆགས་ཡོད། ང་ཚོའི་བུ་མོ་ནི་ང་ཚོའི་སྤོབས་པ་ཡིན།  

ཁོང་ཚོས་ཧ་ལས་པའི་ལག་རྩལ་རྩེར་སོན་གྱིས་ང་ཚོའི་སྤྱི་ཚོགས་ཀྱི་གྲུབ་ཚུལ་དང་དེའི་འོད་ཟེར་ལྡན་པའི་འབྱུང་འགྱུར་འགན་ལེན་ཏན་ཏིག་བྱས་སོང་།  

ངའི་སྙིང་ཉེ་བའི་སྤུན་ཟླ་ཚོ།  ༢༠༢༩་ལོའི་ཟླ་བ་༡༡་ཚེས་༡༢་ཉིན་ནི་འཛམ་གླིང་ས་གནས་ཁག་གིས་སློབ་དཔོན་ཆེན་མོ་གུ་རུ་ན་ནག་མཆོག་ལོ་༥༥༠་འཁོར་བའི་སྐྱེས་སྐར་རྟེན་འབྲེལ་ཞུ་བའི་ཉིན་མོ་ཞིག་རེད།  གུ་རུ་ན་ནག་མཆོག་གིས་ཤུགས་རྐྱེན་ཐེབས་ཤུགས་རྒྱ་གར་ཙམ་མ་ཟད་འཛམ་གླིང་ཡོངས་སུ་མྱོང་འཚོར་ཐུབ་ཀྱི་ཡོད། ང་ཚོའི་སིཀ་ཀྱི་ཆོས་ལུགས་ཀྱི་གཅེན་གཅུང་མང་པོ་ཞིག་རྒྱལ་ཁབ་གཞན་དག་ལ་གནས་ཡོད་པ་དང་། གུརུ་ན་ནཀ་ཀྱི་ཕུགས་བསམ་གྱི་རྐེས་སུ་འགྲངས་བཞིན་ཡོད། ངའི་བན་ཁོའི་བར་དང་ཏྷེ་རམ་དུ་ཡོད་པའི་གུ་རུ་དུ་བ་ར་སུ་ལ་ལྟ་སྐོར་སྐྱོད་པ་དེ་ངས་ནམ་ཡང་བརྗེད་མི་སྲིད།   ངའི་གུ་རུ་ན་ནཀ་སྐོར་ལ་ལྷན་རྒྱས་ལ་བཛད་རྒྱུ་མང་པོ་ཡོད་ཡིན་ནའང་དུས་ཆེན་མན་ཀི་སྦཐ་ལེའི་མང་པོ་དགོས་ཡོད། ཁོང་གི་ཞབས་ཞུའི་སྙིང་སྟོབས་ལ་ཚད་མཐོའི་མཐོང་ཆེད་བྱས་བཞིན་ཡོད། གུ་རུ་ན་ནཀ་ལ་བདེ་སྐྱིད་ཀྱི་སྒེར་སེམས་མེད་པར་བྱ་བ་གང་ཞིག་ཡིན་རུང་ཚོད་དཔག་བྱེད་ཐབས་བྲལ་བར་ཡིད་ཆེས་བརྟན་པོ་བྱེད་ཀྱིན་ཡོད། ཁོང་གི་བློ་ཐག་རྦད་གཅོད་ཀྱིས་རེག་མི་རུང་བའི་སྡེ་ཁག་ལྟ་བུའི་སྤྱི་ཚོགས་ཀྱི་སྐྱོན་ཆ་ལ་ངོ་རྒོལ་བྱས་ཡོད།  གུ་རུ་ན་ནཀ་ཀྱི་བསླབ་བྱ་འཛམ་གླིང་གི་ས་ཕྱོག་གང་སར་ཁྱབ་ཡོད། ཁོང་ནི་དུས་རབས་འདི་ཡི་ཡུལ་སྐོར་ཆེས་མང་བའི་མི་ཡིན། ཁོང་ས་ཆ་གང་དུ་ཕྱིན་ཀྱང་ཁོང་གིས་གཞུང་དྲང་དང་ཁེངས་སྐྱུང་དང་བབ་ཆགས་ལ་བརྟེན་ནས་མི་སེམས་ཐོབ་པ་བྱེད་ཀྱི་ཡོད། གུ་རུ་ན་ནཀ་ཀྱིས་བསམ་པའི་འགྲུལ་བཞུད་གལ་ཆེན་མང་པོ་བརྒྱུད་ནས་ཨོའི་རྡ་སི་ཞེས་བརྗོད་ཀྱི་ཡོད། ཁོང་གི་འཆམ་མཐུན་དང་འདྲ་མཉམ་གྱི་ཆ་འཕྲིན་དེ་བྱང་ཕྱོགས་དང་ལྷོ་ཕྱོགས། ཤར་ཕྱོགས་དང་ནུབ་ཕྱོགས་ཡོངས་ཀྱི་མོ་རྣམས་དང་མཇལ་འཕྲད་གནང་བ་ཁྱབ་སྤེལ་གནང་ཡོད།  གོ་ཐོས་སུ་མི་རྣམས་ཀྱིས་གུས་བཀུར་ཐོབ་པའི་ཨ་སམ་གྱི་ཆོས་པ་ཤན་ཀར་རྡེ་བུ་ཁོའི་བློ་སྒོ་ཕྱེ་བྱུང་ཟེར། ཁོང་ད་དུང་ཧརི་རྡིབར་གནས་མཆོག་ལ་སོང་བ་རེད། ཀ་ཤི་གནས་མཆོག་ཅིག་ཡོད་པ་དེའི་མིང་ལ་གུ་རུ་བཱག་གུ་རུ་རྡིབར་ཞེས་ཟེར་བ་དེ་ལ་གུ་རུ་ན་ནཀ་གོམས་ཁ་བསྡད་པ་རེད་འདུག ཁོང་ད་དུང་ནང་པའི་གནས་མཆོག་རཱཇ་གིར་དང་རྡོ་རྗེ་གདན་སོགས་ལ་ཕེབས་འདུག། ཁོང་གི་ལྷ་ཕྱོགས་ཀྱི་འགྲུལ་བཞུད་སྐབས་ཀྱང་སི་རི་ལན་ཀ་རུ་ཕེབས་འདུག ཁོང་གིས་ཀ་ན་ཊ་ཀ་མངའ་སྡེ་ཡི་ས་ཁུལ་སྦི་རྡར་ལ་འཚམས་འདྲི་ཞུ་སྐབས་བྱེད་སྐབས་ཁོང་གིས་ས་ཆ་འདིར་འཕྲད་པའི་ཆ་སྐྱོན་སིལ་བའི་ཇུས་གཞི་ཞིག་ཇུས་འགོད་གནང་བ་རེད།  གུ་རུ་ན་ནཀ་ནི་སྦི་རྡར་གྱི་སྐད་གྲགས་ཆེ་བའི་ས་ཆ་ཞིག་ཡིན་པ་དང་དེ་ཁོང་ལ་ཕུལ་ནས་ཁོང་ལ་དྲན་གསོ་ཞུ་ཡི་ཡོད། ཨུསྡེ་སེའའི་ཞིག་ནང་གུ་རུ་ན་ནཀ་བྱང་ཕྱོགས་དུ་ཀ་ཤི་མི་རེ་དང་ཉེ་འགྲམ་གྱིས་ས་ཁུལ་དུ་བསྐྱོད་ཡོད་པ་རེད་འདུག འདིས་སིཀ་ཆོས་ལུགས་ལ་དད་མཁན་དང་ཀ་ཤི་མི་གཉིས་འབྲེལ་བ་བརྟན་པོ་ཞིག་བཙུགས་འདུག། གུ་རུ་ན་ནཀ་བོད་དུ་ཕེབས་ནས་མི་རྣམས་ཀྱིས་ཁོང་ལ་སློབ་དཔོན་ཆེན་མོ་བའི་གོ་གནས་གནང་བ་རེད་འདུག ཁོང་གིས་ཕེབས་མྱོང་བའི་ཨུས་པེ་ཀི་ས་ཐན་དུའང་ཀོང་ལ་གུས་བཀུར་ཐོབ་ཡོད།  

ཨུ་རྡ་སའི་གཅིག་གི་ནང་དུ་ཁོང་གིས་སོ་རྡི་ཨ་རབ། ཨི་རཀ་དང་ཨ་ཕི་གྷ་ནི་སཐན་ཚུད་པའི་ཁ་ཆེ་རྒྱལ་ཁབ་མང་པོ་ཞིག་ལ་འགྲུལ་བཞུད་བྱེད་པ་རེད།  ཁོང་གི་བློ་གཅིག་སེམས་གཅིག་ངང་ཁོང་གི་ཆ་འཕྲིན་གྱི་རྗེས་སུ་འབྲངས་པའི་མི་ས་ཡ་ལས་མི་ཉུང་བའི་གུས་བཀུར་བྱེད་པའི་གནས་བབ་ཐོབ་པ་དང་། ཐ་ན་དེང་གི་དུས་རབས་སུ་བྱེད་སྟངས་དེ་མུ་མཐུད་ནས་སྤྱོད་བཞིན་ཡོད་པ་རེད།  ཉིན་འགའི་སྔོན་ལ་རྒྱལ་ཁབ་༨༥་ཙམ་གྱི་ཕོ་ཉ་རྣམས་ལྡི་ལི་ནས་ཨམ་རི་སར་ལ་བསྐྱོད་འདུག དེ་དགོ་དྲན་ལྷ་ཁང་་དུ་ཁོང་ཚོས་བླ་ན་མེད་པའི་རྡར་ཤན་ཞིག་གུ་རུ་ན་ནཀ་ཀྱི་པར་ཀཱ་ཤ་པེ་རུ་རུ་ཐེངས་༥༥༠་དེ་དྲན་གསོ་ཞུས་པ་རེད།  རྡར་ཤན་ཕུལ་བའི་རྒྱལ་ཁབ་ཕོ་ཉ་དེ་དག་ཚང་མར་སིཀ་ཀྱི་སྲོལ་རྒྱུན་དང་རིག་གནས་དེ་བས་མང་བ་ཤེས་རྟོགས་བྱེད་པའི་གོ་སྐབས་བྱུང་འདུག དེ་རྗེས་ཁོང་མང་པོ་ཞིག་གིས་སྤྱི་ཚོགས་དྲྭ་རྒྱའི་ཐོག་པར་དང་མཉམ་དུ་ཁོང་ཚོས་གཟི་བརྗིད་ཀྱི་ཉམས་མྱོང་དེཌྷི་ཐོག་བྲིས་འདུག  གུ་རུ་ན་ནཀ་ཀྱི་རེ་བ་དང་ཕུགས་བསམ་དང་ཀྱིས་ང་ཚོའི་ཁྲོད་དུ་སྤེལ་བ་འདིས་ངའི་ལྷག་བསམ་གྱི་རེ་བ་ཡིན། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་དེ་མངོན་འགྱུར་ཡོང་བའི་སྒྲུལ་ཤུགས་ཡོང་བར་སྨོན།  

སྙིང་ཉེ་བའི་གཅེན་གཅུང་དང་ཚང་མས་ཟླ་༡༠་པའི་ཚེས་༣༡་ཉིན་གྱི་དོན་སྙིང་དྲན་པར་ང་ལ་ཡིད་ཆེས་ཡོད།  ཉིན་དེ་ནི་རྒྱ་གར་གྱི་ལྕགས་ཀྱི་མི་ས་རྡར་བ་ལ་བེ་པེ་ཊལ་འཁྲུང་པའི་དྲན་གསོའི་ཉིན་མོ་ཡིན། ཁོང་ནི་ང་ཚོའི་རྒྱལ་ཁབ་ཅིགགི་མཐུན་སྒྲིལ་བྱེད་པའི་དཔའ་བོ་ཞིག་ཡིན།  ཕྱོགས་གཅིག་ནས་སཱ་རྡར་པེ་ཊལ་ལ་མི་མང་མཏུན་སྒྲིལ་བྱེད་ཐུབ་པའི་ནུས་པ་ཡོད། ཕྱོགས་གཞན་ཞིག་ནས་ཁོས་འདུ་ཤེས་འཛིན་སྟངས་ཐོག་བསམ་བློ་མི་པ་དག་དོ་མཉམ་བྱེད་ཐུབ། སཱ་རྡར་པེ་ཊལ་གྱིས་ཐ་ན་གནས་ཚུལ་ཕྲ་མོ་དག་ལ་ཡང་བསམ་ཤེས་བྱེད་ཐུབ་པ་དང་དེ་ཚོ་གདེངས་འཇོག་བྱེད་ཐུབ་ཀྱི་ཡོད།  དོན་སྙིང་ངོ་མའི་ཐོག་ཀོང་ནི་ཞིབ་ཕྲ་ཡི་ཕྱག་ལས་གནང་མཁན་ཞིག་ཡིན། དེ་ལས་གཞན་ཁོང་ད་དུང་རྩ་འཛུགས་ཀྱི་ལག་རྩལ་ལ་མཁས། འཆར་གཞི་གཏན་འབེབས་དང་ཐབ་ཇུས་གཏན་འབེབས་བྱེད་རྒྱུ་ནི་ཁོང་གི་ཕྲོག་ཤིང་གི་ཁྱད་ཡོན་ཡིན་། ང་ཚོས་སཱ་རྡར་པེ་ཊལ་ཡི་ལས་ཀའི་སྤྱོད་ཚུལ་ཀློག་ཐུབ་པ་དང་གོ་ཐུབ་ཚེ་ང་ཚོས་ཁོང་གིས་ཇུས་འགོ་ཞིབ་ཚགས་བྱས་པའི་གཟབ་གནན་རང་ནཞིན་ཤེས་ཐུབ།  ༡༩༢༡་ལོར་ཨ་མེ་ཏ་སྦ་ཐི་ལ་གང་གུ་ར་སི་ཚོགས་འདུའི་ཐོག་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་འཐུས་མི་སྟོང་ཕྲག་ཁག་ནས་ཞུགས་རྒྱུའུ་བཀོད་སྒྲིག་ལྟ་རྟོག་བྱ་རྒྱུའི་ལས་འགན་བཞེས། ཁོང་གིས་གོ་སྐབས་འདི་བེད་སྤྱོད་བྱས་ནས་གྲོང་ཁྱེར་དེའི་ཆུ་མཁོ་འདོན་གྱི་དྲྭ་བ་ལེགས་བཅོས་བྱས་ཁོས་ཆུ་ཡི་དོན་དུ་གནད་དོན་ལ་ཐུག་པའི་མི་གཅིག་ཀྱང་མེད་པ་གྲུབ་པ་བྱེད་པ་རེད། དེ་ཙམ་མ་ཟད་ད་དུང་ཁོས་སྐུ་ཚབ་རྣམས་ཀྱི་ལྷམ་དང་ལམ་ཆས་ཀྱི་བདེ་འཇགས་འགན་འཁུར།  ཁོའི་བྱེད་ལུགས་བྱེད་སྟངས་ཀྱིས་ཁྱེད་ཧ་ལས་བཅུག་ཐུབ། ཁོང་གི་ཁྷ་རྡིས་བཟོས་པའི་ཁུག་མ་རེ་སྐུལ་བྱེད་ཡོད། འདི་དག་ཚང་མ་ཐུན་རྐྱེན་སྦྱར་ནས་འཐུས་མི་རྣམས་ལ་བཙོངས་པ་རེད། ཁོང་ཚོའི་སོ་སོའི་ལྷམ་དེ་ཁུག་བའི་ནང་འཁྱེར་དེ་ལྷམ་བརྐུས་པའི་སེམས་འཁྲལ་མི་དགོས་པ་བཟོས།

ངའི་བརྩེ་བའི་མི་མང་ཚོ། སྤྱི་ལོ་༢༠༡༨ལོའི་ཟླ་༨པའི་ཚེས་༣༡་ཉིན་འདིར་ང་ཚོས་ང་ཚོའི་རྒྱལ་ཁབ་ཀྱི་དཔའ་བོ་སཱརྡར་སཱཧིབ་མཆོག་རྗེས་དྲན་གྱི་ཐོག་ནས་གཅིག་སྒྲིལ་གྱི་རྡོ་རིང་དེ་ང་ཚོའི་རྒྱལ་ཁབ་དང་འཛམ་གླིང་ཡོངས་ཀྱི་གཅིག་སྒྲིལ་ཆེད་དུ་བཞེངས་པ་ཞིག་ཡིན། རྡོ་རིང་འདི་ནི་འཛམ་གླིང་ནང་གི་རྡོ་རིང་རིང་ཤོས་ཞིག་ཏུ་གྱུར་ཡོད་པ་མ་ཟད་ཨ་རིར་ཡོད་པའི་རང་དབང་ཀྱི་རྡོ་རིང་ལས་ལྡབ་གཉིས་ཀྱིས་རིང་བ་ཡོད། འཛམ་གླིང་སྟེང་གི་རྡོ་རིང་རིང་ཤོེས་དེ་ང་ཚོའི་རྒྱལ་ཁབ་ཏུ་གཞེངས་ཡོད་པ་ནི་རྒྱ་གར་མི་མང་མི་རེ་ངོ་རེ་ནས་མགོ་བོ་དགྱེ་ཏེ་དགའ་སྤོབས་སྐྱེས་ནས་འགྲོ་དགོས་པ་ཞིག་ཆགས་ཡོད།  ད་དུང་མི་མང་ཚོས་དགའ་དགོས་པ་ཞིག་ནི་རྡོ་རིང་དེ་འཇལ་བར་ལོ་རེར་ཡུལ་བསྐོར་སྤྲོད་འཆམ་པ་འབུམ་ལས་བརྒལ་བ་ཡོང་གི་ཡོད་པས་མི་དེ་འདྲ་མང་པོ་ཞིག་གིས་དཔའ་བ་དམ་པ་སཱརྡར་མཆོག་གི་མཛད་བརྗེད་རྗེས་དྲན་དང་གདུངས་སེམས་མཉམ་སྐྱེས་བྱེད་བཞིན་ཡོད་པ་རེད།

རྡོ་རིང་དེ་ཡི་ཉེ་འགྲམ་དུ་ཡོད་པའི་འཚེར་མའི་ལྡུམ་རྭ་དང་ཕྱེ་མ་ལེབ་ཀྱི་ལྡུམ་རྭ། ནགས་ཚལ་གླིང་། ད་དུང་བྱིས་པའི་ཟས་བཅུད་ལྡུམ་རྭ་དང་ཨེཀ་ཏ་སྔོན་འགྲོའི་སློབ་གྲྭ་བཅས་སུ་ཡང་ཡུལ་སྐོར་བ་ཚོའི་འཁོར་ས་ཤིག་ཆགས་ཡོད།  དེར་བརྟེན་ས་གནས་དེར་གནས་བཞིན་པའི་མི་མང་རྣམས་ལ་ལས་ཀ་དང་ཚོང་གི་གོ་སྐབས་མང་པོ་ཞིག་རག་གི་ཡོད་སྟབས་དཔལ་འབྱོར་གྱི་ཁེ་ཕན་ཤུགས་ཆེན་ལེན་ཐུབ།   མ་ཟད་ཡུལ་མི་མང་ཆེ་བས་ཡུལ་སྐོར་སྤྲོ་འཆམ་པ་དག་ལ་གནས་ཚང་གཡར་བཞིན་ཡོད་པ་དང་ཁོང་ཚོས་མགྲོན་ཁང་གི་ཆེད་ལས་སྦྱོང་བརྡར་ལྡན་པའི་ངང་ནས་ཞབས་ཞུ་བསྒྲུབས་བཞིན་ཡོད།  ད་དུང་མི་མང་ཚོས་ས་གནས་དེར་ཤིང་ཏོག་འབྲུག་གི་ཞིང་ཁ་བཏབ་འགོ་བཙུག་ཡོད་པས་ལས་འཆར་དེ་རྗེས་མ་ཡུལ་དེའི་ཡུལ་མི་ཚོའི་འཚོ་བརྟེན་གཙོ་བོ་ཞིག་ཏུ་ཆགས་རྒྱུ་གཏན་འཁེལ་རེད།   

ཆིག་སྒྲིལ་གྱི་རྡོ་རིང་འདི་ང་ཚོའི་རྒྱལ་ཁབ་ཀྱི་དབུས་གཞུང་དང་མངའ་སྡེ་ཁག། ད་དུང་ལྟ་སྐོར་འགྲིམས་འགྲུལ་བཟོ་ལས་ཁག་ནས་ཀྱང་ཞིབ་འཇུག་བྱ་སའི་སློབ་ཚན་ཞིག་ཏུ་ཡང་བྱེད་ཆོག  ང་ཚོས་མཐོང་གསལ་ལྟར་ཆིག་སྒྲིལ་གྱི་རྡོ་རིང་འདི་ནི་ལོ་གཅིག་གི་ནང་ཁུལ་དུ་འཛམ་གླིང་གི་ཆེས་སྙན་གྲགས་ཅན་གྱི་ཡུལ་སྐོར་སྤྲོ་འཆམ་གྱི་གནས་ཞིག་ཏུ་གྱུར་ཡོད་པ་དང་རྡོ་རིང་འདི་བལྟ་བར་རང་རྒྱལ་གྱི་ཡུལ་མི་བལྟ་སྐོར་བ་རྣམས་གཙོས་པའི་ཕྱི་རྒྱལ་གྱི་བལྟ་སྐོར་བ་རྣམས་ཉིན་ལྟར་གཅིག་རྗེས་གཉིས་མཐུད་ཀྱིས་འགྲོ་འོང་བྱེད་བཞིན་ཡོད་པ་དང།  བལྟ་སྐོར་བ་རྣམས་ལ་འགྲིམས་འགྲུལ་དང་མགྲོན་ཁང་། ད་དུང་ས་གནས་སྐོར་བསྐྱོའི་ཁ་ཕྱོགས་དང་ཁོར་ཡུག་གསུང་སྐྱོབ་སོགས་ཀྱི་ལམ་སྟོན་སོགས་ཁོང་ཚོས་ཡུལ་མི་ཚོའི་རོགས་རམ་ལ་བསྟེན་དགོས་པ་རེད། ཡུལ་མི་རྣམས་ཀྱིས་ཁོང་ཚོའི་དགོས་མཁོ་ལྟར་མཐུན་རྐྱེན་ཁག་ཡར་རྒྱས་གཏོང་བཞིན་པས་ཡུལ་དེའི་དཔལ་འབྱོར་གྱི་གནས་བབས་རང་བཞིན་གྱིས་ཡར་རྒྱས་འགྲོ་བཞིན་ཡོད།

དེ་ཡང་ཡུལ་མི་ཚོའི་གཅིག་པོའི་འགན་འཁུར་མིན་པར་ང་ཚོའི་དབུས་གཞུང་ནས་ཀྱང་འགན་འཁུར་གྱི་ཡོད་པ་རེད། གྲོགས་པོ་ཚོ། གཏམ་གཟང་ཞིག་ལ་ཉེ་ཆར་ཨ་རིའི་བདུན་རེའི་དུས་བབས་དུས་དེབ་ནང་དུ་ང་ཚོའི་ཆིག་སྒྲིལ་གྱི་རྡོ་རིང་འདི་འཛམ་གླིང་ནང་གི་ལྟ་སྐོར་ས་གནས་གལ་ཆེན་བརྒྱ་ཡི་ནང་དུ་འཁོད་ཡོད་པ་དང་དེ་ནི་ང་ཚོ་རྒྱ་གར་བ་ཚོས་སྤོབས་པ་བྱ་དགོས་པ་ཞིག་རེད།  ང་ཚོའི་མི་མང་ཚོས་དུས་ཚོད་ཏོག་ཙམ་བཏོན་དེ་རྡོ་རིང་ལ་མཇལ་རུ་འགྲོ་རྒྱུ་བཤད་མི་དགོས་པ་ཞིག་དང་ངའི་རེ་བ་ཡང་ཡིན། དེ་ཡང་ཁྱེད་རང་ཚོ་ནང་མི་ལྷན་དུ་རྒྱ་གར་གྱི་ས་གནས་གལ་ཆེན་བཅོ་ལྔ་ཙམ་ལ་གནས་སྐོར་ངེས་པར་དུ་འགྲོ་དགོས་པ་མ་ཟད་ མཚན་གཅིག་རེ་བསྡད་རྒྱུ་དེ་ད་དུང་ཡང་ངས་རེ་བ་བཅོལ་བཞིན་ཡོད།

གྲོགས་པོ་ཚོ།  ཕྱི་ལོ་༢༠༡༤་ནས་བཟུང་ལོ་ལྟར་ཟླ་བ་༡༠་པའི་ཚེས་༣༡་ཉིན་འདིར་ང་ཚོས་རྒྱལ་ཁབ་ཀྱི་ཆིག་སྒྲིལ་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་པ་དང་། དེའི་བརྗོད་དོན་གཙོ་བོ་ནི་ང་ཚོས་རྒྱལ་ཁབ་ཀྱི་གཅིག་སྒྲིལ་དང་རིག་གཞུང་སྣ་མང་། ད་དུང་བདེ་འཇགས་བཅས་ཀྱི་སྲུང་སྐྱོབ་ཆེད་གནས་སྟངས་གང་འདྲ་ཞིག་འཕྲད་ཀྱང་བློས་གཏོང་བྱ་རྒྱུ་ཡིན་པ་གསལ་ཡོད།  ཉིན་འདིར་ད་ལོར་རྩིས་པའི་ན་ནིང་གཉིས་ལ་ཆིག་སྒྲིལ་གྱི་རྒྱུགས་ཤར་ཞེས་པ་འདི་ལ་རྒྱལ་ཁབ་ཀྱི་ལས་གནས་འདྲ་མིན་དང་སྤྱི་ཚོགས་ཀྱི་སྡེ་ཚན་འདྲ་མིན་ཚང་མས་འཛུལ་ཞུགས་བྱས་ཏེ་གཅིག་སྒྲིལ་གྱི་རྣམ་པ་མཚོན་པ་མ་ཟད་ཚང་མས་དམིགས་ཡུལ་གཅིག་ལ་མདུན་བསྐྱོད་ཀྱིས་རྒྱལ་ཁབ་གཅིག་དང་དམིགས་ཡུལ་གཅིག་ཅེས་འབོད་སྒྲ་སྒྲོག་བཞིན་རྒྱུགས་དགོས་པ་ཞིག་ཡིན།

འདས་པའི་ལོ་ལྔ་ཡི་ནང་དུ་གསལ་བ་ལྟར་ལྡི་ལི་ཙམ་མིན་པར་རྒྱ་གར་གྱི་དབུས་གཞུང་ནས་ཐད་དཀར་འཛིན་སྐྱོང་ཡོད་པའི་ས་གནས་ཁག  མངའ་སྡེ་ཁག་གི་རྒྱལ་ས། རྫོང་ཁག་གི་མི་མང་དང་མཐའ་ན་གྲོང་སྡེ་ཆུང་ངུ་དེ་ཚོ་དང་། ཕོ་མོ་རྒན་གཞོན་མེད་པར་རྒྱལ་ས་ཁག་མི་འདྲ་བ་བརྒྱ་ལས་ལྷག་གི་ནང་དུ་གཅིག་སྒྲིལ་གྱི་རྒྱུགས་ཤར་འདིའི་ནང་དུ་འཛུལ་ཞུགས་བྱས་ཡོད།  གང་ལྟར་དེང་སང་མི་མང་མོ་ཞིག་གིས་རྒྱུགས་ཤར་རྩེད་འགྲན་ལ་དོ་སྣང་དང་དགའ་བོ་བྱེད་བཞིན་ཡོད།་དེ་བཞིན་ཆིག་སྒྲིལ་གྱི་རྒྱུགས་ཤར་འདི་ཡང་དམིགས་གསལ་གྱི་བཅའ་གཞི་ཞིག་ཡིན། རྒྱུགས་ཤར་ལེན་ན་ལུས་སེམས་སྲོག་ལ་ཕན་མོད་གཅིག་སྒྲིལ་གྱི་རྒྱུགས་ཤར་ལེན་སྐབས་རྒྱུགས་ཐུབ་པ་ཙམ་མིན་པར་རྒྱ་གར་གི་མི་མང་བདེ་ཐང་གི་ལམ་ཕྱོགས་དང་གཅིག་སྒྲིལ་གྱི་ངོ་བོ་གཉིས་ཡང་དྲན་པའི་ཐོག་ནས་རྒྱུགས་དགོས་པ་ཞིག་ཡིན།  དེར་བརྟེན་ལས་རིམ་འདི་རྒྱལ་ཁབ་ཀྱི་ས་ཁུལ་ཚང་མར་སྤེལ་ཡོད་པས་མི་མང་ཚོས་ས་གནས་གང་འདྲ་ཞིག་ལ་ཡོད་ཀྱང་གཅིག་སྒྲིལ་གྱི་རྒྱུགས་ཤར་དྲ་རྒྱའི་སྟེང་དུ་ས་གནས་དང་དུས་ཚོད་བཅས་ཀྱི་སྐོར་ལམ་སྟོན་ཆ་ཚང་རྙེད་ཐུབ། ངའི་རེ་བར་མི་མང་ཚོས་ཕྱི་ཟླ་༡༠་པའི་ཚེས་༣༡་ཉིན་མོའི་ལས་རིམ་འདི་རྒྱ་གར་གྱི་ཆིག་སྒྲིལ་ཆེད་གཅིག་པོ་མི་བསམ་པར་རང་གི་ཕྱིའི་བདེ་ཐང་ཆེད་དུ་ཡང་ཕན་གྱི་ཡོད་པ་སེམས་ལ་བཟུང་ནས་འཛུལ་ཞུགས་བྱེད་ན་ལེགས།

ངའི་བརྩེ་བའི་མི་མང་ཚོ། སཱརྡར་པཱཊལ་མཆོག་ནས་ང་ཚོའི་རྒྱལ་ཁབ་འདི་གཅིག་སྒྲིལ་གྱི་ཐག་པས་བསྡམས་པ་ཞིག་ཡིན་པ་དང་ཆིག་སྒྲིལ་གྱི་རྩ་ཚིག་འདི་ཚོ་ང་ཚོའི་རྒྱལ་ཁབ་ལྟ་བུའི་རིག་གཞུང་དང་ཆོས་ལུགས་སྣ་མང་ཅན་ཞིག་ལ་མཚོན་ན་ཤིན་ཏུ་གལ་ཆེ། ང་ཚོས་མུ་མཐུད་ནས་རྩ་ཚིག་འདིའི་ཁ་ཕྱོགས་སུ་བསྐྱོད་དེ་ཆིག་སྒྲིལ་གྱི་ནུས་ཤུགས་ཆེ་རུ་གཏོང་དགོས། 

ངའི་བརྩེ་བའི་མི་མང་ཚོ། ང་ཚོའི་རྒྱལ་ཁབ་འདི་གཅིག་སྒྲིལ་དང་ཞི་བདེ་སོགས་ཀྱི་ཐོག་དོ་སྣང་བྱེད་མཁན་དང་ནུས་སྟོབས་གོང་འཕེར་གཏོང་མཁན་ཞིག་ཡིན་པ་མ་ཟད་མིག་དཔེ་བལྟ་དགོས་པའི་མི་ཁག་ཅག་ཡོད་པ་དང་ཁོང་ཚོས་ཆིག་སྒྲིལ་སོགས་ཀྱི་སྟེང་ལ་དུས་རྟག་ཏུ་དཀའ་ལས་ཚད་མེད་སྐྱོན་བཞིན་ཡོད། ཡིན་ན་ཡང་སྐབས་རེ་ང་ཚོས་ཁོང་ཚོའི་དཀའ་ལས་རྒྱབ་པ་དེ་ཚོ་བརྗེད་འགྲོ་ཡི་ཡོད།

མི་མང་ཚོ། དེ་སྔོན་ཕྱི་ལོ་༢༠༡༠ལོར་རམ་ཇན་མ་སྦུན་མི་ནས་ཨ་ལ་ཧ་སྦ་ད་ལ་ཁྲིམས་ཁང་དུ་གྱོད་གཞི་བཙུགས་པ་དྲན་སོས་སོང་། དེའི་སྐབས་ཀྱི་གནས་སྟངས་དེ་དང་ས་གནས་དེ་དྲན་གསོ་བྱེད་དུས་མི་འདྲ་མིན་མང་པོ་ཞིག་དང་ཚོགས་པ་མང་པོ་ཞིག་གིས་གྱོད་གཞི་དེ་ཡི་དུས་ཚོད་་དངབསྟུན་ནས་རང་ཉིད་ལ་ཁེ་ཕན་ལེན་ཐབས་ཀྱི་གོ་སྐབས་བཙལ་ཡོད།  སྐབས་དེར་འགན་མི་འཁུར་བའི་མི་འགའ་ཤས་ཀྱིས་རྙོག་འཛིང་ཡོང་ཆེད་དུ་གདེང་ཆའི་སྟེང་དུ་སྐད་གསང་ཐོན་པས་སྐད་ཡིག་སྡང་རྩུབ་འདྲ་མིན་གྱིས་སྐད་ཅོར་བརྒྱབ་པ་སོགས་བྱས་ནས་གནས་ཚུལ་དེ་ཉིན་བཅུ་ཙམ་ལ་ལྷག་པ་རེད།  འོན་ཀྱང་ཧང་སངས་དགོས་པ་ཞིག་ལ་མཐའ་མའི་ཐག་གཅོད་དེ་ཡིས་ཡུལ་མི་རྣམས་དགའ་སྐྱིད་དང་ཞི་བདེ་ཅན་ཞིག་ཏུ་བསྒྱུར་ཐུབ་པ་བྱུང་བ་རེད།

སྐབས་དེར་གྱོད་གཞི་དེས་བདུན་ཕྲག་གཉིས་ཙམ་ལ་ལྷག་ནས་མི་མང་ལ་སྡུག་པོ་སྤྲད་ཡོད་ཀྱང་།  ཕྱོགས་གཅིག་ནས་བཤད་ན་རྒྱ་གར་གཞུང་དང་སྲིད་དོན་ཚོགས་པ་ཁག  གཞན་སྤྱི་ཚོགས་སྒྲིག་འཛུགས་ཚོགས་ཁག མི་སེར་ཚོགས་ཁག། ཆོས་ཪིགས་དང་བཅས་པའི་ཚོགས་པ་ཚང་མའི་མཐུས་མི་ཚོས་རམ་ཇན་ན་སྦུ་མི་ལ་གྱོད་གཞི་བཙུགས་པའི་ཐག་བཅོད་དེར་བཟོད་སྲན་དང་ཡང་ཕྱོགས་གཉིས་ཀར་འདྲ་མཉམ་ཀྱིས་བརྗོད་བྱ་སྟོན་ཡོད་པ་མ་ཟད།  སྤྱི་ཚོགས་སྲིད་ཇུས་ཀྱི་ཁོར་ཡུག་ནང་དུ་འགལ་ཟླའི་རྙོག་འཛིང་ཉུང་དུ་གཏོང་རྒྱུའི་འབད་བརྩོན་བྱས་ཡོད།     འོན་ཀྱང་ངས་ཉིན་དེར་དུས་རྟག་ཏུ་དྲན་ལྷང་ངེར་གསལ་བ་ཞིག་ནི་ང་ཚོའི་རྒྱལ་ཁབ་ཀྱི་ཁྲིམས་བཟོ་ལྷན་ཁང་ལ་མི་མང་གིས་བརྩི་བཀུར་དང་ངོས་ལེན་ཆ་འཇོག་བྱེད་ནས་སུ་གང་ཡང་དེའི་གོང་དུ་མི་འགྲོ་བར་བཟོ་ཐུབ་དུས་དངོས་གནས་དགའ་སྤོབས་བྱུང་།  དེ་ལྟ་བུའི་གནས་ཚུལ་འདི་ཚོ་ང་ཚོས་དུས་རྟག་ཏུ་སེམས་སུ་བཞག་ནས་སེམས་ཤུགས་ཕར་མ་སྐྱེས་དགོས།  ཉིན་མོ་དེ་དང་གནས་ཚུལ་དེ་ཚོས་ང་ཚོ་ལ་ལས་འགན་ཞིག་ཡོད་པ་དྲན་གསོ་དང་རྒྱལ་ཁབ་ལ་ཆིག་སྒྲིལ་གྱི་ནུས་ཤུགས་སྟོན་ཐུབ།

ངའི་སྙིང་ནས་བརྩེ་བའི་མི་མང་ཚོ། སྤྱི་ཟླ་༡༠པའི་ཚེས་༣༡་ཀྱི་ཉིན་འདི་རང་ལ་ང་ཚོའི་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ལྕམ་སྐུ་ཨིན་རྡར་མཆོག་དམར་གསོ་གཏོང་པའི་ཉིན་དེ་ཆགས་ཡོད་པས་གོ་ཆགས་དེ་ནི་ང་ཚོའི་རྒྱལ་ཁབ་ལ་ཧ་ཅང་ཡིད་སྐྱོ་བའི་གནས་ཚུལ་ཞིག་དང་ངས་དེ་རིང་འདི་རུ་ཁོང་དམ་པ་ཡིད་ལ་དྲན་ནས་གདོང་སེམས་མཉམ་སྐྱེས་བྱེད་བཞིན་ཡོད།

ངའི་བརྩེ་བའི་མི་མང་རྣམ་པ། དེ་རིང་རྒྱལ་ཁབ་ཀྱི་ཤར་ནས་ནུབ་དངྲ་།  བྱང་ནས་ལྷོ་ཡི་བར།  ལུང་པའི་ཟུར་གང་འདྲ་ཞིག་དང་ཁྱིམ་ཚང་གཅིག་ནས་གཞན་ཞིག་གི་བར་ལ་ཅོང་བརྡ་ཞིག་གི་སྐད་ཐོས་ན་དེ་ནི་ཁོར་ཡུག་གཙང་སྒྲའི་སྒྲུང་བརྡ་ཡིན་པ་དང་། རྒྱལ་ཁབ་ཀྱི་གཙང་སྒྲའི་དམིགས་འདུན་འདི་ནི་རྒྱལ་ཁབ་ཀྱི་མི་འབོར་ཐེར་འབུམ༡.༢༥ལ་བརྟེན་ནས་བྱུང་དུས་མི་སྒེར་རམ་ནང་མི་ཁག།  ད་དུང་གྲོང་རྡལ་ཁག་སོ་སོའི་མི་མང་ཚོས་ཁོར་ཡུག་གཙང་བཟོའི་ལས་འགུལ་ལ་ཉམས་ཤུགས་བྱེད་པའི་ཉམས་མྱོང་བཤད་འདོད་ཡོད།

གཙང་གཚོ་བྱས་པའི་འབྲས་བུ་དེ་ཡང་ང་ཚོའི་མི་འབོར་ཐེར་འབུམ་༡.༢༥་ལ་ཐོབ་གི་ཡོད་པ་དང་ད་དུང་སྤྲོ་སྣང་ཅན་གྱི་ཉམས་མྱོང་ཞིག་ཀྱང་རག་གི་རེད། ངས་གནས་ཚུལ་ཞིག་གོ་མྱོང་ལ་ང་དེ་ལ་ཡིད་ཆེས་ཡང་ཡོད།  གནས་ཚུལ་དེ་ནི་ང་ཚོའི་འཛམ་གླིང་གི་ཚ་དྲོད་དེ་༠་ནས་མར་༥༠ནས་༦༠་བར་ལ་ཆགས་པ་ཡིན་ན་ང་ཚོར་དགོས་པའི་སྲོག་རླུང་དེ་ཡང་ཉམས་རྒུད་འགྲོ་རྒྱུ་དང་དེ་ལྟ་བུའི་གནས་བབས་ཞིག་ལ་ང་ཚོའི་སྐྱེས་འགྲོ་ཚོས་གདོང་ལེན་བྱེད་ཐུབ་པ་ནི་དཔའ་མཛངས་ཅན་དག་བཤམས་པ་ལས་གཉིས་སུ་མ་མཆིས། གནས་སྟངས་དེ་འདྲའི་ཛ་དྲག་ཞིག་གི་འོག་ཏུ་ང་ཚོའི་དཔའ་དངར་ལྡན་པའི་དམག་མི་ཚོས་རྒྱལ་ཁབ་ཀྱི་མཐའ་ཁོབ་སྲུང་སྐྱོབས་བྱེད་བཞིན་པ་མ་ཟད་ད་དུང་སབྣ་ཆན་སིཡ་ཆན་གྱི་ལས་རིམ་དེ་ཡང་ས་ཁུལ་དེ་ལ་སྤེལ་བཞིན་འདུག

དེར་བརྟེན་ངས་རྒྱལ་ཁབ་ཀྱི་ཚབ་བྱས་ཏེ་ཁོང་ཚོའི་བླ་ན་མེད་པའི་སྙིང་སྟོབས་ལ་བསྔགས་བརྗོད་དང་མ་ཟད་དཀའ་དྲིན་རྗེས་སུ་ཡི་རངས་ཞུ། ས་གནས་དེ་ཚོར་གནམ་གཤིས་ཧ་ཅང་གྲང་བའི་རྐྱེན་གྱིས་གད་སྙིགས་དེ་ཚོ་རུལ་མི་ཐུབ་པས་དེ་ཚོ་བདག་ནར་བྱེད་རྒྱུ་ནི་ཧ་ཅང་གི་གལ་ཆེན་ཞིག་ཡིན།  གནས་སྟངས་དེ་འདྲའི་སྐབས་ལ་ཁྱག་རོམ་དང་ཉེན་ཁ་ཅན་གྱི་སྐྱེས་ལྡན་གནས་རིམ་ཚོའི་ས་གནས་ནས་གད་སྙིགས་ཀྲོན་༡༣༠་ལས་ལྷག་གཙང་བཟོ་བྱས་པ་ནི་རླབས་ཆེན་གྱི་བྱ་བཞག་ཞིག་རེད། གང་ཡིན་ཟེར་ན་ཡུལ་དེ་ནི་རྩ་བརླག་དུ་འགྲོ་བཞིན་པའི་སེམས་ཅན་གངས་སེང་དང་རི་དྭགས། དོམ་རྒྱ་སྨིག་སོགས་ཀྱི་ཡུལ་ཆགས་ཡོད། 

ང་ཚོས་ཤེས་གསལ་ལྟར་སབྣ་ཆན་ཞེས་པའི་དོན་ནི་ཁྱག་རོམ་ནི་རྒྱུགས་ཆུ་དང་འཐུང་ཆུ་སོགས་ཀྱི་འབྱུང་ཁུངས་ཡིན་ཞེས་གསལ་ཡོད།  བྱས་ཙང་ས་གནས་དེ་ལ་གཙང་སྒྲའི་ལས་རིམ་སྤེལ་དོན་ནི་ང་ཚོའི་ས་གནས་དམའ་སར་གནས་པའི་ཡུལ་མི་ཚོར་རྒྱུགས་ཆུ་ནུབ་རྭ་ དང ཤིཡོག་ བཞིན་དུ་འཐུང་ཆུ་གཙང་མ་ཞིག་རགས་པའི་རེ་བ་ངེས་ཅན་སྤྲོད་བཞིན་པ་རེད།

ངའི་སྙིང་ནས་བརྩེ་བའི་མི་མང་ཚོ། དུས་ཆེན་ཁག་གིས་ང་ཚོར་ཉིན་རེའི་འཚོ་བར་དྲན་སྐུལ་གསར་པ་ཞིག་བྱེད་བཞིན་ཡོད་པ་མ་ཟད་དམིགས་གསལ་གྱི་ང་ཚོའི་རྒྱ་གར་གྱི་ལོ་གསར་ལ་མི་ཚང་གང་འདྲ་ཞིག་ཡིན་ཀྱང་ནང་དུ་ཅ་ལག་གསར་པ་ཞིག་ཉོ་རྒྱུའི་ལུགས་གསོལ་ཡོད།་ངས་ཐེངས་གཅིག་ཞུ་མྱོང་ཡོད་གལ་ཏེ་ང་ཚོར་དགོས་པའི་ཅ་ལག་དེར་ས་གནས་ས་ཁུལ་ལ་རག་གི་ཡོད་ན་ཡིན་གཅིག་དེ་ལས་ཐག་རིང་བའི་གྲོང་རྡལ་ལ་འགྲོ་དགོས་དོན་མེད་པ་དང་ཡང་གྲོང་རྡལ་ལ་རག་གི་ཡོད་ན་རྫོང་གྲོང་ལ་འགྲོ་དགོས་དོན་མེད།  ག་དུས་ཡིན་ཡང་སོ་སོའི་ས་གནས་ཀྱི་ཅ་ལག་ཉོ་རྒྱུའི་ཐབས་ཤེས་བྱོས།  གང་ཡིན་ཟེར་ན་དེ་ནི་ང་ཚོའི་བདག་ཉིད་ཆེན་མོ་གནྡི་ཡི་ལས་རིམ་གྷནྡི་༡༥༠ཞེས་པའི་ལས་རིམ་དང་གཅིག་མཚུངས་འགྲོ་ཡི་ཡོད་པས་ངས་མུ་མཐུད་ནས་སོ་སོའི་ས་གནས་ཀྱི་ལས་མི་བལ་ཐག་མཁན་དང་ ཁལྡིའི་སྒྱུ་རྩལ་པ་ཚོས་ལག་བཟོ་བྱེད་པའི་ཅ་ལག་དེ་དག་ཉོ་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད།
ཐ་ན་ད་ཐེངས་ཀྱི་རྒྱ་གར་གྱི་ལྡི་བ་ལིའི་དུས་ཆེན་འདི་ལ་ཡང་ཅ་ལག་མང་པོ་ཞིག་ལོ་གསར་གྱི་སྔོན་དུ་ཉོ་དགོས་ཀྱང་མི་མང་པོ་ཞིག་གིས་དུས་ཆེན་ཀྱི་རྗེས་སུ་ཕྱིན་ན་ཅ་ལག་གི་རིན་གོང་ཆུང་བ་རག་གི་རེད་བསམ་བཞིན་ཡོད། བྱས་ཙང་ངས་ཁྱེད་རང་ཚོ་སོ་སོའི་ས་གནས་ཀྱི་ཅ་ལག་ཉོ་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་དང་ཆབ་གཅིག་ལྡི་བ་ལི་ལ་བཀྲ་ཤིས་བདེ་ལེགས་ཞུ། དེ་འདྲའི་ལས་དོན་ཕྱོགས་ལ་བསྐྱོད་ན་ང་ཚོས་བདག་ཉིད་ཆེན་མོ་གྷནརྡི་ཡི་དགོངས་པ་གྲུབ་ཀྱི་ཡོད།  ངས་ཁྱེད་རང་ཚོར་བསྐྱར་དུ་ལྡི་བ་ལི་ལ་བཀྲ་ཤིས་བདེ་ལེགས་ཞུ།  ང་ཚོས་ལོ་གསར་ལ་འགས་རྫས་རིགས་འདྲ་མིན་ཞིག་སྤར་སྲོལ་ཡོད།  ཡིན་ན་ཡང་སྐབས་རེར་དོ་སྣང་མ་བྱེད་པའི་རྐྱེན་གྱིས་གནོད་སྐྱོན་འདྲ་མིན་བྱུང་བཞིན་ཡོད།  དེར་བརྟེན་སོ་སོའི་བདེ་འཇགས་ལ་གཟབ་གནན་ཆེ་ཤོས་བྱོས།  ལྷན་དུ་དུས་སྟོན་འདི་ལ་དགའ་སྐྱིད་དང་འཚམས་འདྲི་གྲངས་མེད་ཡོད།