གྲོས་ཚོགས་ནང་གི་གཟའ་འཁོར་གཅིག།

མ་ཟིན། ཝི་མོ་ཧན་རའོ། གསར་འགོད་པ།

རེས་གཟའ་མིག་མར་ཉིན་རྒྱ་གར་གྱིས་སྔར་ལོ་༡༩༤༩ ཟླ་ཚེས་དེ་རིང་དུ་རྩ་ཁྲིམས་བདག་སྲུང་གནང་བའི་དུས་སྟོན་སྲུང་བརྩི་ཞུས་འདུག། རྒྱ་གར་གྱི་རྩ་ཁྲིམས་ཕྱི་ལོ་༡༩༥༠ ལོའི་ཟླ་དང་པོའི་ཚེས་༢༦ཉིན་གྲོས་ཚོགས་ཚོགས་མི་ཡོངས་ཀྱིས་ལག་བསྟར་འགོ་འཛུགས་གནང་སྟེ་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་གྱི་ལོ་རྒྱུས་ལ་དུས་རབས་གསར་པ་འགོ་འཛུགས་བྱུང་ཡོད། དུས་སྟོན་སྲུང་བརྩི་ཞུས་ཕྱིར་དབུས་གྲོས་ཚོགས་གོང་འོག་གཉིས་ཀས་དབུས་ཚོགས་ཁང་དུ་ཟུང་སྦྲེལ་ཚོགས་ཆེན་ཚུགས་འདུག། གྲོས་ཚོགས་གོང་འོག་གཉིས་ཀྱི་ཟུང་སྦྲེལ་ཚོགས་ཆེན་དུ་སྲིད་འཛིན་རམ་ནཐ་ཀོ་ཝིཌ་མཆོག་གིས་གཏམ་བཤད་དུ་མི་སེར་ཞིག་གི་ཐོབ་ཐང་དང་ལས་འགན་གཉིས་ནི་ཊམ་ཀ་ཞིག་གི་ཕྱོགས་གཉིས་ལྟ་བུ་ཡིན་ཞིང་མང་ཚོགས་ཀྱི་རང་འཁྲི་ལས་འགན་འཁུར་བར་འབོད་འདུག། ཁོ་བོས་མིནམང་རྣམས་ཀྱི་རང་འཁྲི་ལས་འགན་ལེགས་པར་འཁུར་སྟེ་ཐོབ་ཐང་ཉེན་སྲུང་གནས་བའི་ཁོར་ཡུག་ལེགས་པར་བསྐྲུན་པའི་འབོད་སྐུལ་ཞུས་འདུག། སྲིད་འཛིན་མཆོག་གིས་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གི་མང་གཙོའི་ལམ་སྲོལ་དུ་གྲོས་ཚོགས་གོང་མའི་ལས་འགན་ཐད་དཔེ་དེབ་འགྲེམས་སྤེལ་གནང་སྟེ་གྲོས་ཚོགས་གོང་མའི་ཚོགས་ཐེངས་༢༥༠ སྲུང་བརྩི་མཚོན་དོན་དུ་ཊམ་ཀ་དང་སྦྲག་རྟགས་འགྲེམས་སྤེལ་ཞུས་པའི་ལྷན་དུ་ཌི་ཇི་ཊལ་འགྲེམས་སྟོན་དབུ་འབྱེད་གནང་འདུག། སྲིད་བློན་ན་རེན་དར་མོ་དྷི་མཆོག་གིས་རྒྱ་གར་གྱི་རྩ་ཁྲིམས་བཟོ་བསྐྲུན་གབང་མཁན་གཙོ་ཚེས་འདས་སྐུ་ཞབས་ཌོཀ་ཊར་བྷི་ཨར་ཨམ་བྷེཏ་ཀར་མཆོག་གི་མངོན་འདོད་འབོད་སྐུལ་ཞུས་འདུཧ། ཁོ་བོས་རྒྱ་གར་གྱི་རྩ་ཁྲིམས་ནི་རྩ་ཆེན་དཔེ་དེབ་དང་ལམ་སྟོན་འོས་ཟེར་གསལ་ལྟ་བུར་བརྗོད་འདུག། ཁོ་བོས་རྩ་ཁྲིམས་ཀྱི་ནུས་སྟོབས་དང་ཡོངས་སྒྲིལ་ལ་གོང་འབུལ་དུ་མང་ཚོགས་ཀྱི་ཐོབ་ཐང་དང་ལས་འགན་གཉིས་ཀ་ལེགས་པར་འགྲེལ་བརྗོད་གནང་བས་རྩ་ཁྲིམས་ཀྱི་དམིགས་ཙའལ་ཁྱད་ཆོས་སུ་ངོས་འཛིན་གནང་འདུག། སྲིད་འཛིན་གཞོན་པ་ཝེན་ཀའི་ནའི་གྲུ་མཆོག་གིས་འདས་པའི་ལོ་བདུན་བཅུའི་ནང་རྒྱ་གར་གྱིས་རྩ་ཁྲིམས་ལེངས་པར་སྲུང་ཞིང་མང་གཙོའི་ལམ་ལུགས་དང་ཁྱད་ཆོས་གོང་འཕེལ་གཏོང་བར་ལེགས་བཅོས་ཡང་སྣ་མང་གབང་ཡོང་པ་འགྲེལ་བརྗོད་གནང་འདུག།

ཕྱི་སྲིད་བློན་ཆེན་ཇེ་ཤན་ཀར་མཆོག་གིས་རེས་གཟའ་ལྷག་པའི་ཉིན་གྲོས་ཚོགས་འོག་མར་ཇ་མུ་ཀཤ་མིར་མངའ་སྡེར་དུ་ལེགས་བཅོས་འགྲོ་བཞིན་པའི་སྐབས་དེར་པ་ཀིས་ཐན་གྱིས་འཇིག་སྣང་སྐུལ་མཁན་གྱི་གནས་སྟངས་ཆ་ཚང་འགོག་རྐྱེན་ལེགས་པར་གནང་བ་འགྲེལ་བརྗོད་གནང་འདུག། ཁོ་བོས་པ་ཀིས་ཐན་གྱིས་ཡང་ནས་ཡང་དུ་རྒྱལ་སྤྱིའི་སྡིངས་ཆ་མཉམ་སྦྲེལ་རྒྱལ་ཚོགས། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་ཁ་མཆེའི་མཐུན་འགྱུར་་ཚོགས་པ་བཅས་སུ་ཇ་མུ་ཀཤ་མིར་གྱི་གནད་དོན་དེ་རྒྱལ་སྤྱིའི་རྣམ་པ་ཅན་དུ་འགྱུར་ཕྱིར་རྫུན་དང་ངན་སེམས་ཁྱབ་གཏམ་གནང་བཞིན་ཡོད་པ་བརྗོད་འདུག། ཡིན་ནའང་བློན་ཆེན་མཆོག་གིས་རྒྱ་གར་གྱིས་་དེ་ལྟ་བུའི་འཙོད་བརྩོན་ཆ་ཚང་འགོག་ཐུབ་པ་བྱུང་པ་བརྗོད་འདུག། ཁོ་བོས་རྒྱལ་ཁབ་གཞན་པས་པ་ཀིས་ཐན་ལ་རང་རེའི་ས་ཁུལ་འཇིག་སྐུལ་དྲག་སྤྱོད་རིང་ལུགས་སུ་བེད་སྤྱོད་འགོག་པར་ལན་འདེབས་བྱས་པ་བརྗོད་འདུག།

ནང་སྲིད་ལས་དོན་གྱི་རང་དབང་བློན་ཆེན་ཇི་ཀོ་སན་རེ་གྲི་མཆོག་གིས་རེས་གཟའ་ལྷག་པའི་ཉིན་གྲོས་ཚོགས་གོང་མར་འདི་ལོའི་ཟླ་བ་གཉིས་པའི་སྐབས་རྒྱ་གར་མཁའ་དམག་གི་འཕུར་འདེལ་གྱིས་གཏོར་བཤིག་གཏིང་བའི་བྷ་ལ་ཀོཊ་མཐུན་རྐྱེན་པ་ཀིས་ཐན་གནས་སྡོད་འཇིག་སྐུཔ་དྲག་སྤྱོད་ཚོགས་པས་བསྐྱར་གསོ་གནང་བར་འབད་བཞིན་ཡོད་པ་བརྗོད་འདུག།  ཁོ་བོས་འཇིག་སྐུལ་དྲག་སྤྱོད་ཚོགས་པས་བྷ་ལ་ཀོཊ་མཐུན་རྐྱེན་བསྐྱར་གསོ་གནང་སྟེ་རྒྱ་གར་གྱི་ཁ་གཏད་དུ་དྲག་སྤྱོད་ལའ་འགུལ་སྤེལ་ཐབས་སུ་འབད་བརྩོན་གནང་བཞིན་ཡོད་པ་འགྲེལ་བརྗོད་གནང་འདུག།

རེས་གཟའ་ལྷག་པའི་ཉིན་ཕྱི་སྲིད་བློན་ཆེན་ནིར་མ་ལ་འི་ཏ་རམ་མཆོག་གིས་རྒྱ་གར་གྱི་དཔལ་འབྱོར་ལ་ཉམས་རྒུད་གང་ཡང་མེད་ཞིང་དཔལ་འབྱོར་གོང་འཕེལ་གཏོང་བར་དགོས་ངེས་གོམས་པ་ལེགས་པར་སྤེལ་བཞིན་ཡོད་པ་བརྗོད་འདུག། རྒྱ་གར་གྱི་དཔལ་འབྱོར་གནས་སྟངས་ཐད་དུས་ཐུང་རིང་གྲོས་ཚོགས་གོང་མའི་གོ་བསྡུར་སྐབས་ཁོ་མོས་དཔལ་འབྱོར་འཕེལ་སྐྱེད་གཏོང་སླད་དགོས་ངེས་གོམས་པ་ཁསྤེལ་བཞིན་ཡོད་པ་བརྗོད་འདུག།

རེས་གཟའ་ཕུར་བུའི་ཉིན་ཕྱི་སྲིད་ལས་དོན་གྱི་རང་དབང་བློན་ཆེན་མུ་རཱ་ལི་དྷརན་མཆོག་གིས་ཕྱི་ཟླ་བཅུ་པའི་ཚེས་༢༨ ནས་ཕྱི་ཟླ་བཅུ་གཅིག་གི་ཚེས་༡ རིང་ལྡི་ལི་གྱི་གཙུག་ལག་བལྟི་གནས་ཁང་གི་མགྲོ་་འབོད་ཐོག་སྲིད་དོན་ཚོགས་པ་འདྲ་མིན་གཏོགས་པའི་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་མི་༢༧ རྒྱ་གར་ལ་ཕེབས་པ་འགྲེལབརྗོད་གནང་འདུག། རྒྱ་གར་དུ་གཟིགས་སྐོར་ཕེབས་པའི་ཡོ་རོབ་གྲོས་ཚོགས་ཚོགས་མི་རྣམས་ཀྱིས་རྒྱ་གར་ལ་འཇིག་སྐུལ་དྲག་སྤྱོད་ཀྱིས་གནོད་སྐྱོན་ཇི་ལྟར་བཟོས་པ་ཤེས་སླད་ཀཤ་མིར་དུ་གཟིགས་སྐོར་དུ་ཕེབས་པའི་འདོད་པ་བརྗོད་པ་བཞིན་སྔར་ཕྱི་རྒྱལ་གནས་ཡོད་མི་སྣ་ཕེབས་པ་བལྟར་གོ་སྒྲིག་གནང་འདུག། བློན་ཆེན་མཆོག་གིས་ཡོ་རོབ་འགོ་ཁྲིད་རྣམས་ཀྱི་ཀཤ་མིར་གཟིགས་སྐོར་སྐབས་འཇིག་སྐུལ་དྲག་སྤྱོད་ཀྱིས་དབུས་འཛིན་མངའ་སྡེ་ཇ་མུ་ལཤ་མིར་གཙོ་བྱེད་པའི་རྒྱ་གར་དུ་ཉེན་ཁ་ཇི་ལྟར་བཟོས་པ་ཤེས་རྟོགས་བྱུང་ཡོད་པ་འགྲེལ་བརྗོད་གནང་འདུག། ད་ལན་གྱི་ཕྱི་རྒྱལ་འགོ་ཁྲིད་རྣམས་ཀྱི་གཟིགས་སྐོར་ནི་རྒྱ་གར་གྱི་ཕྱི་སྲིད་སྲིད་བྱུས་དང་མཐུན་ཞིང་རྒྱལ་ཁབ་གཞན་དང་འབྲེལ་ལམ་གོང་འཕེལ་གཏོང་བར་ཕན་ནུས་ཆེན་པོ་སྒྲུབ་ནུས་པ་བརྗོད་དོ།