ཤྲིལངྐའི་སྲིད་འཛིན་རྒྱ་གར་དང་འབྲེལ་ལམ་གོང་འཕེལ་གཏོང་ཕྱིར་རྒྱ་གར་གཟིགས་སྐོར་དུ་ཕེབས་པ།

ཤྲིལངྐའི་སྲིད་འཛིན་ནམ་སྲིད་བློན་གསར་པ་འོས་འདེམས་འགན་འཁུར་བཞེས་རྗེས་རྒྱ་གར་དུ་གཞུང་འབྲེལ་གཟིགས་སྐོར་དང་ཤོས་སླེབས་པ་རྒྱུན་ལྡན་དང་མི་འདྲ་བ་མིན། དེ་ལྟར་སྔ་དུས་སུ་བྱུང་མྱོང་ཡོད།ཡིན་ནའང་ད་ལན་སྐུ་ཞབས་གྷོ་ཏཱ་བྷ་ཡ་ར་ཇཱ་པཀ་སི་མཆོག་གིས་ཤྲིལངྐའི་སྲིད་དབང་འགན་འཛིན་བཞེས་ནས་ཉིན་བཅུ་དངོས་རྗེས་དུ་ཕྱི་རྒྱལ་གཟིགས་སྐོར་ཐོག་མ་རྒྱ་གར་དུ་ཕེབས་པར་ཛ་དྲག་དང་རེ་སྒུག་ཆེན་པོ་ཚོར་བ་ཤུགས་ཆེ་ཡོད་འདུག།

ཤྲིལངྐས་ནམ་རྒྱུན་བཞིན་རང་རེའི་ཁྱིམ་མཚེས་རྒྱལ་ཁབ་ལྷན་དུ་མཐུན་འབྲེལ་བཟང་པོ་ཡོད་ཀྱང་ད་ལན་ངོས་གཉིས་ཀྱིས་དངོས་དོན་དམིགས་པའི་ཐོག་ནས་དོན་དམ་རེ་བ་བྱེད་དགོས་པའི་ཚོར་བ་མུ་མཐུད་བྱུང་འདུག། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཌོཀ་ཊར་ཨེས་ཇེ་ཤན་ཀར་མཆོག་ནི་ཤྲིལངྐར་གཞུང་འབྲེལ་མཛད་འཆར་དུ་ཕེབས་མཁན་ཐོག་མ་ཡིན་ཞིང་ཁོ་བོས་ཤྲིལངྐའི་འོས་བསྡུ་སྒྲུབ་ནས་ཉིན་ཤས་རྗེས་སྲིད་འཛིན་མཆོག་རྒྱ་གར་དུ་མགྲོན་འབོད་གབང་འདུག། བློན་ཆེན་མཆོག་གིས་རྒྱ་གར་གྱི་ངོས་ནས་འོས་བསྡུའི་མཚམས་འདྲི་ཞུས་སྟེ་སྲིད་བློན་མོ་དྷི་མཆོག་གིས་རྒྱ་གར་ལ་མགྲོན་འབོད་ཀྱི་གཞུང་འབྲེལ་གཏོང་ཡིག་ཕུལ་འདུག། སྲིད་བློན་མོ་དྷི་མཆོག་གི་བྱ་སྤྱོད་ལ་ལན་འཇལ་དུ་ཤྲིལངྐའི་སྲིད་འཛིན་མཆོག་གིས་སྲིད་བློན་མོ་དྷི་མཆོག་རྒྱ་གར་དུ་མགྲོན་འབོད་གནང་འདུག། སྲིད་བློན་མཆོག་གི་ཤྲིལངྐའི་གཟིགས་སྐོར་གྱི་ཞིབ་ཕྲ་རིམ་པའི་ཉེ་དུས་སུ་གསལ་པོ་ཆགས་ཐུབ།

ངོས་གཉིས་ཀའི་ཛ་དྲག་གི་ཚོར་བ་ནི་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་འདས་པའི་ཚོར་སྣང་གིས་བཙོན་པ་མ་འགྱུར་བ་ངེས་བརྟན་བཟོས་རྒྱུ་ཡིན་འདུག། དེ་ལྟ་བུའི་ཚོར་སྣང་གཙོ་སྔར་ཤྲིལངྐས་LTTEཁ་གཏད་དུ་དམག་འཁྲུག་བྱུང་བའི་སྐབས་སུ་ཡིན་འདུག། སྐབས་དེར་ཤྲིང་ལངྐའི་སྲིད་འཛིན་སྐུ་ཞབས་མ་ཧིན་དྷ་ར་ཇ་པཀ་ས་ཡིན་སྐབས་སྐུ་ཞབས་གྷོ་ཏ བྷ་ཡ་ར་ཇཱ་པཀ་ས་མཆོག་རྒྱལ་སྲུང་དྲུང་ཆེ་ཡིན། སྐབས་དེར་རྒྱ་གར་གྱིས་ཤྲིལངྐའི་དམག་འཁྲུག་ལ་རྒྱབ་སྐྱོར་ཆ་ཚང་གནང་བའི་དུས་མཉམ་སུ་ཏ་མིལ་མང་ཚོགས་ཀྱི་བདེ་སྡུག་ལ་དོ་སྣང་གནང་གིས་སྟེ་དྲང་བདེན་གྱི་མཐུན་གྲོས་ཐོབ་པའི་འབོད་སྐུལ་ཞུས་ཡོད།

ད་ལན་ཤྲིལངྐའི་སྲིད་བློན་མཆོག་གི་རྒྱ་གར་གཟིགས་སྐོར་སྐབས་གཅིག་སྒྲིལ་ཤྲིལངྐ་ནང་ཏ་མིལ་མང་ཚོགས་ལ་དྲང་བདེན་ཆ་ཤས་ཀྱི་གནས་དོན་ནི་འགོག་ཏུ་མེད་པའི་གླེང་སློང་བྱུང་ཡོད། ཤྲིལངྐའི་གཞུང་གིས་གནའ་སྐབས་ཏ་མིལ་ཊའི་གྷར་དང་དམག་འཁྲུག་མཚམས་འཇོག་གི་ལས་འགུལ་སྐབས་ཏ་མིལ་མང་ཚོགས་ལ་གཅིག་སྒྲིལ་ཤྲིལངྐར་ཏ་མིལ་མང་ཆོགས་ལ་དྲང་བདེན་གྱི་བགོ་བཤའ་ཡི་ཁེ་ལན་གནང་ཡང་ད་བར་སྒྲུབ་འབྲས་ལྡན་པ་བྱུང་མེད། རྒྱ་གར་གྱིས་གནད་དོན་དེའི་ཐོག་རང་རེའི་ཁ་ཕྱོགས་བསྐྱར་ནན་བྱས་འདུག། སྲིད་འཛིན་ར་ཇཱ་པཀ་སེ་མཆོག་གིས་ཁོ་བོ་ཤྲི་ལངྐར་སྣ་མང་མི་རིགས་སིན་ཧ་ལིའི་འོས་ཤོག་རྒྱབ་སྐྱོར་ཐད་སྲིད་འཛིན་འོས་བསྡུ་ཐོབ་ཡང་གྲངས་ཉུང་མི་རིགས་ཏ་མིལ་དང་ཁ་ཆེ་རྣམས་ལ་དྲང་བདེན་གྱི་ཐོབ་ཐང་ཐོབ་པར་འབད་པ་བརྗོད་འདུག། སྲིད་འཛིན་མཆོག་གིས་དེ་དང་མཚུངས་བའི་རྒྱ་གར་གྱི་སེམས་འཚབ་ཤེས་རྟོགས་ཐད་ཤྲིལངྐ་དང་རྒྱ་ནག་གམ་པ་ཀིས་ཐན་གཉིས་བར་གྱི་འབྲེལ་ལམ་གྱིས་རྒྱ་གར་ལྷན་དུ་འབྲེལ་ལམ་ལ་གནོད་སྐྱོན་མ་བཟོས་པའི་བསྐྱར་ནན་བརྗོད་འདུག། དེ་བཞིན་ཁོ་བོས་རྩོད་ཉོག་ཅན་གྱི་ཧམ་བྷན་ཊོ་ཊ་གྲུ་ཚུགས་ལས་འཆར་རྒྱ་ནག་ལ་སྦྱིན་པ་དེ་རྣོར་འཁྲུལ་ཤོར་ཡོད་སྲིད་པ་ཁེས་ལེན་གནང་འདུག། དེ་དག་གིས་སྲིད་འཛིན་ར་ཇ་པཀ་སའི་རང་འཁྲི་ལས་འགན་བློ་ཁ་ཡངས་པོའི་ངང་འཁུར་བཞིན་ཡོད་པ་རྟོགས་འདུག།

ངོས་གཉིས་ཀྱི་གཞུང་འབྲེལ་འབྲེལ་ལམ་སྐབས་རྒྱ་གར་གྱིས་རོགས་སྐྱོར་ལས་འཆར་ཆེད་དངུལ་བོན་ཨ་སྒོར་ས་ཡ་༤༥༠ གནང་བའི་མུ་མཐུད་གནང་འདུག། སྤྱིར་རྒྱ་གར་གྱི་རོགས་དངུལ་དེ་རྒྱ་ནག་དང་བསྡུར་ན་གང་ས་ཅི་མིན་ཡིན་ཡང་རྒྱ་གར་གྱིས་ཤྲི་ལངྐར་་རྨང་གཞི་འཛུགས་སྐྲུན་གྱི་ལས་འཆར་ངོས་སུ་ལག་བསྟར་གནང་བའི་གྲངས་འདྲེན་ལེགས་པ་ཡོད། དེ་བཞིན་ཤྲིལངྐའི་མང་ཚོགས་སུ་ལས་འཆར་ཆེ་ཁག་དང་དངུལ་བོན་ཕོན་ཆེན་ནི་ཤྲིལལངྐའི་དཔལ་འབྱོར་ལ་ལེགས་པོ་མོན་པའི་སེམས་འཚབ་ཇེ་ཆར་སོང་བཞིན་ཡོད་འདུག། སྲིད་འཛིན་ར་ཇ་པཀ་ས་མཆོག་གིས་རང་རེའི་སྲིད་འཛིན་དུས་ཡུན་རིང་རྒྱ་གར་དང་ཤྲིལངྐ་གཉིས་ཀྱི་འབྲེལ་ལམ་རྩེ་མོར་སྐྱེལ་བའི་འདོད་པ་ཡོད་བཅས་གསལ་བསྒྲགས་གནང་འདུག། སྲིད་འཛིན་མཆོག་གིས་ངོས་གཉིས་བར་ལོ་རྒྱུས་དང་སྲིད་དོན་གྱི་འབྲེལ་ལམ་སྔ་དུས་ནས་ཆེན་པོ་ཡོད་བཅས་བརྗོད་འདུག། སྲིད་འཛིན་མཆོག་གིས་རྒྱ་གར་དང་ཤྲིལངྐ་གཉིས་ཀྱི་འབྲེལ་ལམ་ལ་ལང་ཕྱོགས་དང་ཤུགས་ནུས་་གསར་པ་ཞིག་འཁྱེར་སྲིད་པའི་མཚོན་དོན་ཡོད་འདུག་གོ།