རྒྱ་གར་དང་ཉི་ཧོང་གཉིས་བར་བློན་ཆེན་གཉིས་གཉིས་དང་གཉིས་ཀྱི་ཆེས་མཐོའི་ལྷན་ཚོགས་ཐོག་མ་ཚུགས་པ།

རྒྱ་གར་དང་ཉི་ཧོང་གཉིས་བར་བློན་ཆེན་གཉིས་གཉིས་དང་གཉིས་ཀྱི་ཆེས་མཐོའི་ལྷན་ཚོགས་ཐོག་མ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚུགས་འདུག། ཉེ་ཧོང་གི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཏོ་ཤི་མི་ཚུ་མོ་ཊར་གྷི་དང་རྒྱལ་སྲུང་བློན་ཆེན་སྐུ་ཞབས་ཏ་རོ་ཀོ་ནོ་གཉིས་ཀྱིས་རྒྱ་གར་གྱི་གོ་གནས་མཉམ་པའི་བློན་ཆེན་ཌོཀ་ཊར་ཨེས་ཇེ་ཤན་ཀར་དང་རྒྱལ་སྲུང་བློན་ཆེན་རཇ་ནཐ་སིང་ལྷན་དུ་གྲོས་མོལ་གནང་འདུག། རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་བློན་ཆེན་གཉིས་དང་གཉིས་ཀྱི་ལྷན་ཚོགས་ཀྱིས་ངོས་གཉིས་བར་གྱི་འབྲེལ་ལམ་གནས་རིམ་སྤོར་བ་དང་རྒྱལ་སྲུང་དང་སྲིད་དོན་འབྲེལ་ལམ་གཏིང་ཟབ་གཏོང་ནུས་བ་ཡིན། རྒྱ་གར་དང་ཉེ་ཧོང་གཉིས་ཀྱི་སྲིད་དོན་འབྲེལ་ལམ་སྤྱི་ལོ་༢༠༠༠ ལོ་ནས་ཟུང་སྦྲེལ་ལས་སྣེ་ལྷན་ཚོགས་བར་གཞུང་འབྲེལ་འགན་དབང་ཐོག་ཚུགས་ཡོད། སྤྱི་ལོ་༢༠༡༠ ནས་ལྷན་ཚོགས་དེ་དྲུང་ཆེའི་གོ་གནས་སུ་གནས་སྤོར་ཀྱང་ད་ལན་བློན་ཆེན་འགན་དབང་གོ་གནས་སུ་བསྒྱུར་ཡོད།

དེ་ལྟ་བུའི་ཆེས་མཐོའི་བློན་ཆེན་གཉིས་དང་གཉིས་ཀྱི་ལྷན་ཚོགས་དེ་ཐཔག་མ་རྒྱ་གར་གྱི་སྲིད་བློན་ཨེ་བྷི་ཝཅ་པའི་ཡི་སྲིད་དོན་འགན་དབང་དང་ཉེ་ཧོང་གི་སྲིད་བློན་ཟུར་པ་ཡོ་ཤི་རོ་མོ་རིའི་དུས་ཡུན་སྐབས་ཕྱི་ལོ་༢༠༠༠-༢༠༠༡ སྐབས་ཐོག་མ་གྲོས་ཆར་འདོན་ཡོད། རིམ་པའི་གྲོས་ཆར་དེ་ཇེ་ཆེར་སོང་ཡོད། རྒྱ་གར་དང་ཉེ་ཧོང་གཉིས་ཀྱི་ཟུང་སྦྲེལ་གཏམ་བཤད་དུ་པ་ཀིས་ཐན་ནས་སྟངས་འཛིན་ལའ་འགུལ་སྤེལ་བའི་འཇིག་སྐུལ་དྲག་སྤྱོད་ཀྟིས་མངའ་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་ཉེན་ཁ་ཆེན་པོ་བཟོས་བཞིན་ཡོད་པ་བརྗོད་འདུག། ད་བཞིན་བྱང་ཀོ་རི་ཡར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་གི་ཐག་གཅོད་གཏན་འབེབ་བཞིནགདོང་ཚད་ཆེ་བའི་གཏོར་སྐྱོན་ནུས་པའི་མཚོན་ཆ་དང་སྒྱོགས་མདེལ་སྙོབ་ཚད་ཆ་ཚང་ལྷུ་བཤིག་གཏོང་བར་འབོད་འདུག།

བློན་ཆེན་གཉིས་དང་གཉིས་ཀྱི་ལྷན་ཚོགས་དེ་ཡོངས་འགྱུར་གྱི་རྒྱ་གར་ཉེ་ཧོང་ལོ་ལྟར་ཆེས་མཐོའི་བཀའ་གྲོས་སུ་ཉེ་ཧོང་གི་སྲིད་བློན་ཤུན་ཛོ་ཨེབ་མཆོག་གི་རྒྱ་གར་གྱི་གཟིགས་སྐོར་མ་ཕེབས་གོང་གི་ཟླ་བ་གཅུག་སྔོན་དུ་ཚུགས་ཡོད། རྒྱ་གར་ཉེ་གོང་ལོ་ལྟར་ཆེས་མཐོའི་བཀའ་གྲོས་དེ་སྤྱི་ལོ་༢༠༡༤ ནས་རིམ་པའི་རྒྱ་སྐྱེད་ཕྱིན་ཡོད། རྒྱ་གར་དང་ཉེ་ཧོང་གི་གཞུང་འབྲེལ་འབྲེལ་ལམ་ལ་འགུལ་ཤུགས་ཐོག་མ་སྤྱི་ལོ་༢༠༠༦ ལོར་བྱུང་ཡོད་ ལོ་རྗེས་མ་ཟུང་སྦྲེལ་དམག་སྦྱོང་མཚན་རྟགས་མཱ་ལ་བྷར་དམག་སྦྱོང་ཡིན། ལོ་དེ་ནས་ཟུངལོ་ལྟར་ཉེ་ཧོང་གིས་མཱ་ལ་བྷར་དམག་སྦྱོང་དུ་མཉམ་ཞུགས་གནང་གི་ཡོད།

ལོ་སྔོན་མ་རྒྱ་གར་དང་ཉེ་ཧོང་གི་ས་དམག་གཉིས་ཀྱིས་འཇིག་སྐུལ་དྲག་སྤྱོད་ཁ་གཏད་ཐད་ཟུང་སྦྲེལ་དམག་སྦྱོང་ཐོག་མ་གནང་ཡིན། ངོས་གཉིས་བར་ཟུང་སྦྲེལ་མཁའ་དམག་སྦྱོང་བསྡར་གནང་ཕྱིར་གྲོས་མོལ་འགྲོ་བཞིན་ཡོད་པས་དེ་ལྟར་བློན་ཆེན་གཉིས་དང་གཉིས་ཀྱོ་ཆེས་མཐོའི་ལྷན་ཚོགས་སྐབས་ཡང་གླེང་སློང་བྱུང་ཡོད། ངོས་གཉིས་ཀྱི་མཁའ་དམག་བར་ཟུང་སྦྲེལ་སྦྱོང་བསྡར་མྱུར་དུ་སླེབས་སྲིད་པ་ཡིན།ཉེ་ཧོང་གིས་རྒྱལ་ཁབ་དྲུག་ལྷན་དུ་བློན་ཆེན་གཉིས་དང་གཉིས་ཀྱི་ཆེས་མཐོའི་འབྲེལ་ལམ་གནང་ཀྱང་རྒྱ་གར་གྱིས་ཨ་རི་དང་ཉེ་ཧོང་གཉིས་ལས་གནང་མེད་ཀྱང་འདི་ལོའི་ཕྱི་ཟླ་དགུ་པའི་སྐབས་ཀྱི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་ཟུར་ཆག་ཏུ་ཨ་རི་དང་རྒྱ་གར། ཉེ་ཧོང། ཨོས་ཀྲེ་ལི་ཡ་བཅས་ཀྱི་ཕྱི་སྲིད་བློན་ཆེན་རྣམས་ཀྱི་ནིའུ་ཡོཀ་གྲང་ཁྱེར་དུ་ཕྱོགས་བཞིའི་གྲོས་མོལ་གནང་ཡོད། ཟླ་ཕྱེད་གོང་རྒྱལ་ཁབ་བཞི་ཀས་འཇིག་སྐུཀ་དྲག་སྤྱོད་ཁ་གཏད་ཐོག་དོན་དངོས་སྦྱོང་བསྡར་གནང་སྟེ་ཕྱོགས་བཞི་་ལྡན་པའི་ལྷན་ཚོགས་ལ་སྣུན་ཤུགས་སྤྲོད་ཡོད།

ཉམས་ཞིབ་པས་སྔར་སྲིད་བློན་མོ་དྷི་མཆོག་གི་བྷེན་ཀོཀ་རཡ་ཤར་ཨེ་ཤུ་ཡའི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་སྐབས་རྒྱ་གར་དང་ཞི་བདེ་རྒྱ་མཚོའིགསར་གཏོད་དུ་རྒྱ་མཚོར་རང་དབང་གི་འགུལ་བསྐྱོད། ཞི་བདེ་དང་བརྟན་ཚུགས་བརྗོད་རྐྱེན་གྱིས་ད་ལན་རྒྱ་གར་དང་ཉེ་ཧོང་གཉིས་བར་གྱི་བློན་ཆེན་གཉིས་དང་གཉིས་ཆེས་མཐོའི་ལྷན་ཚོགས་སུ་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ངོས་སུ་ཞི་བདེ་ཉར་ཚགས་ནི་གྲོས་མོལ་སྐབས་ཀྱི་གླེང་གཞི་གཙོ་ཡིན་པ་བསམ་ཚུལ་བརྗོད་བཞིན་ཡོད་འདུག། རྒྱ་གར་དང་ཉེ་ཧོང་གཉིས་ཀྱི་འབྲེལ་ལམ་ནི་མྱུར་ཚད་ཆེ་བའི་མེ་འཁོར་བཟོ་བསྐྲུན་ལྟ་བུའི་ལས་འཆར་མང་པོས་གོང་འཕེལ་འགྲོ་བཞིན་ཡོད། ད་དུང་རྒྱལ་སྲུང་གི་ལས་འཆར་མང་པོ་འབྱུང་བར་ཉེ་བས་ངོས་གཉིས་བར་གྱི་ཡིད་ཆེས་གཏིང་ཟབ་འགྲོ་བཞིན་ཡོད། བློན་ཆེན་གཉིས་དང་གཉིས་ལྷན་ཚོགས་སྐབས་ངོས་གཉིས་ཀྱིས་ཕན་ཚུན་རྒྱལ་སྲུང་མཐུན་འགྱུར་རོགས་རམ་ལ་གྲོགས་བྱེད་པའི་གྲོས་མཐུན་ ACSA མྱུར་དུ་གྲོས་འགྲིག་ཐུབ་པའི་རེ་འདུན་བརྗོད་འདུག། རྒྱ་ནག་གི་ལྷོ་རྒྱ་ནག་མཚོ་ཞེས་པའི་ཚགས་ཤོག་གིས་རྒྱ་གར་དང་ཉེ་ཧོང་གཉིས་བར་གྱི་བློན་ཆེན་གཉིས་དང་གཉིས་ལྷན་ཚོགས་ཐོག་རྩོམ་བྲིས་བྱེད་དེ་རྒྱལ་སྤྱིའི་བཀའ་ཁྲིམས་ལ་ངོས་འཛིན་ལྡན་པ་དང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་མཚོར་ཐག་གཅོད་གཏན་འབེབ་ UNCLOS དང་མཚུངས་པའི་ཁྲིམས་ཐོག་དང་གཞུང་འབྲེལ་དཀའ་རྙོག་ཆ་ཚང་ཞི་མོལ་ངང་སེལ་ནས་རྒྱལ་མཚོར་རང་དབང་ཅན་གྱི་མགུལ་བསྐྱོད་དང་ཚོང་ལས་ཆོག་པ་དགོས་གལ་ཆེ་བ་བཀོད་དོ།