ཨིཛ་རེལ་གྱི་གཞིས་ཆགས་ཁྲིམས་མཐུན་ཆོག་མཆན་སྤྲོད་པ།

མ་ཟིན། འབུམ་རམ་པ་པི་ཨར་ཀུ་མ་ར་སུའ་མི། ནུབ་ཨེ་ཤི་ཡའི་སློབ་གཉེར་བལྟི་གནས་ཁང། ཇེ་ཨེན་ཡུ།

ཨ་རིའི་ཕྱི་སྲིད་བློན་ཆེན་མེཀ་པོམ་པོའི་མཆོག་གིས་གློ་བུར་དང་རེ་དོགས་མེད་པའི་ཐོག་འཛིན་བཟུང་གི་ས་ཁུལ་དུ་་ཨིཛ་རེལ་གྱི་གཞིས་ཆགས་གནས་པའི་ཐོག་གསལ་བསྒྲགས་ནི་རྒྱལ་སྤྱིའི་མང་མོས་བསམ་ཚོར་ལས་ཐ་དད་དུ་ཕྱིན་པ་མ་ཟད་ཕྱི་ལོ་༡༩༦༧ ལོའི་ཕྱི་ཟླ་དྲུག་པའི་དམག་རྗེས་ཨ་རི་ཡི་ཚོགས་པ་གཉིས་ཟུང་སྦྲེལ་གྱི་ཨོཛ་རེལ་པེ་ལེས་ཊེ་ནེན་སྲིད་བྱུས་དེ་མགོ་རྟིང་སློག་འདུག། ཨ་རིའི་སྲིད་བྱུས་དེ་རྒྱུན་མི་བརྟན་པར་སྐྱོན་འཛུགས་བྱས་སྟེ་སྐུ་ཞབས་པོན་པོའི་མཆོག་གིས་ནུབ་ངོགས་སུ་་ཨིཛ་རེལ་ཡུལ་མིའི་གཞིས་ཆགས་ནི་རྒྱལ་སྤྱིའི་ཁྲིམས་ལས་མི་འགལ་ཞིང་ཨིཛ་རེལ་གཞིས་ཆགས་དང་ནུབ་ངོགས་གནས་ཀྱི་གནས་བབས་ནི་ཨིཛ་རེལ་དང་པེ་ལེས་ཊེ་ནེན་མང་ཚོགས་བར་གྲིས་འགྲིག་གི་གཞི་ཡིན་པ་བརྗོད་འདུག།

དེ་ཡང་ཨིཛ་རེལ་མི་སེར་གྱི་གནས་སྡོད་གཞིས་ཆགས་དེ་ནི་སྔར་ལོ་༡༩༦༧ ལོའི་ཕྱི་ཟླ་དྲུག་པའི་དམག་འཁྲུག་རྗེས་སི་ནའི་ཕྱེད་གླིང་ཕྲན། གྷོ་ལན་ཧ་འིཊ། གྷ་ཛ་སི་ཊི་རིཔ། ཤར་ཇེ་རུ་སེ་ལམ་གཙོས་པའི་ནུབ་མཚོ་འགྲམ་གྱི་ས་རྒྱུད་ངོོགས་འཛིན་བཟུང་བྱས་ཞིང་དམག་འཁྲུག་མཇུག་སྒྲིལ་གྱི་ཉིན་ཤས་རྗེས་ཁང་བཟོས་མི་སྡོད་ཀྱི་ལས་གཞི་འགོ་ཚུགས་པ་ཡིན་འདུག། དམག་འཁྲུག་གི་སྔོན་ཇོར་དྷེན་གྱི་དབང་འཛིན་འོག་གནས་པའི་ཇེ་རུ་སི་ལམ་གྱི་ཤར་ཕྱོགས་ངོས་སུ་དམག་སྒྲུབ་རྗེས་ཡཨིཛ་རེལ་གྱི་རང་རེའི་དབང་ཚད་ས་ཕྱོགས་དེར་་རྒྱ་སྐྱེད་བཏང་འདུག། དེ་རྗེས་གྷོ་ལན་ཧ་འིཊ་རུ་ཨིཛ་རེལ་གཞིས་ཆགས་ཐོག་མ་བཟོས་བཀོད་གནང་རྗེས་རིམ་བཞིན་འཛིན་བཟུང་གི་གནས་གཞན་དུ་ལས་གཞི་འདྲ་མཚུངས་བྱས་འདུག།

ད་ལྟའི་ཆར་ཝེསཊ་བྷེཀ་རུ་ཁྲིམས་མཐུན་མཚུངས་པའི་གཞིས་ཆགས་༡༣༠ དང་བཀའ་འཁྲོལ་མེད་པའི་གཞིས་ཆགས་༡༠༠ རུ་ཨིཛ་རེལ་མི་སེར་འབུམ་བཞི་གནས་སྡོད་བྱེད་བཞིན་ཡོད། དེ་མིན་ཤར་ཕྱོགས་ཇེ་རུ་སི་ལམ་དུ་འཇིའུཡི་ཁྱིམ་མཚེས་༡༢ ཡི་ཉེ་འགྲམ་དུ་ཕྱི་ལོ་༡༩༦༨ ཕྱི་ཟླ་དྲུག་པའི་ས་མཚམས་ལས་རྒལ་ནས་ཨིཛ་རེལ་མི་འབོར་འབུམ་གཉིས་ཙམ་གནས་བཞིན་ཡོད། དེ་བཞིན་ཨེཛ་རེལ་མི་སེར་སྲོང་ཕྲག་༢༢ ཙམ་གྷོ་ལམ་ཧ་འིཊ་རུ་གཞིས་ཆགས་༣༢ ཐོག་གནས་སྡོད་བྱེད་བཞིན་ཡོད།

གཞིས་ཆགས་དེ་ཚོས་ཨ་རབ་ཁྱིམ་མཚེས་ལྒན་དུ་ཨིཛ་རེལ་གྱི་ཞི་བདེ་གོ་སྒྲིག་གནང་བར་བྱེད་སྒོ་ཆེན་པོ་སྤེལ་བཞིན་ཡོད། ཨི་ཇིབ་ལྷན་དུ་ཀེམ་ཌེ་ཝིཊ་གྲོས་མཐུན་གྱིས་སི་ནའི་པེ་ནེན་སུ་ལ་ནས་ཨིཛ་རེལ་མི་སེར་ཕྱིར་འདོན་ཐུབ་པ་དང་ཕྱི་ལོ་༡༩༨༢ ལོར་ཡ་མིཊ་རུ་ཨིཛ་རེལ་གཞིས་ཆགས་རྩ་གཏོར་གཏོང་ཐུབ་པ་བྱུང་ཡོད། དེ་དང་འདྲ་མཚུངས་ཀྱི་ལས་གཞི་ཕྱིནལོ་༢༠༠༥ ཕྱི་ཟླ་བརྒྱད་པར་གྷ་ཛ་སི་ཊི་རཔ་རུ་ཕྱོགས་གཅིག་ཁོ་ནའི་ཕྱིར་འཐེན་བརྒྱུད་ཨིཛ་རེལ་མི་སེར་བརྒྱང་སྟོང་ལྷག་གཞིས་ཆགས་འདྲ་མིན་༢༡ ནས་ཕྱིར་འཐེན་བྱས་ཡོད། ཕྱི་ལོ་༡༩༩༠ ཡི་རྗེས་འདས་ལོར་ཨིཛ་རེལ་གྱིས་སི་རི་ཡའི་རྒྱལ་ས་ལ་རྩི་མེད་གཏོང་ཞིང་རང་ཉིད་ཀྱི་སྲིད་དོན་ལ་ཁེས་ཕན་ཅན་གྱི་མ་འུནཊ་ཧར་མན་གྲོང་ཁྱེར་ཕྱིར་སློག་སྤྲོད་པར་མུ་མཐུད་མ་གནང་སྟེ་ཨིཛ་རེལ་དང་སི་རི་ཡ་གཉིས་བར་གྱི་གཞིས་ཆགས་ཕྱིར་སློག་གྲོས་མཐུན་འདོར་འདུག།

ཨིཛ་རེལ་གྱི་སྲིད་དོན་ཚོགས་པ་ཕལ་མོ་ཆེས་འཛིན་བཟུང་གི་ས་ཁུལ་དཡ་གཞིས་ཆགས་རྒྱ་སྐྱེད་གཏོང་བའི་ལས་གཞིར་གྲོགས་བྱས་ཡོད། འདས་པའི་ལོ་ཤས་ནང་གཞིས་ཆགས་དེ་ཡི་མི་འབོར་དེ་ནི་ཨིཛ་རེལ་ཤར་ཁ་སྲིད་དོན་ཚོགས་པའི་རྒྱབ་སྐྱོར་བ་གཙོར་བསྒྱུར་ཡོད།

གཞིས་ཆགས་ནི་ཨིཛ་རེལ་དང་པེ་ལེས་ཊེེ་ནེན་གཉིས་བར་གྱི་གྲོས་མོལ་སྐབས་འགག་རྡོ་ཆེ་ཤོས་ཞིག་ཡིན། གཞིས་ཆགས་དེར་ཨིཛ་རེལ་གྱི་མང་ཚོགས་ལ་སློབ་གྲྭ། སྨན་ཁང། ལས་ཀའི་གོ་སྐབས། ཁྲོམ་ར་ཆེ་བ་དང་ཉེན་སྲུང་གོ་མཐུན་རྐྱེན་སྦྱོར་བ་དང་གཞུང་ལམ་བཟོ་བསྐྲུན་གྱིས་པེ་ལེས་ཊེ་ནེན་གྱི་ས་གཞིའི་བདག་དབང་འཕྲོག་འཁྱེར་མཚོན་གྱི་ཡོད། འགོ་སྟོད་དུ་གཞིས་ཆགས་ཁག་པེ་ལེས་ཊེ་ནེན་མི་འབོར་གྱི་བལྟི་གནས་ནས་ཕ་རོལ་དུ་བཟོ་བཀོད་བྱས་ཡང་རིམ་བཞིན་པེ་ལེས་ཊེ་ནེན་གྲོང་སྡེ་དང་གྲོང་གསེབ་ཀྱི་ཉེ་འཁོར་དུ་བཟོས་བསྐྲུན་གནང་འདུག།

པེ་ལེས་ཊེ་ནེན་གྱི་རེ་འདོོད་ཀྱི་ལྡོག་ཕྱོགས་སུ་གཞིས་ཆངས་རྒྱ་སྐྱེད་ཀྱི་ལས་གཞི་ཇེ་དལ་དུ་མ་སོང་བར་ལོ་རྒྱུས་ཅན་གྱི་ཨ་རིར་ངོས་གཉིས་ཀྱི་གྲོས་འགྲིག་མུ་མཐུད་རྗེས་གཞིས་ཆགས་དང་གནས་སྡོད་མི་མང་ཇེ་མང་དུ་སོང་ཡོད། ཨིཛ་རེལ་གྱིས་པེ་ལེས་ཊེ་ནེན་གྲོང་ཁྱེར་ལས་ཕྱིར་བསྡུས་བྱས་ཡང་ཨིཛ་རེལ་གྱི་བདག་དབང་འོག་ས་གཞུ་ཇེ་མང་དུ་སོང་ཡོད། ཨིཛ་རེལ་གཞིས་ཆགས་གྱིས་ས་བབས་ཆ་ཚང་པེ་ལེས་ཊེན་མི་འཙོར་བལྟི་གནས་ནས་ཉེ་འགྲམ་དུ་སླེབས་སྟེ་པེ་ལེས་ཊེ་ནེན་རྒྱལ་ཁབ་ཀྱི་ས་བདག་དབང་འཛིན་ཉམས་རྒུད་ཕྱིན་ཡོད།

དུས་ཡུན་རིང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨིཛ་རེལ་གཞིས་ཆགས་དེ་ཇི་ནི་ཝ་མཐུན་གྲོས་ཐེངས་བཞི་པའི་ཐག་གཅོད་གཏན་འབེབ་ལ་བརྩི་མེད་གཏོང་བ་ངོས་འཛིན་གང་བཞིན་ཡོད། ཕྱི་ལོ་༢༠༠༤ ལོར་རྒྱལ་སྤྱིའི་ཁྲིམས་ཁང་གི་ཁྲིམས་ཐག་ཏུ་ཨིཛ་རེལ་གཞིས་ཆགས་རྣམས་ཁྲིམས་འགལ་དུ་ངོས་འཛིན་བྱས་ཡོད།

ཊ་རམ་གཞུང་གི་ཨིཛ་རེལ་གཞུས་ཆགས་ཀྱི་སྲིད་བྱུས་གནས་སྤོས་དེ་ཨིཛ་རེལ་གྱི་རྒྱལ་ས་ཇེ་རུ་ས་ལམ་དང་གྷོ་ལན་ཧ་འིཊ་ཨིཛ་རེལ་གྱི་ས་བདག་དབང་འཛིན་དུ་ངོས་ལེན་གནང་བའི་དམག་དཔུང་གི་མཐའ་སྐོར་བའི་སྲིད་བློན་བྷེན་ཇ་མེན་ན་ཏེན་ཡ་ཡུའི་རྒྱབ་སྐྱོར་ཐོག་རྩོད་རྙོག་ཅན་གྱི་ཐག་གཅཔད་རྗེས་སླེབས་འདུག། ཕྱི་ཟླ་བཞི་པ་དང་དགུ་པ་གཉིས་སུ་ཀེ་ནེ་སེཊ་འོས་བསྡུ་ཐེངས་གནང་ཡང་ཨིཛ་རེལ་དུ་གཞུང་འཛིན་ཐུབ་པ་བྱུང་མེད། སྲིད་བློན་ནེ་ཏེན་ཡ་འུ་མཆོག་ལ་ལྐོག་བཟས་དང་ངན་པ་བརྒྱུད་ལས་ཀྱི་ཉེས་འཛུགས་ཕོག ཡང་ཁོ་བོས་གཞུང་རྗེས་མ་གསར་བཟོ་གནང་བ་འདོད་དེ་ཇོར་དྷེན་ལུང་གཤོངས་མཐུད་སྦྱོར་གཏོང་བར་འདོད་པ་བརྗོད་འདུག། ཊ་རམ་གཞུང་གིས་ཐག་གཅོད་གསལ་བསྒྲགས་ཀྱི་ཉིན་ཤས་རྗེས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའོ་ཚོགས་ཆེན་ཀྱིས་པེ་ལེས་ཊེ་ནེན་གྱི་རང་ཉིད་མཚན་ཉིད་ཆོག་པའི་རང་དབང་ཐད་གྲོས་ཆོད་ལག་བསྟར་གནང་འདུག། རྒྱ་གར་གཙོས་པའི་རྒྱལ་ཁབ་༡༦༥ ཡིས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ལ་ཁས་ལེན་འོས་གནང་ཞིང་ཨ་རི། ནའི་རུ། མའི་ཀོ་རོ་ནེ་ཤི་ཡདང་མར་ཤལ་མཚོ་གླིང་བཅས་ཀྱིས་ཨིཛ་རེལ་ལ་རྒྱབ་སྐྱོར་གནང་ཡོད།

རྒྱ་གར་ནི་རང་དབང་དང་འཚོ་གནས་ཐུབ་པའི་པེ་ལེས་ཊེ་ནེན་རྒྱལ་ཁབ་ཞུག་ཨིཛ་རེལ་ལྷན་དུ་ཞི་བདེ་དང་སྲུང་སྐྱོབ་ཐོག་མཉམ་གནས་གནང་ཐུབ་པའི་རྒྱབ་སྐྱོར་འདོད་མཁན་རྒྱལ་ཁབ་ཞིག་ཡིན་ནོ།