ཨི་རག་དཀའ་ཉན་ཆེན་པོ་ལས་བྲལ་ཐབས་དཀའ་བར་ལུས་པ།

མ་ཟིན། ཌོཀ་ཊར་མོ་ཧོ་མདྷ་མུ་དྷ་སིར་ཀུ་མར། ནུས་ཨེ་ཤི་ཡའི་སྲིད་དོན་ཉམས་ཞིབ་པ།

ཟླ་བ་གཉིས་ལྷག་རིང་ཨི་རག་གི་ན་གཞོན་ཚོས་རང་རྒྱལ་དུ་ངན་པ་བརྒྱུད་སླད་དང་ལྐོག་བཟས། ཨ་རི་དང་ཨི་རན་གཉིས་ཀྱིས་རང་ཁྱིམ་སྲིད་དོན་དུ་ཐེ་གཏོགས་ཀྱི་ཁ་གཏད་དུ་ངོ་རྒོལ་བྱེད་བཞིན་ཡོད། ཨི་རག་གཞུང་ཁ་གཏད་དུ་ངོ་རྒོལ་རྣམས་ཞི་བའི་བརྩིས་མེད་རྡོག་རོལ་ལས་འགུལ་རྒྱ་ཆེད་དུ་བསྒྱུར་སྟེ་གྲོང་ཁྱེར་ཆེ་ཁག་ནཱ་ཕཇ། ཀར་བྷ་ལཱ། བྷས་རཱདང་བྷག་དྷཏ་བཅས་སུ་ཚོགས་འདུས་ཚུགས་ཡོད། གནས་ཚུལ་མཁོ་གཏོང་ཁག་གིས་ཉེན་སྲུང་དམག་དཔུང་དང་གྲགས་ཅན་དམག་སྐུལ་དཔུང་ཚོགས་PMF ལ་ཕྱོགས་སྒྲིལ་གནང་བའི་གླད་དམག་རྣམས་ IRGC  ལ་གུས་ཞེན་ཅན་གྱིས་ངོ་རྒོལ་བའི་ཁ་གཏད་དུ་རྒོལ་འཛིངས་ཀྱི་མི་༤༠༠ ལྷག་གསོད་ཡོད་པ་གོ་ཐོས་ཡོད་འདུག།

གཟའ་པ་སངས་སྔོན་མར་དབང་ཤུགས་ཅན་གྱི་སེར་མོ་བ་ཨ་ཡཱ་ཏོ་ལྷ་ཨ་ལི་ཨལ་སིས་ཏ་ནི་མཆོག་གིས་གྲོས་ཚོགས་སུ་དབུས་གཞུང་ལ་རྒྱབ་རྟེན་ཕྱིར་འཐེན་གནང་བའི་འབོད་སྐུལ་ཞུས་རྗེས་ ལསྲིད་བློན་ཨ་བྷརལ་ཨབ་རྡུལ་མེཧ་དྷི་མཆོག་གིས་ལས་འགན་ལས་རྩ་དགོངས་ཞུས་འདུག། ཉིན་གཉིས་རྗེས་གྲོས་ཚོགས་ཀྱིས་སྲིད་བློན་མཆོག་གི་རྩ་དགོངས་ངོས་ལེན་གནང་སྟེ་སྲིད་འཛིན་མཆོག་ལ་སྲིད་བློན་གསར་པ་བསྐོ་འཛུགས་གནང་བར་འབོད་འདུག། དེ་ལྟ་ནའང་ཨི་རག་ཏུ་དམ་གུད་མེད་པ་མུ་མཐུད་ངོ་རྒོལ་འགྲོ་ཞིང་ངོ་རྒོལ་ལས་འགུལ་བྷག་དྷཏ་ཡི་ཏཉཧ་རིར་ཁྱམས་ར་གྲུ་བཞིར་གནས་སྤོས་འགྲོ་བཞིན་ཡོད་འདུག། ཨ་རིས་ཕྱི་ལོ་༢༠༠༣ ལོར་ཨི་རག་དུ་དམག་འཁྲུག་རྒྱག་ནས་བཟང་ད་ལྟ་བར་ཆོས་ལུགས་ཀྱི་ཟིང་འཁྲུག་དང་མི་སེར་ནང་འཁྲུག་གིས་མནར་བཞིན་ཡོད། འོས་བསྡུ་མུ་མཐུད་གནང་ཡང་སྲིད་དོན་ཞི་བརྟན་མ་ཐོབ་པར་ལུས་ཡོད། ཨུ་རག་རྒྱལ་སྤྱིའི་ཁྲོམ་རྭར་སྣུམ་གྱི་སྐྱེལ་འདྲེན་པ་གཙོ་ཆེ་དུ་འགྱུར་ཡང་མུ་མཐུད་དཔལ་འབྱོར་དཀའ་རྙོག་གིས་མནར་བཞིན་ཡོད། མང་ཚོགས་ཀྱི་དཀའ་རྙོག་དེ་གཞུང་གི་མ་དངུལ་འཛིན་སྐྱོང་སྐྱོན་ཅན་དང་སྲིད་དོན་གོ་རིམ་དུ་ངན་པ་བརྒྱུད་ལས་དང་ལྐོག་བཟས་སུ་སྐྱོན་འཛུགགས་གནང་འདུག།

ཨ་རབ་ས་པི་རིདྒ་ཀྱི་རྗེས་འབྲས་སུ་འབྱུང་བའི་ཟིང་འཁྲུག་གིས་ཨི་རག་དཀའ་རྙོག་ལས་ཐར་བར་ད་དུང་དཀའ་བར་བཟོས་ཡོད། ཕྱི་ལོ་༢༠༡༣-༡༤ ལོར་འཇིག་སྐུལ་དྲག་སྤྱོད་ཚོགས་པ་ ISIS ཡར་འབུར་འདོན་པས་ཨི་རག་གི་ས་ཁུལ་ཆེ་ཁག་དབང་བསྒྱུར་བྱས་པས་རྒྱལ་ཁབ་རྡིབ་ལྷུང་འགྲོ་འཚམས་སུ་སླེབས་མྱོང་ཡོད། མོ་སུལ་ལྷུང་བ་དང་༢༠༡༧ ཕྱི་ཟླ་བཅུ་གཉིས་སུ་དྷ་ཨིཤ་ཕམ་ཉེས་ཤོར་ཡང་མང་ཚོགས་ཀྱི་དཀའ་ངལ་སེལ་བར་ཕན་ནུས་སྒྲུབ་ཐུབ་པ་བྱུང་མེད་པ་ཡིན་འདུག།

ཕྱི་ལོ་༢༠༡༨ ཟླ་བ་ལྔ་པར་ཚུགས་པའི་གྲོས་ཚོགས་འོས་བསྡུས་ཨི་རག་ཏུ་དུས་རབས་གསར་པ་ཕོ་ཉ་བྱེད་དེ་ཁྱབ་གདལ་ཆེ་བའི་ངན་པ་བརྒྱུད་ལས། ལས་ཀ་མ་ཐོབ་པ། སྲིད་དོན་ཚོར་མེད། དང་ཆོས་ལུགས་ཀྱི་དངངས་འཚབ་མཐའ་མཚམས་འཇོག་བའི་རེས་འདུན་བྱས་ཡོད། ཡིན་ནའང་འོས་བསྡུ་དེས་མང་མོས་ཐག་གཅོད་གས་ཆག་ཅན་ཐོན་སྟེ་གཞུང་བཟོ་ལ་ཕྱི་བཤོལ་ཤོར་ཡོད། གྲོས་ཚོགས་གསར་དུ་འོས་འདེམས་གནང་བར་གཞུང་གསར་པ་འཛུགས་པ་ཟླ་བ་ལྔ་སྒོར་ཡོད། ཕྱི་ལོ་༢༠༡༨ ཟླ་བ་བཅུ་པར་གཞུང་འཛིན་གནང་མཁན་སྐུ་ཟབས་ཨ་དྷེལ་ཨབ་རྡུལ་མེཧ་དྷི་ཡིས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་ཐབས་འབད་ཀྱང་གྲུབ་འབྲས་ཐོན་ཐུབ་པ་བྱུང་མེད།

གནས་དོན་གཞན་ཞིག་ནི་ཨི་རག་སྲིད་དོན་དུ་ཨི་རན་གྱི་ཐེ་འདོགས་ལ་ན་གཞོན་ཚོས་མི་འདོོད་པ་ཡིན་འདུག། ཕྱི་ལོ་༢༠༠༣ ལོར་ས་དྷཀ་ཧུ་སེན་གྱི་སྲིད་ལུགས་ཤོར་རྗེས་ཨི་རག་དུ་ཨི་རན་གྱི་སྲིད་དོན་དང་དམག་དཔུང་ཤེད་ཤུགས་ཅན་གྱིས་དབང་ཚད་ཆེ་བར་བསྒྱུར་ཡོད། དེ་བཞིན་བྷག་དྷཏ་རཡ་ཨ་རིས་སྣོན་ཤུགས་ཤུགས་ཆེ་སྤྲོད་བཞིན་ཡོད་པ་མ་ཟད་སའུ་དྷི་རྒྱལ་པོས་ཀྱང་སྣོན་ཤུགས་སྤྲོད་བཞིན་ཡོད། ཨི་རག་མང་ཚོགས་ཀྱི་མིག་ཏུ་ཨ་རིའི་སྣོན་ཤུགས་ཤུགས་ཆེ་དང་ཨི་རན་གྱིས་ཨི་རག་ཏུ་གཞུང་བརྟན་པོ་འཛུགས་པར་འགོག་རྐྱེན་གྱིས་ངོ་རྒོལ་བས་ཕྱོགས་གཉིས་ཀར་མི་དགའ་བ་འགྱུར་ཡོད། ཨི་རག་ལ་སྣུམ་གྱི་མཛོད་མང་ཞིང་རྒྱལ་སྤྱིར་སྣུམ་གྱི་སྐྱེལ་འདྲེན་པ་ཆེ་ཤོས་ཡིན་འདུག། ཕྱི་ལོ་༢༠༠༨ ལོར་ཨི་རག་གིས་སའུ་དྷི་རྒྱལ་སྤྱིའི་སྣུམ་འོར་འདྲེན་དུ་འགབ་རྗེས་ཟིན་རྗེས་རྒྱ་གར་གྱིས་ཡང་ཨི་རག་ནས་སྣུམ་ནང་འདྲེན་གནང་བཞིན་ཡོད། སྤྱི་ལོ་༢༠༡༨-༡༩ ལོར་རྒྱ་གར་གྱིས་ཨི་རག་ནས་སྣུམ་རིན་ཐང་ཨ་སྒོར་ཐེར་འབུམ་༢༢.༣ ནང་འདྲེན་བྱས་ཞིང་རྒྱ་གར་གྱི་ཁྱོན་སྣུམ་ནང་འདྲེན་ནས་བརྒྱ་ཆ་༡༣ མ་ཟིན་ཙམ་ཡིན། རྒྱ་གར་གྱིས་ཨི་རག་གི་གནས་སྟངས་ལེགས་པར་ཉམས་ཞིབ་གནང་དགོས་པ་ཡིན་འདུག། རྒྱ་གར་གྱི་རྒྱལ་སྤྱིའི་གནས་སྟངས་མ་ཉམས་ཞིབ་གནང་ནས་རང་རེའི་སྣུམ་གྱི་འབྱུང་ཁུངས་མི་འདྲ་བ་ཁྱབ་གདལ་གཏོང་ཡོད། ཨི་རག་གཞུང་གིས་ངོ་རྒོལ་བར་ཞི་བདེ་ངང་འདུལ་སེ་མི་ཐུབ་པས་རྩོད་ཉོག་ཇེ་ཆེར་སོང་ཡོད། ཨི་རག་ད་ལྟའི་ཆར་དཀའ་རྙོག་ཆེན་པོར་ལྷུང་བཞིན་ཡོད་པས་དེ་དག་ལས་བྲལ་བར་ཐབས་ལམ་ལེགས་པར་འཚོལ་དགོས་སོ།