05.12.2019

རྒྱ་གར་གྱི་གསར་འགྱུར་ཁག་དཔྱད་ཞིབ།

མ་ཟིན། པ་ཌམ་སིང། རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་གི་གསར་འགྱུར་དཔྱད་ཞིབ་པ།

རྒྱ་གར་གྱི་ཚགས་ཤོག་ཁག་གིས་རྒྱ་གར་གཞུང་གིས་ཨེ་སི་ཨན་རྒྱལ་ཚོགས་ལྷན་དུ་ལོ་མང་གོ་བསྡུར་གནང་ནས་ཐག་གཅོད་གཏན་འབེབ་ཉ་བའི་་ཨི་སི་པི་གྲོས་མཐུན་ལས་ཕྱིར་འཐེན་གནང་བའི་ཐག་གཅོད་ལ་དགའ་བསུ་ཞུས་འདུག། ཐག་གཅོད་དེ་ཡིས་རྒྱ་གར་གྱི་བཟོ་ཚོང་ཁང་ཚུང་ངུ་མང་པོར་ངལ་སེལ་རོགས་རམ་བྱེད་ཀྱི་ཡོད། རྒྱ་གར་གྱིས་ཚགས་ཤོག་ཁག་གིས་དབུས་བློན་ཆེན་སི་མྲི་ཏི་ཨི་ར་ནི་མཆོག་གིས་རྒྱ་གར་ལ་བཟོ་ལས་ཞབས་ཞུ་ཁང་གསར་འཛུགས་གནང་སའི་ལྟེ་གནས་རྒྱལ་ཁབ་ཞིག་ཏུ་འགྱུར་སྐབས་བུད་མེད་གཙོ་བྱེད་པའི་ད་དུས་ནས་སྒྱུ་རྩམ་སྦྱོང་བསྡར་གནང་བར་འབོད་འདུག། པ་ཀིས་ཐན་དུ་ཆབ་སྲིད་ཀྱི་སྐྱོན་འཛུགས་དང་ཁ་བརྡུང་རྣམས་པར་སྐྲུན་ཚགས་ཤོག་ཁག་གིས་གོ་བསྡུར་གནང་འདུག།

ཨེ་ཤི་ཡན་དུས་བབས་ཚགས་ཤོག་གི་གླེང་བརྗོད་དབུས་གཞུང་གིས་ཨར་སི་ཨི་པི་གྲོས་མཐུན་ལས་ཕྱིར་བསྡུས་ཐོག་འགོག་མེད་དཔལ་འབྱོར་དང་རང་རྒྱལ་ཚོང་ལས་ཉེན་སྲུང་གཉིས་བར་གྱི་བགྲོ་གླེང་ནི་གསར་པ་མིན། ཉེ་ཆར་རེས་གཟའ་ཟླ་བའི་ཉིན་རྒྱལ་ཁབ་བཅུ་ལྔས་མང་འཁུལ་ཡོངས་ཁྱབ་ཚོང་ལས་ཟླ་རོགས་ཀྱི་གྲོས་མཐིན་མུ་མཐུད་གནང་ཡང་དུས་ཚོད་མཐའ་མར་རྒྱ་གར་གྱིས་གྲོས་མཐུན་ལས་ཕྱིར་བསྡུས་བྱས་རྗེས་རྒྱལ་ཁབ་ཕན་ཚུན་བར་འགོག་མེད་ཚོང་ལས་དད་རང་རྒྱལ་ཚོང་ལས་ཉེན་སྲུང་གྱི་བགྲོ་གླེང་གི་གྲིབ་ནག་སླེབས་ཡོད། རྒྱ་གར་གྱི་གྲོས་མཐུན་གྲོས་འགྲིག་སྐབས་མཉམ་ཞུགས་གནང་ཡང་སྲིད་བློན་ན་རེན་དར་མོ་དྷི་མཆོག་གིས་བྷེན་ཀོཀ་རུ་ཚུགས་པའི་ཨར་སི་ཨི་པི་ལྷན་ཚོགས་སུ་རྒྱ་གར་གྱི་སེམས་ཚབ་རྣམས་ངེལ་སེལ་གནང་མེད་པར་བརྟེན་གྲོས་མཐུན་ལས་ཕྱིར་བསྡུས་གནང་རྒྱུ་ཡིན་བཅས་དུས་ཚོད་མཐའ་མཚམས་སུ་གསལ་བསྒྲགས་གནང་འདུག། ཕྱི་ལོ་༢༠༢༠ ལོར་ཨར་སི་ཨི་པི་གྲོས་མཐུན་ལ་ཚོགས་རྒྱལ་རྣམས་ཀྱི་མཚན་རྟགས་མུ་མཐུད་གནང་རྒྱུ་ཡིན་ཞིང་ཨོས་ཀྲེ་ལི་ཡས་རྒྱ་གར་གྱིས་གྲོས་མཐུན་དེར་མཉམ་ཞུགས་གནང་བ་ན་ཨར་སི་ཨི་པི་ནུས་ཤུགས་ཆེ་རུ་འགྲོ་བ་བརྗོད་འདུག། ཨེ་སི་ཨན་རྒྱལ་ཁབ་བཅུ་དང་དེ་ཡི་ཟླ་རོགས་རྒྱལ་ཁབ་དྲུག་ལ་ཨར་སི་ཨི་པི་རྒྱ་ནག་གིས་དབང་སྒྱུར་བྱེད་པའི་མངོན་མེད་དུ་སྡོད་པའི་ཞེ་སྣང་ཡོད་འདུག། ཨ་རི་དང་རྒྱ་ནག་གཉིས་བར་གྱོ་ཚོང་འབྲེལ་དམག་འཁྲུག་རྐྱེན་པས་རྒྱ་ནག་གིས་ཨར་སི་ཨི་པི་གྲོས་མཐུན་ལས་ཁེ་ཕན་ཤུགས་ཆེ་ལོན་པའི་སེམས་འཚབ་ཡོད་འདུག་གོ།

དཔལ་འབྱོད་དུས་བབས་ཚགས་ཤོག་གི་གླེང་བརྗོད་སྔ་དུས་སྒྱུ་རྩལ་སྦྱོང་བསྡར་དུ་སྙན་ཐོ་ཞིག་གི་གཞིར་བཟུང་ཕྱི་ལོ་༢༠༠༨- ༢༠༡༨ བར་རྒྱ་གར་དུ་བཟོ་ལས་ཞབས་ཞུ་ཁང་གསར་འཛུགས་ལྡབ་བཅུ་འཕར་སྟེ་སྟོང་ཕྲག་༥༠༠༠༠ རུ་སླེབས་ཡོད། ཕྱི་ལོ་༢༠༡༨ ཁོ་ནར་བཟོ་ཚོང་ཞབས་ཞུ་ཁང་གསར་པ་༡༢༠༠ གསར་འཛུགས་བྱུང་འདུག། དེ་ཡིས་ཀམ་པ་ནི་༡༢༠༠ རང་རེའི་དྲ་ལྗོངས་བཟོས་པ་དང་སྟངས་འཛིན་ཚེད་་དྲ་རྒྱ་ཁས་ལས་པ་༡༢༠༠ དགོད་ཡོད། འཕེལ་ཕྱོགས་དེ་ཡིས་གློག་ལས་དང་འབྲེལ་ཁས་ལས་པའི་དགོས་མཁོ་འཕེལ་ཡང་ཤེས་ཡོན་ལམ་ལུགས་ཀྱིས་དངོས་ཡོད་གནས་སྟངས་དེར་ངོས་ལེན་གནང་བ་བརྗོད་འདུག། དབུས་བུད་མེདདང་ཕྲུ་གུ་གོང་འཕེལ་བློན་ཆེན་མཚོག་གིས་ལག་རྩལ་སྦྱོང་བསྡར་ལོ་ན་ཆུང་དུས་ལོ་བཅུ་དད་བཅུ་གཉིས་བར་ནས་སྤྲོད་དགོས་པའི་གཏཀ་བཤད་གནང་འདུག།ལྕམ་ཨི་ར་ནི་མཆོག གིས་དབུས་གཞུང་དང་འབྲེལ་བའི་རྒྱ་གར་གྱི་ན་གཞོན་ལག་རྩལ་སྦྱོང་བསྡར་སྤྲོད་པའི་ལས་འགུལ་དུ་ལྕམ་ཨི་ར་ནི་མཆོག་གིས་བུད་མེད་ཚོས་ཉེར་སྤྱོད་མཁན་ལས་འཕྲུལ་ཆས་བཟོ་ལས་སུ་འགྱུར་དགོས་པ་བརྗོད་འདུག། སྒེར་པའི་གྲོས་འདྲི་ཚོང་ལས་ཁང་ཞིགབགི་སྙན་ཐོར་ཕྱི་ལོ་༢༠༠༥ ལོའི་བུད་མེད་ཀྱིས་ངལ་རྩོལ་དུ་ཞུགས་པའི་བརྒྱ་ཆ་༣༦.༧ ནས་ཕྱི་ལོ་༢༠༡༨ ལོར་བརྒྱ་ཆ་༢༦རུ་ཆག་ཡོད་པ་བརྗོད་འདུག།