ཨི་རན་གྱི་ངོ་རྒོལ་གྱིས་གལྥ་ངོས་སུ་གཡོ་འགུལ་སློང་བ།

མ་ཟིན། འབུམ་རམ་པ་ཨ་སིཕ་ཤུ་ཇཱ། ཨི་རན་སྲིད་དོན་ཉམས་ཞིབ་པ།

ཟླ་བ་སྔོན་མ་ཨི་རན་གཞུང་གིས་པེ་ཊོལ་ཐོབ་ཆ་གསོག་ཉར་གྱིས་སྟེ་རང་རྒྱལ་གྱི་མོ་སེར་དབུལ་ཕོངས་ཉམ་ཐག་ལ་རོགས་སྐྱོར་ཕྱིར་དངུལ་འཕར་མ་ཟུར་ཉར་གནང་རྒྱུ་གསལ་བསྒྲགས་གནང་ཡོད། རྡོ་སྣུམ་ཕྱུག་པའི་ཨི་རན་གཞུང་གི་གློ་བུར་གསལ་བསྒྲགས་དེས་རྡོ་སྣུམ་གོང་ཚད་ཇ་ཆེར་སོང་ཞིང་དེ་ཡི་ཁ་གཏད་དུ་མང་ཚོགས་ཀྱིས་ངོ་རྒོལ་རྒྱག་སྟེ་རིམ་བཞིན་གྲོང་ཁྱེར་ཆེ་ཁག་ཏུ་འཕེལ་ནས་སྲིད་དོན་དུས་ཟིང་དུ་བསྒྱུར་ནས་སྲིད་གཞུང་གི་སྲ་བརྟན་འགོག་རྐྱེན་ཆེན་པོ་བཟོས་བཞིན་ཡོད་འདུག།

ཨི་རན་གཞུང་གིས་ལྷིང་འཇགས་མེད་པ་དེ་རྒྱང་འབུད་བཏང་བའི་ཁ་གཏད་ཚོགས་པ་དང་ཕྱི་རྒྱལ་དགྲ་བོ་ལ་སྐྱོན་འཛུགས་བྱས་སྟེ་ཡ་ལན་ཐག་ཆོད་ངེས་སྤྲོད་པ་བརྗོད་འདུག། ཨི་རན་གཞུང་གི་ཁ་གཏད་དུ་ངོ་རྒོལ་སྒེར་ལངས་ཁྱབ་གདལ་འགོག་པར་ཨི་རན་དུ་དྲ་རྒྱའི་མཐུན་རྐྱེན་ཆ་ཚང་མཚམས་འཇོག་བྱས་ཡོད་འདུག། ཨི་རན་སྒེར་ལངས་ཉེན་སྲུང་དཔུང་ཚོགས་ IRGC ཀྱི་དམག་སྤྱིས་ཨི་རན་དུ་ཟིང་འཁྲུག་བརྒྱུད་དགྲ་བོ་རྣམས་ཀྱིས་ཁ་མཆེ་སྤྱི་མཐུན་རྒྱལ་ཁབ་ཀྱི་འཚོ་གནས་ཉེན་ཁར་འཇུག་རྒྱུ་ཡིན་པའི་དམིགས་ཡུལ་འགྲེལ་བརྗོད་གནང་འདུག།

དེ་ལྟར་ཡང་ཨི་རན་གཞུང་གིས་ཟིང་འཁྲུག་སྐབས་མི་སྲོག་ཤོར་བའི་ཐོ་གཞུང་གཞུང་འབྲེལ་གསལ་བསྒྲགས་གནང་མེད་ཡང་ཨེམ་ནེས་ཊི་ཨིན་ཊར་ནེ་ཤེ་ནལ་གྱིས་ངོ་རྒོལ་ཟིང་འཁྲུག་སྐབས་མི་སྲོག་ཤོར་བའི་གྲངས་འབོར་ཉུང་ཐར་མི་༢༠༨ ཡིན་པ་ཡིག་ཆར་འགོད་པ་བརྗོད་འདུག། གནད་ཚུལ་ཐོན་པ་གཞིགས་ད་ལྟའི་ཨི་རན་དུ་ངོ་རྒོལ་ཟིང་འཁྲུག་གི་གནས་དུས་སྐབས་མི་༢༠༠༠ ཙམ་སྨད་སྐྱོན་བྱུང་བ་དང་གཞན་ ཨི་རན་ཉེན་སྲུང་དམག་དཔུང་གིས་མི་༧༠༠༠ ཙམ་བཙན་བཟུང་བྱས་ཡོད་པ་བཀོད་འདུག།

གྲངས་འདྲེན་མ་སྤྲོད་མའི་ཐོག་ཨི་རན་གསར་འགོད་ཁང་གིས་ཉེན་སྲུང་དམག་དཔུང་གིས་ངོ་རྒོལ་བ་གསོད་པའི་ངོས་ལེན་བྱེད་དེ་དམག་མི་རྣམས་ལ་མཚོན་ལྡན་འཇིག་སྐོུ་དྲག་སྤྱོད་པར་ཐ་སྙད་འདོགས་འདུག། ད་དུང་ཨི་རན་གསང་མྱུལ་ལྷན་ཁང་གིས་ངོ་རྒོལ་ཟིང་འཁྲུག་སྐབས་མི་ཉུང་ཐར་བརྒྱད་ཙམ་ཨ་རིའི་སི་ཨའི་ཨེ་དང་འབྲེལ་བ་ཡོད་བ་འཛིན་བཟུང་བྱས་ཡོད་པ་བརྗོད་འདུག། གཟའ་འཁོར་གཉིས་ལྷག་དྲག་སྤྱོད་ཟིང་འཁྲུག་རྗེས་གཟའ་འཁོར་འདིར་ཨི་རན་སྲིད་འཛིན་ཧ་སན་རུ་ཧ་ནི་མཆོག་གིས་བརྙན་འཕྲིན་གཏམ་བཤད་དུ་མཚོན་མེད་དང་ནག་ཉེས་བྲལ་བའི་བཙན་བཟུང་བྱས་པའི་མི་རྣམས་གློད་གྲོས་གཏོང་བར་འབོད་འདུག། ཨི་རན་གྱི་ཟིང་འཁྲུང་དེ་ནི་ཨ་རིས་དམ་བསྒྲགས་བཀའ་ཆད་ཤུགས་ཆེ་གཏོང་ཡོད་འདུག། ཨ་རིའི་དམ་བསྒྲགའ་བཀའ་ཆད་དེ་ནི་སྔར་ལོ་ཨ་རིས་ཨི་རན་དང་རྒྱལ་ཁབ་དྲུག་ལྷན་དུ་འཇོག་པའི་ཨི་རན་རྡུལ་ཕྲན་མཚོན་ཆའི་གྲོས་མཐུན་ལས་ཕྱིར་འཐེན་གནང་རྗེས་གཏོང་འདུག།

ཨ་རིའི་དམ་བསྒྲགས་བཀའ་ཆད་རྗེས་ཨི་རན་ལ་རྡོ་སྣུམ་དང་འབར་རླངས་རྡོ་སོལ་ཕྱི་ཚོང་བྱེད་པར་འགོག་རྐྱེན་ཆེན་པོ་བཟོས་པའི་ཨི་རན་གྱི་སྣུམ་བརྟེན་དཔལ་འབྱོར་དུ་གྱོང་གུད་ཆེན་པོ་ནཟོས་བཞིན་ཡོད་འདུག།

གནས་སྟངས་དེའི་རྐྱེན་པའི་ཨ་རིའི་དམ་བསྒྲགས་བཀའ་ཆད་རྣམས་ཨི་རན་མང་ཚོགས་ཀྱི་ཉིན་རེའི་བྱེད་སྒོ་ལ་ཁྱད་པར་བཟོས་པ་དང་དཔལ་འབྱོརདཀའ་སྡུག་ལ་བཟེ་རེ་ཅན་དུ་བསྒྱུར་ཡོད། རྒྱུ་མཚན་དེའི་རྐྱེན་པའི་ཨི་རན་སྲིད་གཞུང་ལ་མང་ཚོགས་ཀྱི་དཔལ་འབྱོར་དཀའ་རྙོག་གི་འགན་འཁུར་ནག་ཉེས་ཆ་ཚང་ཕྱི་རྒྱལ་དགྲ་བོ་རྣམས་ལ་ཁག་དཀྲི་སླ་བ་ཡོད།

ད་ལྟའི་ངོ་རྒོལ་ཟིང་འཁྲུང་དེ་རྡོ་སྣུམ་གོང་ཚད་འཕར་བས་རྐྱེན་སློང་བྱས་ཡང་རྒྱུ་རྐྱེན་ངོ་མ་ནི་དུས་ཡུན་རིང་པོ་ནས་ཨ་རིའི་ཁ་གཏད་དུ་རྩོད་རྙོག་ཡིན་འདུག། ཨི་རན་གྱིས་གལ་ཏེ་ཨ་རིས་ད་ལྟ་ལག་བསྟར་གནང་བཞིན་པའི་དམ་བསྒྲགས་བཀའ་བཅད་རྣམས་ཡར་འདེགས་བྱེད་པ་ན་ཨ་རིའི་ལྷན་དུ་གྲོས་འགྲིག་གནང་བར་འདོད་པ་བརྗོད་ཡོད་ཡང་ཨ་རིས་ཨི་རན་གྱིས་རྡུལ་ཕྲན་མཚོན་ཆ་བཟོ་བསྐྲུན་གྱི་ལས་གཞི་ཇེ་ཆུང་དུ་བཏང་བ། འཕུར་འདེལ་ལས་གཞི་མཚམས་འཇོག་དང་མངའ་ཁུལ་ཆབ་སྲིད་ལས་འགུལ་ལ་བཀག་སྡོམ་མ་བཞག་བར་དམ་བསྒྲགས་བཀའ་ཆད་མུ་མཐུད་གནས་པ་བརྗོད་ཡོད། གནས་སྟངས་དེ་རྐྱེན་པའི་ཨི་རན་དང་ཨ་རི་གཉིས་བར་རང་འགགས་སུ་འགྱུར་སྟེ་པར་ཤིན་གལྥ་ཡི་ཞི་བདེ་དང་སྲ་བརྟན་ལ་གནོད་སྐྱོན་ཅན་དུ་བསྒྱུར་ཡོད།

ཡིན་ནའང་སྲ་བརྟན་མེད་པའི་ཨི་རན་ནི་རྒྱལ་ཁབ་སུ་འདྲ་ལའང་ཁས་ཕན་མེད་པ་ཞིག་ཡིན། ཨི་རན་གྱི་གྲགས་ཉུང་མི་རགས་ཀྱི་མངའ་སྡེ་ཁུ་ཛེས་ཐན། སིས་ཏན་དང་བྷ་ལུ་ཅིས་ཐན། ཀུར་དྷིས་ཐན་བཅས་སུ་ང་རྒོལ་དྲག་གནོན་གྱིས་དྲག་སྤྱོད་ཀྱི་ལམ་དུ་འཇུག་པའི་ཉེན་ཁ་ཡོད་འདུག། ད་དུང་ཨི་རན་གྱི་གླས་དམག་གིས་རང་རེའི་ནུས་ཤུགས་ནང་དང་ཕྱིའི་ཁ་གཏད་ལ་སྟོན་པར་སྔར་མ་བྱུང་བའི་ངོ་རྒོལ་བར་དྲག་གནོན་ཤུགས་ཆེ་བཏང་སྲིད་པ་ཚང་མས་སེམས་འཚབ་བྱེད་བཞིན་ཡོད། ཨི་རན་དུ་ཟིང་འཁྲུག་གམ་གལྥ་ངོས་འུ་རྩོད་རྙོག་ནི་རྒྱ་གར་ལ་མི་དགོས་པ་ཞིག་ཡིན། རྒྱ་གར་དང་གལྥ་རྒྱལ་ཁབ་གཙོ་ཨི་རན་ལྷན་དུ་འབྲེལ་ལམ་ལེགས་པོ་ཡོད་ཞིང་རྒྱ་གར་གྱི་སྣུམ་འབྱུང་ཁུངས་་གཙོ་ཤིག་ཆག་ཡོད། རྒྱ་གར་གྱིས་ཨི་རན་དུ་ཅ་བྷ་ཧར་གྲུ་ཚུགས་གསར་འཛུགས་གནང་བཞིན་ཡོད་པས་མངའ་སྡེར་དེར་མ་ཟད་ཟིང་འཁྲུང་གིས་རྒྱ་གར་གྱི་མ་འཛུགས་ལ་ཐོན་སྐྱེད་སློག་པར་བསྒྱུར་ཉེན་ཡོད་དོ།