06.12.2019

རྒྱ་གར་གྱི་གསར་འགྱུར་གྱི་དཔྱད་ཞིབ།

མ་ཟིན། པ་ཌམ་སིང། རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་གི་གསར་འགྱུར་དཔྱད་ཞིབ་པ།

རྒྱ་གར་གྱི་ཉིན་རེའི་ཚགས་ཤོག་ཁག་གིས་རྒྱ་གར་གཞུང་གི་དངུལ་ཁག་ཨ་མའི་དངུལ་གྱི་སྲིད་བྱུས་སུ་ཁེ་ཕན་རེཊ་མུ་མཐུད་ཉར་པར་འགྲེལ་བརྗོད་གནང་འདུག། ཉིན་རེའི་ཚགས་ཤོག་ཁག་གིས་ཉེ་བའི་ལོ་རྒྱུས་ནང་དྲག་སྤྱོད་མང་ཤོས་ཀྱི་དུས་ཡུན་དུ་ཨཕ་གྷ་ནིས་ཐན་མང་ཚོགས་ཀྱིས་སྲིད་འཛིན་འོས་འདེམས་གནད་བར་བསམ་ཚུལ་བརྗོད་འདུག། དབུས་གཞུང་གིས་ས་གནས་བཟོ་སྐྲུན་བྱས་པའི་ ཨེ་པི་ཨའི་བདེ་སྤྱོད་བྱེད་པའི་སྨན་རྫས་རིན་ཚད་སྟངས་འཛིན་ལས་མེད་པར་བཟོས་པ་ཚགས ཤོག་ཁག་གིས་བསྔགས་བརྗོད་གནང་འདུག།

ཧིན་རྡུ་ཚགས་ཤོག་གི་གླེང་བརྗོད་སྲིད་དོན་དབུགས་མཚམས་འཇོག་རུ་མ་དངུང་ཁང་དུ་དངུལ་འཇོག་ཁེ་ཕན་རེཊ་མུ་མཐུད་ཐེངས་ལྔ་སྤར་རྗེས་ RBI ཡིས་དབུགས་མཚམས་ལེན་སྟེ་ཟླ་བཅུ་གཉིས་པའི་སྲིད་བྱུས་གསལ་བསྒྲགས་སུ་རེཊ་སྤོར་སྔར་གནས་བཞིན་བཞག་འདུག།

མ་དངུལ་སྲིད་བྱུས་ལྷན་ཚོགས་ MPC ཡིས་ད་ལན་གྱི་རེཊ་སྤོར་མཚམས་འཇོག་ནི་ད་ལྟའི་དཔལ་འབྱོར་གནས་སྟངས་ལ་དམིགས་སྟེ་མུ་མཐུད་གནས་རྒྱུ་ཡིན་བཛས་བརྗོད་འདུག། རྒྱ་གར་དངུལ་ཁང་ཨ་མས་ RBI ད་ལན་གྱི་མ་དངུལ་བྱུས་གསལ་བསྒྲགས་ཀྱིས་ཁྲོམ་རྭར་ཧ་ལས་ཀྱི་གནས་སྟངས་སྦྱིན་ཞིང་དཔལ་འབྱོར་འཕེལ་རྒྱས་ནི་དམིགས་ཡུལ་གཙོ་ཡིན་པ་བརྡ་མཚོན་སྟོན་འདུག།

རྒྱ་གར་གྱི་དུས་བབས་ཚགས་ཤོག་གི་གླེད་བརྗོད་ཨིས་ལཱ་མ་བྷཏ་ཅི་བྱ་གཏོལ་མེད་དུ་སྲིད་བློན་ཨིམ་རཱན་ཁན་གྱིས་རེ་སྒུག་བཞིན་མཉམ་སྦྲེལ་རྒྱལ་ཚོགས་ཚོགས་ཆེན་དུ་རེང་རེའི་གཏམ་བཤད་གོ་སྐབས་སུ་རྒྱ་གར་གྱི་ཁ་གཏད་དུ་དམའ་འབེབ་ཀྱི་གཏམ་བཤད་རྩུབ་པོ་གནང་ཡང་སྲིད་བློན་མོ་དྷི་མཆོག་གིས་ཡ་ལན་མ་བྱས་པ་ལེགས་པོ་གནང་ཡོད། སྐུ་ཞབས་མོ་དྷི་མཆོག་གིས་རང་རེའི་གཏམ་བཤད་དུ་པ་ཀིས་ཐན་གྱི་མིང་འདོན་ཐེངས་གཅིག་ཡང་མ་གནང་བར་འཇིག་སྐུལ་དྲག་སྤྱོད་ཀྱི་རྒྱུ་མེད་པ་བཟོས་པའི་རྒྱ་ཁྱབ་རེ་སྐུལ་གནང་སྟེ་གནམ་གཤིས་འགྱུར་ལྡོག། བསྐྱར་གསོ་ཐིབ་པའི་ནུས་ཤུགས་དང་དབུལ་ཕོངས་ཉམས་ཐག་རྩ་མེད་ཀྱི་གནད་དོན་ཐད་དོ་སྣང་གནང་འདུག། སྐུ་ཞབས་ཁན་མཆོག་ཀཤ་མིར་ཁ་མཆེ་དང་ཨུ་གྱུར་ཁ་མཆེ་གནད་དོན་ཐད་རྫུ་བག་ཅན་དགོས་དོན་ཕིགས་སྨྲའི་གཏམ་བཤད་དུ་རྒྱལ་སྤྱིའི་ངོས་ལེན་རྒྱན་སྐྱོར་ཐོབ་དཀའ་བ་བྱུང་ཡོད་པ་སྲིད་བློན་རང་གི་དོ་སྣང་བྱུང་ཡོད། པ་ཀིས་ཐན་བྱ་ཐབས་བྲལ་བའི་ཐབས་ལས་རྒྱཀ་བར་རྒྱ་གར་དུ་ཞེན་ལོག་གི་བསམ་ཕྱོགས་བསྐྱར་ཞིབ་གནང་དགོས་པ་ཡིན།འཕེལ་རྒྱས་འགྲོ་བཞིན་པའི་རྒྱ་གར་ལྷན་དུ་འདེགས་འཇའི་ཕན་རླུབས་ཡོད་པ་ལས་གནད་དོན་ཆ་ཚང་ཐད་བྱུང་མི་སྲིད་པའི་རྒྱ་གར་དང་འདྲ་མཉམ་གྱི་ཐབས་བྱུས་ཀྱིས་གྱོང་གུན་ཆེན་པོ་ཡོད།